ཞིང་ཆེན་ནང་ཁུལ། 详情

ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་སློབ་ཆེན་དང་ཞིང་ཆེན་ཁྲལ་དོན་ཅུས། ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུས་བཅས་སུ་རྟོག་ཞིབ་གནང་བ།

ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་སློབ་ཆེན་དང་ཞིང་ཆེན་ཁྲལ་དོན་ཅུས། ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུས་བཅས་སུ་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། གཞི་གྲངས་རྒྱུ་རྐྱེན་གྱི་རིན་ཐང་གང་ལེགས་སྒོས་མངོན་པར་བྱེད་པ་བཅས་བྱས་ཏེ་ཚན་རྩལ་ལ་བརྟེན་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་མཚོ་སྔོན་སློབ་ཆེན་དང་ཞིང་ཆེན་ཁྲལ་དོན་ཅུས། ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུས་བཅས་སུ་སོང་ནས་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་ཐད་ཀྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པར་དམིགས་ནས། སློབ་གསོ་དང་ཚན་རྩལ་འཇོན་མིར་གཅིག་གྱུར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། གཞི་གྲངས་རྒྱུ་རྐྱེན་གྱི་རིན་ཐང་གང་ལེགས་སྒོས་མངོན་པར་བྱེད་པ་བཅས་བྱས་ཏེ་ཚན་རྩལ་ལ་བརྟེན་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས།

500440128_38c13bea-c9c7-4e34-be4c-b00e4719e065.jpg

ཟླ4པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་སློབ་ཆེན་དུ་རྟོག་ཞིབ་གནང་།

ཝུའུ་ཞའོ་ཅུན་མཚོ་སྔོན་སློབ་ཆེན་རྒྱལ་ཁབ་སློབ་ཆེན་ཚན་རྩལ་གླིང་སོགས་སུ་སོང་ནས་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་བེད་སྤྱོད་དང་། དེ་བཞིན་མཐོ་སྒང་གི་ཕྲ་ཕུང་གཙོ་བོ་དང་སླར་སྐྱེ་གསོ་རིག་ཞིབ་འཇུག་སོགས་གནས་ཚུལ་ལ་ཞིབ་ཏུ་རྒྱུས་ལོན་བྱས་ནས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་ཐོན་ཁུངས་དགེ་མཚན་ལ་རྐང་འཛུགས་པ་དང་ཁྱད་ལྡན་རིག་ཚན་གྱི་ཕན་ནུས་འདོན་སྤེལ་བྱེད་པ། ཐོན་སློབ་ཞིབ་གསུམ་དང་བེད་སྤྱོད་ཀྱི་མུ་ཕྲེང་ཡོངས་ཀྱི་གསར་གཏོད་སྐྱེ་ཁམས་བསྐྲུན་པ་བཅས་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ནུས་ཡོད་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། རྒྱལ་ཁབ་ཀྱི་བྱང་རྒྱུད་སོན་འདེབས་རྟེན་གཞི་འཛུགས་སྐྲུན་དམིགས་འབེན་ལ་དམིགས་ནས་རྩེ་རིམ་ཇུས་འགོད་དང་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་པ་དང་། གྲུབ་འབྲས་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་སྤེལ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་བར་རོགས་འདེགས་བཅས་བྱས་ཏེ་ཚན་རྩལ་ལ་བརྟེན་ནས་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་ལ་ཁྲིད་སྟོན་བྱེད་དགོས།

500440128_92192006-aa1f-4951-a8f2-b950fa5f51ad.jpg


ཟླ4པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་ཁྲལ་དོན་ཅུས་སུ་རྟོག་ཞིབ་གནང་།

