མཚོ་སྔོན་པོའི་གསེར་ཉ་ཐོན་ཁུངས་ཀྱི་གྲངས་འབོར་ཏུན་ཁྲི13.3བར་འཕར་སྣོན་བྱུང་བ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དོ་དམ་ཅུས་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་པོ་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་ནས་ཤེས་ཆེད། མཚོ་སྔོན་པོའི་གསེར་ཉ་རོགས་སྐྱོབ་ལྟེ་གནས་ཀྱིས2025ལོར་མཚོ་སྔོན་པོ་འབབ་རྒྱུད་ཀྱི་ཆུ་སྐྱེས་སྐྱེ་དངོས་ཀྱི་གཞི་རྩའི་བརྟག་དཔྱད་ལས་དོན་སྤེལ་ནས།《མཚོ་སྔོན་པོའི་འབབ་རྒྱུད་ཀྱི་ཆུ་སྐྱེས་སྐྱེ་དངོས་བརྟག་དཔྱད་སྙན་ཞུ》གྲུབ་པ་རེད། བརྟག་དཔྱད་མཇུག་འབྲས་ལྟར་ན། 2025ལོར་མཚོ་སྔོན་པོའི་གསེར་ཉ་ཐོན་ཁུངས་ཀྱི་བསྡོམས་འབོར་ཏུན་ཁྲི13.30ལ་སླེབས་པ་དང་། ཆ་སྙོམས་རྐྱང་ཕུང་གི་ལྗིད་ཚད་ཁེ250ལ་སླེབས་ཡོད་པས། ཐོན་ཁུངས་སྤྱི་འབོར་བསྟུར་མར་བརྟན་པོའི་ངང་འཕར་སྣོན་བྱུང་སྟེ། རིགས་ཁྱུའི་གྲངས་འབོར་སྤྱིའི་ཆ་ནས་འཕར་བའི་རྣམ་པ་མངོན་ཡོད།

པར་འདི་ནི་མཚོ་སྔོན་པོའི་གསེར་ཉ་རེད།
མཚོ་སྔོན་པོའི་གནད་འགག་དངོས་རིགས་ཡིན་པའི་ཆ་ནས། གསེར་ཉ་ནི་མཚོ་སྔོན་པོའི་རྩྭ་ཆུ་མཚེའུ། ཉ་བྱ་གཅན་གཟན་བཅས་ཀྱི་སྐྱེ་ཁམས་ཕྲེང་འབྲེལ་གྱི་གནད་འགག་ཡིན། ལོ་མང་པོའི་རིང་དུས་ཡུན་རིང་པོའི་མཚོ་བསྡམས་ཉ་གསོ་དང་། མི་ཐབས་སྐྱེ་འཕེལ་ཆུར་སྐུར། སྐྱེ་ཁམས་ཉམས་གསོ། ཚན་རྩལ་འདེགས་སྐྱོར། ཁྲིམས་བསྟར་གཟབ་ནན་སོགས་ཕྱོགས་བསྡུས་སྲུང་སྐྱོབ་བྱ་ཐབས་སྤྱད་པས། གསེར་ཉ་ཡི་གྲངས་འབོར་རྒྱུན་མཐུད་ངང་ཇེ་མང་དུ་གྱུར་པ་དང་། སྲུང་སྐྱོབ་རིམ་པ་སྟོངས་ཉེ་རིམ་པ་ནས་ཉེན་སླ་བའི་རིམ་པར་མར་ཆག་ཡོད།

པར་འདི་ནི་མཚོ་སྔོན་པོའི་གསེར་ཉ་རེད།
རྒྱུས་ལོན་པ་ལྟར་ན། 2020ལོར་མཚོ་སྔོན་པོའི་གསེར་ཉ་ཐོན་ཁུངས་ཏུན་ཁྲི10.04ལ་སླེབས་ཡོད། 2025ལོར་ཏུན་ཁྲི13.30ལ་སླེབས་པ་དང་། བསྡོམས་པས་ཏུན་ཁྲི3.26འཕར་ནས། འཕར་ཚད32.5%ལ་སླེབས་ཡོད། 2002ལོ་ནས2025ལོའི་བར། མཚོ་སྔོན་པོའི་གསེར་ཉ་ཐོན་ཁུངས་ཀྱི་གྲངས་འབོར་ཏུན་ཁྲི0.26ནས་ཏུན་ཁྲི13.30བར་འཕར་ནས། ལྡབ50ལྷག་འཕར་བ་དང་། རིགས་ཁྱུའི་གྲངས་འབོར་དང་ཁེར་རྐྱང་གི་ཚད་གཞི་དུས་མཉམ་དུ་ཇེ་མཐོར་སོང་ཡོད།“ཆུ་དང་རྩྭ། ཉ། བྱ་དང་། གཅན་གཟན”བཅས་ཀྱི་མཉམ་གནས་ཀྱི་སྐྱེ་ཁམས་ཕྲེང་འབྲེལ་རྒྱུན་མཐུད་ངང་ཇེ་ལེགས་སུ་གྱུར་ནས། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕན་འབྲས་ཧ་ཅང་མངོན་གསལ་ཡིན་པ་རེད། །