ཁྲི་ཀ་རྫོང་ལ་ཟེ་བ་གྲོང་བརྡལ་ཏང་ཀྲི་པུའུ་ཡིས་ཏང་གི་བརྗོད་དོན་ཉིན་མོའི་བྱ་འགུལ་སྤེལ།
ཟླ4པའི་ཚེས7ཉིན། ཁྲི་ཀ་རྫོང་ལ་ཟེ་བ་གྲོང་བརྡལ་ཏང་ཀྲི་པུའུ་ཡིས་སྡོང་འཛུགས་ནགས་སྐྲུན་གྱི་གདོང་ལེན་ནུས་པ་འདོན་སྤེལ་བྱས་ཏེ། ཏང་གི་རྗེས་སུ་འབྲངས་ནས་ཐོག་མའི་བསམ་འདུན་མངོན་འགྱུར་བྱེད་ཅེས་པ་བརྗོད་དོན་ཡིན་པའི་ཏང་གི་ཉིན་མོའི་བྱ་འགུལ་སྤེལ་ཏེ། ལག་ལེན་དངོས་ཀྱི་ཐོག་ནས་ལ་ཟེ་བ་གྲོང་བརྡལ་ལ་ལྗང་མདོག་གི་སྐྱེ་སྟོབས་གསར་པ་བསྣན།
ཁྲི་ཀ་རྫོང་ལ་ཟེ་བ་གྲོང་བརྡལ་གྱི་གཞུང་ལམ་གཙོ་བོའི་སྡོང་འཛུགས་བྱ་ཡུལ་དུ་གང་སར་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཡོད་ལ། ཏང་ཡོན་དང་ལས་བྱེད་པ། དང་བླངས་པ་བཅས་ཀྱིས་ལས་བགོས་མཉམ་ལས་དང་གཞོགས་འདེགས་གང་ལེགས་བྱས་ཏེ། ཚང་མས་ས་དུང་བརྐོ་བ་དང་སྡོང་ཕྲུག་འཛུགས་པ་སོགས་ཀྱི་ལས་རིམ་རེ་རེ་བཞིན་ཏན་ཏིག་དང་ཞིབ་ཚགས་ཀྱིས་སྒྲུབ་ཏེ། ཡུལ་དངོས་སུ་མཐུན་སྒྲིལ་མཉམ་ལས་དང་དངོས་སྒྲུབ་ལག་ལེན་གྱི་རྣམ་པ་བཟང་བོ་ཞིག་མངོན་ཡོད།
ཁྲི་ཀ་རྫོང་ལ་ཟེ་བ་གྲོང་བརྡལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དབྱང་ལི་ཅུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས། འགྱུར་བ་བཅུའི་ཏང་འཛུགས་སྐྱོང་གི་བྱ་བ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་ཆེད། ལ་ཟེ་བ་གྲོང་བརྡལ་ཏང་ཨུས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚན་ཁག་གི་ཁོངས་མིའི་བརྩོན་སེམས་ལ་སྐུལ་སློང་གང་ལེགས་བྱས་ཏེ། གྲོང་བརྡལ་ལས་ཁུངས་ཀྱི་ཏང་ཡོན་དང་ལས་བྱེད་པ། སྡེ་སྡོད་ལས་བྱེད་པ། སྡེ་བ་སོ་སོའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཅས་རྩ་འཛུགས་བྱས་ནས་སྡོང་འཛུགས་ནགས་སྐྲུན་གྱི་གདོང་ལེན་ནུས་པ་འདོན་སྤེལ་བྱས་ཏེ། ཏང་གི་རྗེས་སུ་འབྲངས་ནས་ཐོག་མའི་བསམ་འདུན་མངོན་འགྱུར་བྱེད་ཅེས་པའི་མཉམ་འབྲེལ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱ་འགུལ་སྤེལ་ནས། ཏང་ཡོན་ལས་བྱེད་པར་མདུན་དུ་སྐྱོད་པ་དང་མིག་དཔེ་སྟོན་པའི་སྣེ་ཁྲིད་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་གྲོང་བརྡལ་ལྗང་སྒྱུར་བྱ་བ་སྤེལ་ནས། གཏན་སྡོད་ལ་འཚམ་པའི་ཁྱིམ་གཞིས་ཤིག་མཉམ་དུ་བསྐྲུན་རྒྱུ་ཡིན་ཟེར།
གཞུང་དངོས། ཚང་མས་འབད་པ་ལ་བརྟེན་ནས་གསོམ་སྡོང་དང་ཨ་གར་རྐང120ཡི་བཙུགས་ནས། དཔྱིད་དུས་ཀྱི་ལ་ཟེ་བ་གྲོང་བརྡལ་ལ་གསོན་ཤུགས་གསར་བ་བསྩལ་ཏེ། ཏང་འཛུགས་ཀྱི་ཁ་དོག་དམར་པོ་དང་སྐྱེ་ཁམས་ཀྱི་ཁ་དོག་ལྗང་ཁུ་ཡིས་ལ་ཟེ་བ་གྲོང་བརྡལ་གྱི་ས་གཞིའི་སྟེང་བཀྲག་མདངས་གསར་བ་བསྣན་ཡོད།
ཁྲི་ཀ་རྫོང་ལ་ཟེ་བ་གྲོང་བརྡལ་ལམ་འགྲམ་གྱི་ཚོང་བ་ཞིང་མེ་ཧྭ་ཡིས་བཤད་རྒྱུར། དེ་རིང་གནས་འདི་རུ་སྡོང་ཕྲུག་མང་པོ་བཙུགས་ཏེ། སྔོན་ཆད་ཀྱི་སྐྱ་ཐིང་ཐིང་གི་སྲང་ལམ་དེ་ལྗང་ལམ་མེར་སྒྱུར་བས། ངོ་མ་ཅིག་ཡག་གི་ཟེར།
དཔྱིད་དུས་སྡོང་ཕྲུག་རྐང་གཅིག་བཙུགས་ན། སྟོན་དུས་གྲིབ་བསིལ་མཉམ་རོལ་བྱ་ཐུབ། སྡོང་ཕྲུག་རེ་རེའི་སྐྱེ་སྟོབས་ལས་གསོན་ཤུགས་དང་རེ་བ་མཐོང་ཐུབ་པ་མ་ཟད། ལ་ཟེ་བ་གྲོང་བརྡལ་གྱི་ཏང་ཡོན་ལས་བྱེད་པའི་གཏན་སྡོད་ལས་འཚམ་གྱི་མཛེས་པའི་གྲོང་གསེབ་མཉམ་བསྐྲུན་བྱེད་པའི་ཐོག་མའི་བསམ་འདུན་ཡང་མཚོན་ཡོད།