རྒྱལ་ནང་། 详情

《རྒྱལ་ཁབ་བདེ་འཇགས་སློབ་གསོའི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཀློག་དེབ》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་སློབ་དེབ་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་དང་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱིས་སྒྲིག་འཛུགས་བྱས་ནས་རྩོམ་སྒྲིག་བྱས་པའི《རྒྱལ་ཁབ་བདེ་འཇགས་སློབ་གསོའི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཀློག་དེབ》ཉེ་སྔོན་མི་དམངས་དཔེ་སྐྲུན་ཁང་དང་མི་དམངས་སློབ་གསོ་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་ཐོག་དཔེ་སྐྲུན་འགྲེམས་སྤེལ་བྱས། 

《རྒྱལ་ཁབ་བདེ་འཇགས་སློབ་གསོའི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཀློག་དེབ》ལ་ཁྱོན་དེབ་བཞི་ཡོད་པ་དེ་དག་སློབ་ཆུང་གི་ཀློག་དེབ་གོང་འོག་དང་། དམའ་རིམ་སློབ་འབྲིང་གི་ཀློག་དེབ་གཅིག མཐོ་རིམ་སློབ་འབྲིང་གི་ཀློག་དེབ་གཅིག་བཅས་སུ་དབྱེ་ཡོད། ཞིབ་ཕྲ་ནས་སྤྱི་མཚན་དུ་གྱུར་པ་དང་། མངོན་སུམ་གྱི་ཤེས་རྟོགས་ནས་རྗེས་དཔག་གི་ངོས་འཛིན་བར་གྱི་བསམ་ཕྱོགས་ལ་གཞིགས་ནས་ཀློག་དེབ་ཀྱི་མི་འདྲང་བའི་ནང་དོན་རྩོམ་སྒྲིག་བྱས་ཡོད།

དེའི་ནང་། སློབ་ཆུང་གི་ཀློག་དེབ་གོང་མའི་ནང་གཙོ་བོ་རྒྱལ་ཁབ་བདེ་འཇགས་ཀྱི་གཞི་རྩའི་རྒྱུན་ཤེས་ངོ་སྤྲོད་བྱས་ཡོད་པ་དང་། སློབ་ཆུང་གི་ཀློག་དེབ་རྗེས་མའི་ནང་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བ་ཡོད་པའི་གྱོད་དཔེ་དང་གཏམ་རྒྱུད་བདམས་སྒྲིག་བྱས་ཡོད། དམའ་རིམ་སློབ་འབྲིང་གི་ཀློག་དེབ་ནང་གྱོད་དཔེ་བརྒྱུད་དེ་ཤེས་བྱ་བརྗོད་པའི་བྱ་ཐབས་བརྒྱུད་སློབ་མས་རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ལྟ་བ་སྔར་བས་ཤེས་རྟོགས་ཐུབ་པར་ཁྲིད་སྟོན་བྱས་ནས་ཁྱབ་ཁོངས་ཁག་གི་བདེ་འཇགས་ཀྱི་གཞི་རྩའི་ངོས་འཛིན་ཆགས་པར་བྱས་ཡོད། མཐོ་རིམ་སློབ་འབྲིང་གི་ཀློག་དེབ་དེ“མཐའ་འཁྱོངས་བཅུ”ལ་དམིགས་ནས་སྤེལ་ཏེ། སློབ་མར་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱིས་རྒྱལ་ཁབ་འཕེལ་རྒྱས་ལ་ཐོན་པའི་ནུས་པ་གལ་ཆེན་ངོས་འཛིན་བྱ་རྒྱུར་ཁྲིད་སྟོན་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཡིད་ཆེས་དང་ཆོད་སེམས་སྲ་བརྟན་དུ་བཏང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། 《རྒྱལ་ཁབ་བདེ་འཇགས་སློབ་གསོའི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཀློག་དེབ》ནི་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་འབྲིང་རིམ་ལས་རིགས་སློབ་གྲྭས་རྒྱལ་ཁབ་བདེ་འཇགས་སློབ་གསོ་སྤེལ་བ་དང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱེད་པའི་དབང་གྲགས་ལྡན་པའི་དཔེ་དེབ་ཅིག་ཡིན་པ་དང་། དཔེ་སྐྲུན་བྱས་ཟིན་པའི《རྒྱལ་ཁབ་བདེ་འཇགས་སློབ་གསོའི་སློབ་ཆེན་སློབ་མའི་ཀློག་དེབ》དང་མཉམ་དུ་སློབ་ཆུང་དང་། དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་བཅས་ནས་སློབ་ཆེན་བར་གྱི་སློབ་དུམ་ཧྲིལ་པོར་འབྲེལ་མཐུད་ནུས་ལྡན་བྱས་ཡོད་པས། རྒྱལ་ཁབ་བདེ་འཇགས་སློབ་གསོ་གཞི་གཅིག་ཅན་དུ་འགྱུར་བར་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས་ཡོད། །


热门新闻

热门图库

热门排行