ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་བསྡུས་པ།
ཟླ4པའི་ཚེས14ཉིན། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་མགོ་འཛིན་བྱས་ནས་བསྡུས་པ་དང་། ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་ཆར་གྱི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།
ཚོགས་འདུ་ལས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཟླ3པའི་ཚེས27ཉིན་འཚོགས་པའི་ཚོགས་འདུའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ཁྲོད་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན། དམག་ཡོངས་ཀྱི་མཐོ་རིམ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སློབ་ཁྲིད་མགོ་རྩོམ་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཞབས་ཞུའི་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་བའི་ནང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་འབྲེལ་བ་གལ་ཆེན་འགའ་ཐག་གཅོད་བྱ་དགོས་པའི་སྐོར་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་བརྟེན་ནས་ཕྱོགས་ཡོངས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་རེད།
ཚོགས་འདུ་ལས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ནས། བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། ཡང་དག་པའི་སྲིད་འབྲས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བྱེད་པ་དང་། ལག་ལེན་དང་མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་བྱས་ཆོག་པའི་གྲུབ་འབྲས་ཧུར་ཐག་གིས་ལེན་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཆབ་སྲིད་ལ་དང་དོད་དང་སྒྲིག་ལམ་སྲུང་བ། གུས་ལུགས་ཤེས་པ། སྣང་བརྙན་བཟང་པོ་བསྐྲུན་པ་བཅས་བྱ་དགོས། ཁུལ་ཨུའི་འགྱུར་བ་བཅུའི་ཏང་འཛུགས་སྐྱོང་གི་གཞི་རིམ་བཅོས་སྐྱོང་གི་སྣེ་ཁྲིད་གཙོར་བཟུང་ནས། རྒྱུན་དུ་གཞི་རིམ་དུ་བསྐྱོད་དེ་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་ཤུགས་ལ་སྐུལ་སློང་བྱས་ཏེ། ཏང་འཛུགས་བྱ་བ་དང་ལས་སྒོའི་བྱ་བ་མཉམ་འདྲེས་གཏིང་ཟབ་དང་གཅིག་གྱུར་སྐུལ་འདེད་བཏང་ནས། གོང་འོག་འབྲེལ་མཐུད་དང་མཉམ་དུ་དམ་འཛིན། དོན་འཁྱོལ་ནན་མོ་བཅས་ཀྱི་བྱ་བའི་མཉམ་ཤུགས་ཆགས་པར་བྱ་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུ་ལས་རྒྱལ་ཁོངས་ལྗང་སྒྱུར་སྲ་བརྟན་རིམ་སྤར་བྱ་འགུལ་ཏན་ཏིག་སྒོས་སྤེལ་ནས། བྱང་གསུམ་བཟོ་སྐྲུན་གྱི་སྐྱེ་ཁམས་ལས་གཞིའི་གནད་དོན་བཅོས་སྐྱོང་སོགས་ཀྱི་བྱ་བ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། མང་ཚོགས་རྩ་འཛུགས་བྱས་ཏེ་སྡོང་འཛུགས་ནགས་སྐྲུན་དང་ཁྱིམ་གཞིས་མཛེས་བཟོ་སོགས་ཀྱི་བྱ་འགུལ་ཁྲོད་ཧུར་ཐག་སྒོས་ཞུགས་པར་སྐུལ་སློང་བྱས་ནས