ཞིང་ཆེན་ཁྲལ་དོན་ཅུས་སུ་ཝུའུ་ཞའོ་ཅུན་གྱིས་ཁྲལ་བསྡུའི་བྱ་བ་གཙོ་བོ་དོན་འཁྱོལ་བྱས་པའི་གནས་ཚུལ་དང་རིག་སྟོབས་ཁྲལ་དོན་འཛུགས་སྐྲུན་གྲུབ་འབྲས་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། ཞིང་ཆེན་ཡོངས་ཀྱི་ཁྲལ་དོན་མ་ལག་གིས་ས་གནས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་བཏོན་པའི་བྱེད་ནུས་གལ་ཆེན་ལ་ཁས་ལེན་གང་ལེགས་བྱས། ཁོང་གིས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཀྱི་དོན་དུ་རྒྱུ་ནོར་གཅིག་བསྡུས་བྱེད་པ་དང་དམངས་ཀྱི་ཆེད་དུ་ཁྲལ་བསྡུ་བའི་འགན་འཁྲིའི་ལས་འགན་ལག་བསྟར་བཟང་བོ་བྱས་ཏེ། རིག་སྟོབས་ཁྲལ་དོན་བཟང་བོར་བསྒྲུབ་པ་དང་ཁྲལ་དངུལ་གཞི་གྲངས་བེད་སྤྱོད་ལེགས་པོ་བྱེད་པ། གནད་ལ་འཁེལ་བའི་སྒོ་ནས་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་བབ་ལ་ཞིབ་འཇུག་བརྡར་གཅོད་བྱས་ནས་ཐོན་ལས་སྒྲིག་གཞི་དང་ཡོང་འབབ་སྒྲིག་གཞི་སོགས་ཀྱི་གནད་དོན་གཙོ་བོའི་དབྱེ་ཞིབ་ལ་ཤུགས་སྣོན་པ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་རོགས་འདེགས་བྱེད་པ།སྔར་ལས་རིན་ཐང་ལྡན་པའི་ཇུས་འདོན་གྲོས་གཞི་མང་པོ་འདོན་པ་བཅས་བྱས་ཏེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚན་རིག་དང་མཐུན་པའི་ཇུས་ཆོད་ཐད་ཞབས་འདེགས་སྔར་ལས་བཟང་བོ་ཞུ་དགོས།

500440128_6a6f9dd8-9944-43eb-b941-3fdf52d41b08.jpg

ཟླ4པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུས་སུ་རྟོག་ཞིབ་གནང་།

མདོ་དབུས་མཐོ་སྒང་གི་སའི་གོ་ལའི་མ་ལག་གི་གཞི་གྲངས་ཆེན་མོའི་ལྟེ་གནས་ནི་ཚན་རྩལ་ལ་བརྟེན་ནས་གནམ་གཤིས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན། ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ལྟེ་གནས་འཛུགས་སྐྲུན་དང་འཁོར་སྐྱོད་གནས་ཚུལ་ལ་ལྟ་ཞིབ་ནན་མོ་བྱས་པ་དང་། རྒྱུན་ཆད་མེད་པར་གཞི་གྲངས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་གསར་གཏོད་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ། ལག་རྩལ་མཁྲེགས་གཏོར་དང་། འཇོན་མི་ནང་འདྲེན་དང་གསོ་སྐྱོང་ཐད་རྒྱུན་མཐུད་ངང་ཤུགས་སྣོན་པ། གནོད་འགོག་གནོད་སེལ་གྱི་འགོག་ཐིག་གཙོ་བོ་སྔར་ལས་བརྟན་པོར་འཛུགས་པ། གཞི་གྲངས་ཀྱི་དགེ་མཚན་ལ་བརྟེན་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཇེ་བཟང་དུ་གཏོང་བ་བཅས་བྱས་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་གནམ་གཤིས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན།གཞི་གྲངས་ཅན་གྱི་འཕེལ་རྒྱས་གོ་སྐབས་དམ་འཛིན་བྱས་ཏེ་ཚན་རྩལ་གྱི་ཁྲིད་སྟོན་ལ་བརྟེན་ནས་སྤུས་ཚད་ཀྱི་འཕོ་འགྱུར་དང་ཕན་ནུས་ཀྱི་འཕོ་འགྱུར། སྒུལ་ཤུགས་ཀྱི་འཕོ་འགྱུར་བཅས་ལ་སྐུལ་འདེད་གཏོང་བ་དང་།ཐོན་ལས་གསར་གཏོད་དང་འཇོན་མི་གསོ་སྐྱོང་།ཁྲལ་བསྡུའི་དོ་དམ།གནམ་གཤིས་སྔོན་བརྡ་སོགས་ཁྱབ་ཁོངས་སོ་སོར་ཤུགས་སྣོན་པ། མགྱོགས་མྱུར་སྒོས་གཞི་གྲངས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་པ།གཞི་གྲངས་ཅན་གྱི་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་གཏོང་བ། གཞི་གྲངས་རྒྱུ་རྐྱེན་གྱི་ཁྲོམ་ར་ཅན་གྱི་བཀོད་སྒྲིག་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་ཚན་རྩལ་གྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཁྲོད་བྱེད་ནུས་སྔར་ལས་ཆེན་པོ་འདོན་ཐུབ་པར་བྱེད་དགོས།

ཚེ་རིང་ཐར་དང་ཀྲུའུ་ཞང་ཧྥེང་རྟོག་ཞིབ་ལ་ཞུགས།།


热门新闻

热门图库

热门排行