མཚོ་ལྷོ་ཁུལ་གྱིས་འོད་ནུས་ལུག་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་བཏོད།
འོད་ནུས་ཤེལ་ལེབ་འོག་ཏུ་ནོར་ལུག་འཚོས་ཏེ། ནུས་ཁུངས་གཙང་མ་དང་སྐྱེ་ཁམས་ཕྱུགས་ལས་ཕན་ཚུན་བར་ཕན་འབྲས་ཐོན་པར་བྱས།ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་འོད་ནུས་དང་ཕྱུགས་ལས་མཉམ་འདྲེས་ཀྱི་རྣམ་པ་དེ་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཕྱི་འབྲེལ་སྤྱི་སྟེགས་སུ་བཀོད་དེ་འཛམ་གླིང་ཀུན་གྱིས་དོ་ཁུར་ཆེན་པོ་གནང་།ས་གནས་ཀྱིས་འོད་ནུས་གླིང་ཁུལ་དེ་སྐྱེ་ཁམས་ཕྱུགས་རར་བསྒྱུར་ཏེ།འོད་ནུས་ལུག་ཅེས་པ་དེ་སྐྱེ་ཁམས་གཙོ་བོར་འཛིན་པ་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་བའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གུང་ཧོ་རྫོང་བཏུལ་ཐང་གི་འོད་ནུས་ཐོན་ལས་གླིང་དུ།གྲལ་དག་པའི་འོད་ནུས་ཤེལ་ལེབ་འོག་གི་ལུག་ཁྱུས་གཟན་རྩྭ་འཚོལ་བཞིན་པའི་རྣམ་པ་དེ་མཛེས་ཤིང་སྡུག་པའི་ཡུལ་ལྗོངས་ཞིག་ཏུ་གྲུབ་ཡོད།བརྙན་རིས་འདི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མའོ་ཉིང་གིས་ཕྱི་འབྲེལ་སྤྱི་སྟེགས་བུར་བཀོད་རྗེས།འཛམ་གླིང་ཡོངས་ལ་ཀྲུང་གོའི་ནུབ་རྒྱུད་ཀྱི་སྐྱེ་ཁམས་དང་ནུས་ཁུངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་གསར་གཏོད་ལག་ལེན་ཞིག་ཡིན་པ་ཁྱབ་སྒྲོག་བྱས། 2012ལོར། རང་རྒྱལ་གྱི་སྟོང་ཝ་ཁྲི་སྟོང་རིམ་པའི་ཉི་འོད་གློག་འདོན་རྟེན་གཞི་ཐོག་མ་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་།འོད་ནུས་ཤེལ་ལེབ་ཀྱི་འགེབ་སྲུང་འོག་ས་ཁུལ་དེའི་ཆུ་རླངས་པར་འགྱུར་ཚད30%ཡིས་ཇེ་ཉུང་དང་རླུང་གི་མྱུར་ཚད50%ཡིས་ཇེ་དལ་དུ་སོང་སྟེ། ཏག་ཏག་ལོ་ངོ་གསུམ་གྱི་རིང་ལ་རྩྭ་རྩི་ཤིང་གི་ཁེབས་ཚད80%ཡིས་ཆེ་རུ་ཕྱིན་ཡོད།