། ལྗང་མདོག་ལ་དགའ་བ་དང་སྲུང་སྐྱོང་། འཕར་སྣོན་དང་བེད་སྤྱོད་བཅས་བྱ་རྒྱུ་རྒྱུན་རྣམ་ཅན་དུ་འགྱུར་བར་བྱས་ཏེ། ཁུལ་ཡོངས་ཀྱི་ལྗང་སྒྱུར་ཁྱབ་རྒྱ་ཆེ་རུ་གཏོང་དགོས། རང་ཁུལ་གྱི་སྐྱེ་ཁམས་དང་ཞིང་ཕྱུགས་ལས། ཡུལ་སྐོར། ནུས་རྒྱུ་གཙང་མ། ལྗང་མདོག་རྩིས་ཤུགས་སོགས་ཀྱི་དགེ་མཚན་ལ་དམིགས་ནས། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དེ་ཆེད་ལས་ཅན་དང་རྩེར་སོན་ཅན་གྱི་ཕྱོགས་སུ་རྒྱ་བསྐྱེད་པ་དང་། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དེ་སྤུས་ཚད་ཅན་དང་སྟབས་བདེ་ཅན་དུ་རིམ་སྤོར་བྱས་ཏེ། མཚོ་ལྷོའི་ཁྱད་ཆོས་ལྡན་པའི་དེང་རབས་ཞབས་ཞུའི་མ་ལག་གང་མགྱོགས་སྒོས་འཛུགས་སྐྲུན་བྱ་དགོས། རྒྱལ་སྲུང་སྐུལ་སློང་བྱ་བ་དམ་འཛིན་བྱས་ནས། དམངས་དམག་སྟོབས་ཤུགས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྤྱི་ཚོགས་བདེ་འཇགས། གཞི་རིམ་བཅོས་སྐྱོང་སོགས་གཙོ་གནད་ལས་འགན་སྒྲུབ་པར་སྐུལ་སློང་བྱས་ཏེ། དམངས་དམག་དང་ས་གནས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པར་བྱ་དགོས། འགྱུར་བ་བཅུའི་ཏང་འཛུགས་སྐྱོང་གི་ཆེད་དོན་བྱ་བའི་ཚན་ཆུང་གི་ནུས་པ་འདོན་སྤེལ་བྱས་ཏེ། གོ་བདེ་བའི་ཁ་སྐད་ཀྱི་ལམ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དོན་སྙིང་དང་འགན་འཁྲི་གསལ་བཤད་བྱས་ནས། མང་ཚོགས་རང་འགུལ་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་མི་སྡོད་ཁོར་ཡུག་བཅོས་སྐྱོང་ཁྲོད་ཞུགས་པར་སྣེ་ཁྲིད་བྱས་ཏེ། མཉམ་དུ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྲུང་སྐྱོང་ཡག་པོ་བྱ་དགོས་ཞེས་བླང་བྱ་བཏོན།
ཚོགས་འདུ་ལས་ཁུལ་ཨུས་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་སློབ་སྦྱོང་སློབ་གསོའི་ལྟ་སྐུལ་ཚན་ཆུང་ས་ཁུལ་དང་ལས་ཁུངས་ཁ་ཤས་སུ་མངགས་པ་ནི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར། གནད་དོན་མཉམ་དུ་ཐག་གཅོད་དང་འགན་འཁྲི་ དམ་འཛིན་ནན་མོ་བྱས་ཏེ། སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་དོན་ཐོག་ཏུ་འཁྱོལ་བ། ཕན་འབྲས་མངོན་གསལ་ཐོན་པར་བྱེད་པའི་བཅས་ཀྱི་བྱེད་ཐབས་གལ་ཆེན་ཤིག་ཡིན་པས། མཛུབ་ཁྲིད་ཚན་ཆུང་སོ་སོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ཏེ། གནད་དོན་གྱི་ཕྱོགས་སྟོན་རྒྱུན་འཁྱོངས་དང་ལས་འགན་གཙོ་བོར་དམིགས་པ། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་། ལྟ་སྐུལ་མཛུབ་ཁྲིད་བྱེད་པ། གནད་དོན་ནན་ཏན་སྒོས་ཐག་གཅོད་བཅས་བྱས་ནས། སློབ་སྦྱོང་དང་སློབ་གསོར་ཕན་འབྲས་དངོས་ཐོབ་པར་འགན་ལེན་ཏན་ཏིག་བྱ་དགོས་ཞེས་བསྟན།
ཚོགས་འདུ་ལས་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་མ་ཟད། ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས།