སྲིད་དོན། 详情

ཁུལ་སྲིད་གྲོས་ཀྱིས་དོན་དག་ཡོད་ན་གྲོས་མོལ་བྱེད་ཆོག་ཅེས་པའི་གྲོས་མོལ་ཚོགས་འདུ་བསྡུས།

2026-04-17 15:08:04 来源: 作者:དོན་འགྲུབ་སྒྲོལ་མ། 编辑:超级管理员

    ཟླ4པའི་ཚེས14ཉིན། ཁུལ་སྲིད་གྲོས་ཀྱི་ཐོན་ཁུངས་དང་ཁོར་ཡུག་ལས་རིགས་དང་གྲངས་ཉུང་མི་རིགས་ལས་རིགས་ཀྱིས་ཨུ་ཡོན་ཁག་ཅིག་རྩ་འཛུགས་བྱས་ནས། ཆབ་ཆའི་གྲོང་ཁུལ་གྱི་ལྗང་སྒྱུར་སྤུས་ཚད་སྔར་བས་མཐོ་རུ་གཏོང་རྒྱུའི་གྲོས་གཞིར་དམིགས་ཏེ། མཉམ་འབྲེལ་སྒོས་དོན་དག་ཡོད་ན་གྲོས་མོལ་བྱེད་ཆོག་ཅེས་པའི་གྲོས་མོལ་ཚོགས་འདུ་བསྡུས་པ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུའུ་ལིན་དང་ཁུལ་སྡོད་ཁང་འཛུགས་སྐྲུན་ཅུའུ། ཁུལ་ནགས་རྩྭ་ཅུའུ། དེ་བཞིན་གུང་ཧོ་རྫོང་སྲིད་གྲོས་དང་གུང་ཧོ་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུའུ། གུང་ཧོ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུའུ། བདེ་སྐྱིད་སྡེ་ཁུལ། མཁར་ལྷོའི་སྡེ་ཁུལ་བཅས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་པ་རེད།

   ཚོགས་འདུ་མ་འཚོགས་པའི་སྔོན་ལ། ཚོགས་ཞུགས་མི་སྣ་འཆམ་མཛེས་སྤྱི་གླིང་དང་། ནུབ་རིའི་ལུང་ཤུར་གྱི་སྐྱེ་ཁམས་སྔོ་ལྗང་སྤྱི་གླིང་། མཁར་བྱང་སྲང་གཞུང་གི་ལྗང་སྒྱུར་ཁུལ་བཅས་སུ་སོང་ནས་ཚོང་གཉེར་མ་བྱས་གོང་གི་རྟོག་ཞིབ་བྱས་པ་དང་། ཆབ་ཆའི་གྲོང་ཁུལ་གྱི་ལྗང་སྒྱུར་འཛུགས་སྐྲུན་གནས་ཚུལ་དང་སྔོ་ཁེབས་འདེབས་འཛུགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་རེད།

    ཚོགས་འདུ་ལས་གྲོས་མོལ་གྱི་བརྗོད་བྱ་གཙོ་བོ་དང་འབྲེལ་ཡོད་བླང་བྱ་ཁྱབ་བསྒྲགས་བྱས་ཤིང་། གྲོས་གཞིའི་རྒྱབ་ལྗོངས་དང་ད་ལྟའི་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད། ཚོགས་ཞུགས་མི་སྣས་གྲོས་གཞིའི་བརྗོད་དོན་གཙོ་བོ་གཞིར་བཟུང་ནས་གྲོས་མོལ་བྱས་པ་དང་། གྲོང་ཁུལ་ལྗང་སྒྱུར་བྱ་བའི་འགན་འཁྲི་གསལ་བོ་མིན་པའི་གནད་དོན་ལ་དམིགས་ནས། གྲོང་ཁུལ་ལྗང་སྒྱུར་བྱ་བའི་གཙོ་སྐྱོང་ལས་ཁུངས་དེ་ཁུལ་དང་རྫོང་གི་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་ཡིན་པ་ཁ་གསལ་བཟོས་ཏེ། བྱ་བའི་འགན་འཁྲི་གསལ་བོ་བྱས། ལྗང་སྒྱུར་ལས་གཞིའི་གྲ་སྒྲིག་བྱ་བར་ཤུགས་སྣོན་བྱས་ཏེ། ལྗང་སྒྱུར་ལག་བསྟར་འཆར་གཞིར་ཞིབ་བཤེར་ཆོག་མཆན་འགོད་པའི་འགྲོ་ལུགས་ལ་སྐུལ་འདེད་བཏང་ནས་འཆར་འགོད་ལ་མྱུར་ཏུ་ཆོག་མཆན་ཐོབ་པར་བརྩོན་དགོས། མཁར་གྲོང་ལྗང་སྒྱུར་གྱི་འབྲེལ་ཡོད་ལག་རྩལ་ཚད་གཞི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྡོང་རིགས་གདམ་སྐབས་ཡུལ་བབ་དང་འཚམ་ཞིང་མཛེས་ཉམས་ལྡན་པར་དམིགས་ཏེ། སྡོང་རིགས་མི་འདྲ་བ་ལུགས་མཐུན་ངང་གདམ་ནས་ལྗང་སྒྱུར་གྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། ཁོར་ཡུག་མཛེས་ཤིང་གནས་སྡོད་ལ་འཚམ་པའི་གྲོང་ཁུལ་མཛེས་ལྗོངས་ཁུལ་བསྐྲུན་ཏེ་ལྗང་སྒྱུར་བཟོ་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏོང་དགོས། སྣ་མང་ཅན་གྱི་དྲིལ་སྒྲོག་ཐབས་ལམ་སྤྱད་དེ་ལྗང་སྒྱུར་སྲུང་སྐྱོང་གི་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་དང་། གྲོང་མི་རྣམས་ཀྱི་ལྗང་སྒྱུར་ལ་བརྩི་མཐོང་དང་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས། སྡེ་ཁག་གཅིག་ཁོ་ནས་འབད་པ་བྱེད་པའི་རྣམ་པ་ནས་སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས། ཆེད་ལས་ཚོགས་པའི་བདག་སྐྱོང་ནས་དམངས་ཡོངས་ཀྱིས་ལྗང་མདོག་ལ་སྲུང་སྐྱོང་བྱེད་པའི་མཉམ་ཤུགས་གཅིག་ཏུ་བསྡུས་ཏེ། ཚང་མས་ལྗང་སྒྱུར་ལ་དོ་སྣང་དང་རྒྱབ་སྐྱོར། ཟབ་ཞུགས་བཅས་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱ་དགོས་ཞེས་བསྟན།

热门新闻

热门图库

热门排行