འོད་ནུས་གློག་འདོན་ས་ཚིགས་སྤྱོད་མགོ་བརྩམས་རྗེས།ཤེལ་ལེབ་འོག་གི་རྩྭི་ཤིང་གི་སྐྱེ་སྟོབས་རྒྱས་དྲག་ན། འོད་ནུས་ཤེལ་ལེབ་བསྒྲིབས་ནས་གློག་འདོན་ལ་ཤུགས་རྐྱེན་ཐེབས་པ་དང་།སྟོན་དུས་རྩྭ་སྐམ་རྗེས་ད་དུང་མེ་སྐྱོན་འང་འབྱུང་སླ་བ་རེད། མི་ཤུགས་ལ་བརྟེན་ནས་རྩྭ་འབྲེག་པར་མ་རྩ་མཐོ་བ་དང་ལས་ཕྱོད་དམའ་བས།ས་གནས་དེ་གས་ཕྱུགས་ལས་དང་འོད་ནུས་ཕན་ཚུན་ཟུང་འབྲེལ་གྱི་ཀྱི་རྣམ་པ་གསར་གཏོད་བྱས་ནས། འོད་ནུས་ཁེ་ལས་ཀྱིས་འོད་ནུས་ཕྱུགས་རར་རོགས་འདེགས་བྱེད་ཆེད།འབྲོག་པ་མང་ཚོགས་ལ་བདེ་འཇགས་ཀྱི་གསོ་སྦྱོང་སྤེལ་ནས། འོད་ནུས་གླིང་ཁུལ་དུ་ལུག་ཁྱུ་འཚོ་སྐྱོང་བྱས་ན།གཅིག་ནས་རྩྭ་འབྲེག་པའི་དཀའ་ཁག་སེལ་བ་དང་། གཉིས་ནས་འབྲོག་པ་མང་ཚོགས་ཀྱི་གཟན་རྩྭ་གྲོན་ཆུང་བྱེད་ཐུབ།ལུག་གིས་རྩྭ་ཐུབ་པ་དང་ཞིང་སར་ལུད་རྫས་གཏོར་བ། ཤེལ་ལེབ་ཀྱིས་གློག་འདོན་པའི་སྐྱེ་ཁམས་འཁོར་རྒྱུག་གི་རྣམ་པ་ལེགས་པོ་ཤིག་གྲུབ་ཡོད།རྣམ་པ་འདི་ལས་ཁེ་ལས་ཀྱིས་བདག་སྐྱོང་བྱེད་པའི་མ་རྩ་ཇེ་དམའ་དང་མེ་ཟོན་བྱུར་རྐྱེན་སེལ་བར་བྱས་ཡོད་པར་མ་ཟད།ལུག་གི་འཕེལ་ཁ་བཟང་པ་དང་འབྲོག་པའི་ཡོང་སྒོ་འཕར་བར་སྣེ་ཁྲིད་བྱས།
མིག་སྔར།བཏུལ་ཐང་མཐའ་འཁོར་གྱི་སྡེ་མི་ཚོའི་ལོ་རེའི་ཡོང་སྒོ་སྒོར་ཁྲི 392ཡིན་ལ། སྒོར་ཁྲི402 ལས་བརྒལ་ཡོད་པའི་གཟན་རྩྭའི་མ་རྩ་གྲོན་ཆུང་བྱས་པ་རེད། ད་ལྟའི་བར་དུ། མཚོ་ལྷོ་ཁུལ་གྱིས་འོད་ནུས་སྐྱེ་ཁམས་ཕྱུགས་ར32དང་གཅིག་བསྡུས་ཕྱུགས་འཚོ་སྐྱོང་ས་ཚིགས56བཙུགས་ཡོད་པ་དང་། ལོ་རེར་འོད་ནུས་ལུག་ཁྲི2ཡན་གསོ་སྐྱོང་བྱས་ཏེ། སྡེ་བ18ཀྱི་སྡེ་བའི་ཐུན་མོང་དཔལ་འབྱོར་མཉམ་ལས་ཁང་གི་བསྟུད་མར་འབབ་འཕར་ལ་སྣེ་ཁྲིད་བྱས་ནས།ཕྱུགས་ལས་དང་འོད་ནུས་ཕན་ཚུན་ཟུང་འབྲེལ་གྱི་རྣམ་པ་དེ་སྐྱེ་ཁམས་དང་ཐོན་ལས་ཀྱི་སྦྲེལ་ཐག་མཉམ་འདྲེས་གཏིང་ཟབ་བྱས་པའི་དཔེ་མཚོན་རང་བཞིན་གྱི་མ་དཔེ་ཅིག་ཏུ་གྱུར་ཡོད་པ་རེད།