གནད་བསྡུས། 详情

གུང་ཧོ་རྫོང་གིས་རྨ་ཆུའི་ཚོན་ལྡན་འགྲན་རྒྱུག་གི་བྱ་འགུལ་སྤེལ།

2026-04-16 14:30:14 来源: 作者:སངས་རྒྱས་ཚེ་བརྟེན། 编辑:文毛却

            མིག་སྔར། གུང་ཧོ་རྫོང་ཚལ་རྔ་འགག་སྐྱེ་ཁམས་ཡུལ་སྐོར་གུང་གསེང་ཁུལ་དུ་རྨ་ཆུའི་ཚོན་ལྡན་འགྲན་རྒྱུག་བྱ་འགུལ་སྤེལ་ཞིང་།བྱ་འགུལ་ལས་སྐྱེ་ཁམས་དང་ལུས་རྩལ། ཡུལ་སྐོར་བཅས་ཟུང་འབྲེལ་བྱེད་པའི་རྣམ་པར་བརྟེན་ཏེ།ཞིང་ཆེན་ཕྱི་ནང་གི་འགྲན་ཞུགས་པ5000ལྷག་རྨ་ཆུའི་གྲོག་རོང་དང་པོར་འཛོམས་ནས་སྤྲོ་སྐྱིད་ཀྱི་འགྲན་རྒྱུག་ལས་དཔྱིད་དཔལ་ལ་མཛེས་སྡུག་གསར་པ་ཞིག་བསྩལ།

ཐེངས་འདིའི་ཚོན་ལྡན་འགྲན་རྒྱུག་བྱ་འགུལ་གྱིས་དུས་ཚོད་ལ་ཚད་བཀག་མི་བྱེད་པ་དང་ཨང་རིམ་མི་དགར་བའི་རྣམ་པ་དམ་འཛིན་བྱས་ཏེ།རྒྱུག་ལམ་ནི་ཚལ་རྔ་འགག་གི་གཡང་གཟར་ལྗོངས་གཟིགས་ཁུལ་ཡིན་ལ། གྲོག་རོང་དང་རགས་ཆེན།མཚོ་མོ་སོགས་ཀྱི་ཡུལ་ལྗོངས་དང་འབྲེལ་ཡོད་པས། ལུས་རྩལ་དང་ལྗོངས་གཟིགས་ཟུང་འབྲེལ་གྱི་རྣམ་པ་བཟང་བོ་ཞིག་ཆགས་ཡོད།ཕུན་སུམ་ཚོགས་པའི་བྱ་འགུལ་གྱི་རྣམ་པ་གང་མང་བཀོད་སྒྲིག་བྱས་ཏེ། འགྲན་རྒྱུག་ཁྲོད་ཀྱི་འགྲན་ཞུགས་པ་ཡོངས་ལ་སྤྲོ་སྣང་སྦྱིན།

བྱ་འགུལ་གྱི་བརྒྱུད་རིམ་ཧྲིལ་བོར་བཞུ་རུང་ཚོན་ལྡན་བཀོལ་སྤྱོད་བྱས་ཏེ།སྐྱེ་ཁམས་དང་ལུས་རྩལ། ལུས་སྦྱོང་བཅས་ཀྱི་རྣམ་པ་དམ་འཛིན་སྒོས་ལང་ཚོའི་དྲང་ནུས་བརྒྱུད་སྤྲོད་ཀྱི་ཞོར་དུ་མཐོ་སྒང་གི་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོང་བྱས།འགྲན་ཞུགས་པ་རྣམས་ཀྱིས་ལུས་ལ་སྟོད་ཐུང་དཀར་པོ་གྱོན་ཞིང་ཕན་ཚུན་ལ་ཚོན་ཐལ་གཏོར་བ་སོགས་ཀྱི་རྩེད་མོ་ལ་རོལ་ནས་རྨ་ཆུའི་གྲོག་རོང་དུ་དགའ་སྐྱིད་ཀྱི་དགོས་སྒྲས་ཁེངས་འདུགབྱ་འགུལ་གྱི་མཇུག་ཏུ་རྨ་ཆུའི་འགྲམ་རྒྱུད་དང་ཀྱལ་རྟའི་ཁུག མེ་ཕུང་། རོལ་དབྱངས།ཟས་མཆོག རྒྱན་ལེན་སོགས་ཀྱི་སྤྲོ་སྐྱིད་ལ་ཉམས་ལེན་བྱས།

热门新闻

热门图库

热门排行