རང་ཁུལ་གྱིས་དུས་ཚིགས་དང་པོའི་ལས་ཞུགས་བྱ་བར་གྲུབ་འབྲས་བཟང་བོ་བླངས།
ད་ལོའི་དུས་ཚིགས་དང་པོར། རང་ཁུལ་གྱིས་ཞིང་ཆེན་དང་ཁུལ་གྱི་ལས་ཞུགས་བརྟན་པོ་དང་ཡོང་སྒོ་འཕར་སྣོན་ཡོང་བར་སྐུལ་འདེད་བྱེད་པའི་ཐབས་ཇུས་བཀོད་སྒྲིག་དང་དམ་པོར་སྦྲེལ་ཏེ། གཙོ་གནད་ཚོགས་སྤྱིར་དམིགས་པ་དང་ཞབས་ཞུའི་བྱེད་ཐབས་གསར་གཏོད་བྱས་ནས། ལས་ཞུགས་བྱ་བར་གྲུབ་འབྲས་གཡུར་དུ་ཟ་བ་བླངས།
ཁུལ་ལས་ཞུགས་ཞབས་ཞུ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་དུས་ཚིགས་དང་པོར་རང་ཁུལ་གྱི་གྲོང་ཁྱེར་དང་གྲོང་བརྡལ་དུ་ལས་ཞུགས་མི་གྲངས905གསར་སྣོན་བྱུང་པ་དང་། རོང་འབྲོག་ཁུལ་གྱི་ངལ་ནུས་གཞན་སྒྱུར་ལས་ཞུགས་མི་ཐེངས19182ལ་སླེབས་ཡོད། ད་ལོའི་ལས་ཞུགས་མ་ཐུབ་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་ལས་ཞུགས་རོགས་སྐྱོར་བྱེད་ཚད95.37%ཟིན་ཏེ། མི་དང་ལས་གནས་གནད་འཁེལ་འབྲེལ་མཐུད་ཐུབ་པར་བྱས། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ལས་ཞུགས་སྐུལ་སྤེལ་དང་ངལ་རྩོལ་སྲུང་སྐྱོང་གི་གྲོས་རིམ་མཐུན་སྦྱོར་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་ནུས་མི་ཁྲི6.05དང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་མི་ཁྲི8619ཡི་ལས་ཞུགས་རེ་འདུན་ཕྱོགས་ཡོངས་ནས་བསྡུ་རུབ་བྱས་ཏེ། ཞིང་ཆེན་ཕྱི་ནང་གི་ཁེ་ལས261དང་འབྲེལ་མཐུད་བྱས་ནས་མི་སྤྱོད་དགོས་མཁོ6241གི་ལས་རྐང་ཁ་གསལ་བཟོས། སྡེ་ཁག་མང་པོ་མཉམ་འབྲེལ་སྒོས་ཁེ་ལས160ཡི་ལས་རྐང་རྒྱ་སྐྱེད་པའི་རྟོག་ཞིབ་བྱ་འགུལ་སྤེལ་བ་དང་། སྲིད་ཇུས་དྲིལ་སྒྲོག་ཆ་མི་ཚང་བ་དང་ཤེས་ལྡན་མི་སྣ་དཀོན་པ་སོགས་ཀྱི་གནད་དོན་འབུར་ཐོན་ཅན7བཏོན་པ་མ་ཟད། གཏན་འཁེལ་རང་བཞིན་གྱི་ཐབས་ཇུས་དྲུག་བཏོན་ཏེ། སྲིད་ཇུས་དོན་འཁྱོལ་གནད་ལ་འཁེལ་བར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་འདོན་སྤྲོད་བྱས། དུས་མཚུངས་སུ་ལས་ཞུགས་ངལ་རྩོལ་གྱི་ཆེད་དོན་དོ་དམ་པ་མངག་གཏོང་ལམ་ལུགས་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། དུས་ཚིགས་དང་པོར་ཆེད་ལས་དོ་དམ་པ560བསྡུས་པ་དང་། ལོ་ཧྲིལ་པོར་ཆེད་ལས་དོ་དམ་པ210བདམས་ནས་སྤྱིའི་འགྲོ་གྲོན་སྒོར་ཁྲི300ཡན་ཟིན་པའི་ལས་གཞི300རུ་བཅའ་སྡོད་བྱེད་དུ་འཇུག་པའི་འཆར་གཞི་ཡོད་ལ། ས་ཁུལ་བཞིའི་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་དྲ་སྦྲེལ་ཚོང་གཉེར་པ་དང་དྲ་ཐོག་ཚོང་དོན་པ་སོགས་ལས་རིགས25ཡི་རྩལ་ནུས་གསོ་སྦྱོང་བྱ་འགུལ་སྤེལ་ཏེ། ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་འགྲན་རྩོད་ནུས་པ་ཆེ་རུ་བཏང་བ་དང་། རྒྱ་ལོ་བཅོ་ལྔའི་ཆེད་དོན་ལས་མི་བསྡུ་བའི་བྱ་འགུལ་ལས་མཚོ་སྔོན་སློབ་ཆེན་དུ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་ཅུའུ་ཀྲང་སློབ་རར་བསྐྱོད་པ་ཞེས་པའི་བྱ་འགུལ་སྤེལ་ཏེ། ཚགས་དམ་པའི་སྤྱི་བའི་ལས་ཞུགས་ཞབས་ཞུའི་བྱ་འགུལ་བརྒྱུད་དེ། ལས་མི་དང་ལས་གནས་འབྲེལ་མཐུད་བྱེད་པའི་བྱ་བར་སྐུལ་འདེད་ནུས་ལྡན་བྱས་ནས་ལས་ཞུགས་བརྟན་པོ་དང་ཡོང་སྒོ་འཕར་སྣོན་ཡོང་བའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པ་རེད།