སྲིད་དོན། 详情

ཞུང་ཡོན་ལའེ་ཡིས་ཁུལ་ཡིག་སྐུར་ངོ་གཏུག་ཅུའུ་རུ་བྱ་བར་རྟོག་ཞིབ་བྱས་པ།

2026-04-17 15:05:16 来源: 作者:སྐལ་བཟང་སྐྱིད། 编辑:文毛却

རང་ཚགས་པར་གྱི་འཕྲིན། ཟླ4པའི་ཚེས14ཉིན་གྱི་སྔ་དྲོར།  ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་ཁུལ་ཡིག་སྐུར་ངོ་གཏུག་ཅུའུ་རུ་ཡིག་སྐུར་ངོ་གཏུག་གི་བྱ་བར་རྟོག་ཞིབ་བྱས་པ་དང་།  ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཀྱི་ཡིག་སྐུར་ངོ་གཏུག་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱ་དགོས་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ། ཞིང་ཆེན་ཏང་ཨུའི་ཁག་གཅིག་ཅན་དྲུག་གི་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ།  ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་སློབ་སྦྱོང་སློབ་གསོ་གཟབ་ནན་གྱིས་སྤེལ་བ་དང་འགྱུར་བ་བཅུའི་ཏང་འཛུགས་སྐྱོང་གི་ཆེད་དོན་བྱ་བའི་ཚན་ཁག་གི་ནུས་པ་འདོན་སྤེལ་བྱས་ཏེ།  ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་ལུགས་མཐུན་དང་ཁྲིམས་མཐུན་གྱི་རེ་ཞུ་ཐག་བཅད་ནས།  ཡིག་སྐུར་ངོ་གཏུག་གི་རིམ་བསགས་གྱོད་གཞི་ཐག་བཅད་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱ་དགོས་ཞེས་བསྟན།

 ཁུལ་ཡིག་སྐུར་ངོ་གཏུག་ཅུའུ་ཡི་ཡིག་སྐུར་ངོ་གཏུག་སྣེ་ལེན་ཚོམས་ཆེན་དུ་ཞུང་ཡོན་ལའེ་ཡིས་མཚོ་སྔོན་ཞིང་ཆེན་ཡིག་སྐུར་ངོ་གཏུག་དང་ཆ་འཕྲིན་སྡེ་ཁག་གི་མཚོ་ལྷོ་ཁུལ་གྱི་རིགས་སྣ་ཚོགས་ཀྱི་ཡིག་སྐུར་ངོ་གཏུག་གི་བྱ་བ་སྒྲུབ་པའི་གནས་ཚུལ་ལ་རྟོག་ཞིབ་བྱས་ཏེ།  དཀའ་གནད་ཆེ་བའི་ཡིག་སྐུར་ངོ་གཏུག་གི་གྱོད་གཞི་ཐག་གཅོད་པའི་འཕེལ་རིམ་དང་ཐག་གཅོད་དཀའ་བ། ཐག་གཅོད་རིགས་ལམ་སོགས་ལ་རྒྱུས་ལོན་ཞིབ་མོ་བྱས་ནས།  ཡིག་སྐུར་ངོ་གཏུག་སྡེ་ཁག་གིས་མི་དམངས་གཙོ་བོ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་དང་། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པ་གོ་སྐབས་སུ་བཟུང་སྟེ།  ཡིག་སྐུར་ངོ་གཏུག་གི་ལས་སྒོ་འཛུགས་སྐྲུན་ལ་ཤུགས་སྣོན་དང་ཡིག་སྐུར་ངོ་གཏུག་བྱ་བའི་ཁོངས་གཏོགས་ས་ཆའི་འགན་འཁྲི་ནན་འཛིན་བྱས་ཏེ།  ཡིག་སྐུར་ངོ་གཏུག་དོན་ཚན་གྱི་རིགས་བགར་དང་ས་ཁུལ་བགར་བའི་ཐག་གཅོད་ལེགས་པར་བསྒྲུབ་ནས།  གཞི་རིམ་གྱི་ཡིག་སྐུར་ངོ་གཏུག་བྱ་བ་སྒྲུབ་པའི་མཛུབ་སྟོན་ལ་ཤུགས་སྣོན་དགོས་ཤིང་། ཁག་གཅིག་དན་དྲུག་གི་བྱ་བའི་བླང་བྱར་གཞིགས་ཏེ།  མང་ཚོགས་ལ་བསམ་འཆར་ཆེ་ཞིང་ཡང་དང་བསྐྱར་དུ་ཡིག་སྐུར་ངོ་གཏུག་བྱེད་པར་ཡོང་བའི་གནད་དོན་ལེགས་སྒྲིག་བྱས་ཏེ།  རེ་ཞུར་ཉན་པ་དང་དཀའ་གནད་འཚོལ་ཞིབ་བྱས་ནས་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་གང་ལེགས་བྱ་དགོས་ཤིང་། ཤང་དང་གྲོང་བརྡལ། གཞིས་ཁུལ་བཅས་ཀྱི་འགལ་བ་དང་རྩོད་གཞི་འདུམ་འགྲིག་ཆེད་དོན་བྱ་བའི་ཚན་ཁག་གི་ནུས་པ་འདོན་སྤེལ་བྱས་ཏེ།  སེམས་གསོ་དང་དང་བརྩེ་སེམས་འབུལ་བ་སོགས་ཀྱི་རྣམ་པས་སེམས་གསོ་དང་རོགས་སྐྱོར།  གནད་དོན་ཐག་གཅོད་བཅས་མཉམ་དུ་སྐུལ་འདེད་གཏོང་དགོས།  ཡིག་སྐུར་ངོ་གཏུག་བྱ་བའི་སྒྲིག་སྲོལ་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ།  ཁུལ་དང་རྫོང་། ཤང་བཅས་ཀྱི་འབྲེལ་གཏུག་མཐུན་སྦྱོར་དང་སྒྲུབ་གཉེར་ཐག་གཅོད། ཐག་གཅོད་ཞིབ་བཤེར། དུས་བཅད་གྲོས་མོལ་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་ནས།  ཡིག་སྐུར་ངོ་གཏུག་བྱ་བའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་དགོས་ཞེས་བླང་བྱ་བཏོན།

 ཀའོ་ཡུང་ཧོང་། སུན་ཅུན་ཞྭ། ཀྲང་ཏུ་ཞན་བཅས་རྟོག་ཞིབ་ལ་ཞུགས།།


热门新闻

热门图库

热门排行