སློབ་གསོ་པུའུ་ཡིས་ཡིག་ཆ་ཁྱབ་བསྒྲགས་བྱས་ཏེ་གཞོན་ནུ་ལོ་ཆུང་གི་དཔེ་ཀློག་བྱང་ཚད་ཇེ་མཐོར་བཏང་བ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ4པའི་ཚེས17ཉིན་སློབ་གསོ་པུའུ་ནས་རྒྱུས་ལོན་པ་ལྟར་ན། སློབ་གསོ་པུའུ་ཡིས《ཀྲུང་གོའི་གཞོན་ནུ་ལོ་ཆུང་གི་དཔེ་ཀློག་བྱང་ཚད་སྒྲོམ་གཞིའི》སློབ་གསོ་ལས་རིགས་ཀྱི་ཚད་གཞི་ཁྱབ་བསྒྲགས་བྱས་ནས། སློབ་མཚམས་མི་འདྲ་བ་དང་དཔེ་ཀློག་ཆུ་ཚད་མི་འདྲ་བའི་གཞོན་ནུ་ལོ་ཆུང་ལ་འཚར་ལོངས་ཀྱི་ཐབས་ལམ་གསལ་པོ་མཁོ་འདོན་བྱས་ཏེ། གཞོན་ནུ་ལོ་ཆུང་གི་དཔེ་ཀློག་བྱང་ཚད་འཕེལ་རྒྱས་ཀྱི་རྒྱུན་མཐུད་རང་བཞིན་དང་། རིམ་འཕར་རང་བཞིན། འཚམ་མཐུན་རང་བཞིན་བཅས་ཆེ་རུ་གཏོང་བར་རོགས་རམ་བྱས།
ངོ་སྤྲོད་བྱས་པ་ལྟར་ན། ཚད་གཞི་དེ་རང་རྒྱལ་གྱི་གཞོན་ནུ་ལོ་ཆུང་གི་དཔེ་ཀློག་བྱང་ཚད་འཕེལ་རྒྱས་ཀྱི་དངོས་ཡོད་ལ་གཞི་ཚུགས་ནས། "ཤེས་བྱ་དང་། ནུས་པ། རིན་ཐང"བཅས་རྩ་གསུམ་དཔེ་ཀློག་བྱང་ཚད་ཀྱི་དཔེ་དབྱིབས་གསར་བཟོ་བྱས་པ་དང་། "དུས་རིམ་བཞི་དང་སྐས་རིམ་བཅུ་གཉིས"ཀྱི་དཔེ་ཀློག་བྱང་ཚད་འཕེལ་རྒྱས་ཀྱི་སྒྲོམ་གཞི་བཏོད་པ། "ཚོད་སྐོར་དང་། ལྡོག་སྐྱེལ། རིམ་སྤོར"བཅས་ཀྱི་དཔེ་ཀློག་སློབ་གསོའི་གདུབ་ཟུམ་གཏོད་པ། གཞོན་ནུ་ལོ་ཆུང་གིས་ཡང་དག་པའི་རིན་ཐང་འདྲེན་ཕྱོགས་འཛུགས་པར་ཁྲིད་སྟོན་བྱེད་པ་དང་། ཚན་རིག་དང་མཐུན་པའི་དཔེ་ཀློག་བྱ་ཐབས་ཁོང་དུ་ཆུད་པ། དཔེ་ཀློག་གི་གོམས་གཤིས་བཟང་པོ་ཆགས་པ་བཅས་བྱས་ཏེ། བདེ་ཐང་ལ་བརྩི་བཀུར་བྱེད་པའི་དཔེ་ཀློག་གི་དར་སྲོལ་བཏོན་ནས། དཔེ་ཀློག་གི་གྲུབ་འབྲས་དེ་རྩོམ་རིག་གསར་རྩོམ་དང་། སྒྱུ་རྩལ་གསར་གཏོད། ཚན་རིག་གསར་གཏོད་སོགས་སྣ་མང་ལག་ལེན་གྱི་རྣམ་པར་འགྱུར་བར་སྐུལ་འདེད་གཏོང་རྒྱུ་རེད།
སྤྱད་འཐུས་ཁྱབ་ཁོངས་ཐད། ཚད་གཞི་དེས་དཔེ་ཀློག་སློབ་ཚན་འཛུགས་སྐྲུན་དང་། དཔེ་ཀློག་བྱང་ཚད་གདེང་འཇོག དགེ་རྒན་གྱི་དཔེ་ཀློག་མཛུབ་ཁྲིད། སྐས་རིམ་ཀློག་དེབ་དཔེ་སྐྲུན། དེ་མིན་སློབ་གྲྭ་དང་ཁྱིམ་ཚང་།སྤྱི་ཚོགས་ཀྱིས་མཉམ་དུ་མི་སྣ་གསོ་སྐྱོང་བྱེད་པ་སོགས་ལ་ཞབས་འདེགས་ཞུས་ནས། མི་རྩ་བར་འཛིན་པའི་དཔེ་ཀློག་ཁོར་ཡུག་མཉམ་དུ་བསྐྲུན་པར་དངོས་སྤྱོད་གོ་ཆོད་པོའི་མཛུབ་ཁྲིད་མཁོ་འདོན་བྱ་རྒྱུ་རེད། །