གཙོ་གནད། 详情

ཁུལ་ཨུའི་ཤེས་ལྡན་མི་སྣའི་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་འཚོགས་པ།

2026-04-16 17:47:57 来源: 作者:བཀྲ་ཤིས་དོན་འགྲུབ། 编辑:文毛却

རང་ཚགས་པར་གྱི་འཕྲིན། ཟླ4པའི་ཚེས14ཉིན། ཁུལ་ཨུའི་ཤེས་ལྡན་མི་སྣའི་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་འཚོགས་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ཤེས་ལྡན་མི་སྣའི་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པར་མ་ཟད། 2025ལོའི་ཤེས་ལྡན་མི་སྣའི་ལས་དོན་ལ་ཕྱོགས་སྡོམ་བྱས་པ་དང་། 2026ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཏེ། མཚོ་ལྷོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཤེས་ལྡན་མི་སྣའི་འདེགས་སྐྱོར་བརྟན་པོ་བྱས་ནས། རིག་སྟོབས་ཀྱི་འགན་སྲུང་མཁོ་འདོན་བྱས།ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་ཨུའི་ཤེས་ལྡན་མི་སྣའི་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་ཞུང་ཡོན་ལའེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

ཚོགས་འདུའི་སྟེང་ན་ནིང་གི་ཁུལ་ཡོངས་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་དང་། ད་ལོ་ནི་ལོ་ལྔའི་འཆར་གཞི་བཅོ་ལྔ་པ་མགོ་རྩོམ་པའི་ལོ་ཡིན་ལ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས་པའི་འཐབ་ཇུས་བཀོད་སྒྲིག་ཁྲོད་ཞུགས་ནས། སྲིད་ཇུས་ཀྱི་སྐབས་གླགས་དམ་འཛིན་བྱེད་པ། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་འཛིན་པ། འགྱུར་བ་བཅུའི་ཏང་འཛུགས་སྐྱོང་དམ་འཛིན་བྱེད་པ། རང་འགུལ་ངང་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས་འཕེལ་རྒྱས་ཀྱི་དགོས་མཁོར་དམ་པོར་དམིགས་ནས། གནས་བབ་དེ་བས་མཐོ་བ་དང་བྱེད་ཐབས་དངོས་བརྒྱུད་དེ། ཤེས་ལྡན་མི་སྣའི་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ཤུགས་བཏོན་ནས། ཁུལ་ཡོངས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་སུ་གཏོང་བར་གསོན་ཤུགས་སྩོལ་དགོས་ཞེས་བསྟན།

   ཚོགས་འདུ་ལས་ཤེས་ལྡན་མི་སྣའི་ལས་དོན་བརྒྱུད་རིམ་ལྡན་པའི་སྒོ་ནས་ངང་འཆར་འགོད་བྱ་རྒྱུར་ཤུགས་རྒྱག་པ་དང་། རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་བྱ་རྒྱུ་ཁྲིད་སྟོན་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་འཆར་འགོད་གཏན་འབེབས་བྱེད་པ། ཐོན་ལས་སྦྲེལ་ཐག་ལ་དམིགས་ནས་ཤེས་ལྡན་མི་སྣའི་སྦྲེལ་ཐག་བཀོད་སྒྲིག་བྱས་ཏེ།གསར་གཏོད་ལས་སྟེགས་གསོ་སྐྱོང་ལ་སྐུལ་འདེད་གཏོང་བ། ཐོན་ལས་སྦྲེལ་ཐག་ལ་བརྟེན་ནས་ཤེས་ལྡན་མི་སྣའི་སྦྲེལ་ཐག་ལ་སྐུལ་ཁྲིད་བྱེད་པ། ཤེས་ལྡན་མི་སྣའི་སྦྲེལ་ཐག་ལ་བརྟེན་ནས་ཐོན་ལས་སྦྲེལ་ཐག་ལ་འདེགས་སྐྱོར་བྱེད་པ་བཅས་བྱ་དགོས། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་སྔར་ལས་འཐུས་ཚང་དུ་ཏུ་གཏོང་བ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་དང་གདེང་འཇོག སྐུལ་ལྕག འགན་སྲུང་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་བ། ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། སྒྱུར་བཅོས་ལ་བརྟེན་ནས་ཤེས་ལྡན་མི་སྣའི་གྲངས་འབོར་མང་དུ་གཏོང་བ་དང་། ཤེས་ལྡན་མི་སྣར་འོས་འཚམས་ཀྱི་ལས་རྐང་བཀོད་སྒྲིག་བྱེད་པ།ཤེས་ལྡན་མི་སྣ་མི་འདང་བའི་གནད་དོན་ཐག་གཅོད་བྱེད་པ་བཅས་བྱ་དགོས། མཚོ་ལྷོའི་གནས་ཚུལ་དངོས་ལ་གཞིགས་ནས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པར་གཞི་ཚུགས་ཏེ། ཞིང་ཆེན་རིམ་པའི་སྲིད་ཇུས་བེད་སྤྱོད་གང་ལེགས་བྱེད་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར། ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭ།ཚན་རིག་ཞིབ་འཇུག་ལས་ཁུངས་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སློབ་གསོ་དམ་འཛིན་དང་སྐས་རིམ་གསར་བར་སྙེག་པ། ཕྱིའི་ནུས་ཤུགས་འདོན་པ་བཅས་བྱས་ཏེ། རང་ས་གནས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རང་ས་གནས་ཀྱི་ཤེས་ལྡན་མི་སྣའི་ནུས་པ་ཆེ་རུ་བཏང་སྟེ། ཐབས་བརྒྱ་ཇུས་སྟོང་གིས་ཤེས་ལྡན་མི་སྣ་བསྡུ་རུབ་བྱེད་པ་དང་། ནུས་ཁུངས་གཙང་མ་དང་གློག་རྩིས་མཉམ་ལས། སློབ་གསོ་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་དགོས་མཁོར་དམིགས་ཏེ། སྟབས་བསྟུན་རང་བཞིན་གྱི་ཤེས་ལྡན་མི་སྣ་བསྡུ་པའི་ལམ་ཁ་འབྱེད་པ་དང་། དགོས་མཁོ་ཆེ་བའི་ཤེས་ལྡན་མི་སྣ་བསྡུ་བ། ཤེས་ལྡན་མི་སྣའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་དང་། ལས་གཞི་ལ་བརྟེན་ནས་ཤེས་ལྡན་མི་སྣ་བསྡུ་རུབ་བཅས་བྱས་ཏེ། ཤེས་ལྡན་མི་སྣར་བརྟེན་ནས་ལས་གཞི་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུ་ལས་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཏང་གི་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། ལས་རིགས་དོ་དམ་བྱེད་པར་ངེས་པར་དུ་ཤེས་ལྡན་མི་སྣར་དོ་དམ་བྱེད་པ་དང་། འཕེལ་རྒྱས་དམ་འཛིན་བྱེད་པར་ངེས་པར་དུ་ཤེས་ལྡན་མི་སྣ་དམ་འཛིན་བྱ་དགོས་པའི་འདུ་ཤེས་བརྟན་པོར་འཛུགས་པ། གཅིག་གྱུར་འཆར་འགོད་དང་མཉམ་འགུལ་གྱི་ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། གོང་འོག་འབྲེལ་མཐུད་དང་། མཉམ་སྒྲུབ་ནུས་པའི་ཤེས་ལྡན་མི་སྣའི་ལས་ཀའི་རྣམ་པ་གང་མགྱོགས་སྒོས་གྲུབ་ཏུ་བཅུག་སྟེ། ཤེས་ལྡན་མི་སྣ་མང་པོར་མཚོ་ལྷོ་རུ་ལས་ཀ་སྒྲུབ་པར་ལས་སྟེགས་ཡོད་པ་དང་། འཚར་ལོངས་འབྱུང་བར་གོ་སྐབས་ཡོད་པ། འཕེལ་རྒྱས་འབྱུང་བར་སྟེགས་བུ་ཡོད་པ་བཅས་བྱ་དགོས་པའི་བླང་བྱ་བཏོན།

ཚོགས་འདུ་ལས་ལོ་འཁོར་མོའི་ཤེས་ལྡན་མི་སྣའི་ལས་དོན་འཆར་གཞི་དང་།ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཆེད་དོན་མ་དངུལ་དོ་དམ་བྱ་ཐབས། 2025ལོའི་ཤེས་ལྡན་མི་སྣའི་ལས་གཞིའི་མ་དངུལ་བྱ་དགའི་ཁ་གསབ་དོན་ཚན་དང་། ཁུལ་མཐོ་རིམ་སློབ་འབྲིང་། ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་ལས་དོན་གྱི་ལོ་གསུམ་གྱི་ཇུས་གཞིར་གྲོས་ཞིབ་བྱས་པ་དང་། གུང་ཧོ་རྫོང་དང་ཁྲི་ཀ་རྫོང་། ཁུལ་ཚན་རྩལ་ཅུའུ་བཅས་དང་མཐོ་རིམ་ཤེས་ལྡན་མི་སྣའི་འཐུས་མིས་ཚོགས་འདུའི་སྟེང་གཏམ་བཤད་སྤེལ།

ཏའེ་མིན་ཅུའེ་དང་ལིའུ་ཡན། དགེ་འདུན་རྒྱལ། སུན་ཅུན་ཞ། ཁྲེ་ཞང་ཞན་བཅས་ཚོགས་འདུར་ཞུགས།


热门新闻

热门图库

热门排行