སྲིད་དོན། 详情

མཚོ་སྐོར་ས་ཁུལ་གྱི་རོང་འབྲོག་པའི་ཞབས་ཞུའི་ནུས་རྩལ་གསོ་སྦྱོང་འཛིན་གྲྭ་ཐེངས་དང་པོ་སྤེལ་མགོ་ཚུགས་པ།

2026-04-15 09:32:10 来源: 作者: 编辑:文毛却

རང་ཚགས་པར་གྱི་འཕྲིན།ཟླ4པའི་ཚེས10ཉིན། ཁུལ་དང་རྫོང་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་དང་མཉམ་འབྲེལ་སྒོས་གུང་ཧོ་རྫོང་མཚོ་སྐོར་ས་ཁུལ་གྱི་རོང་འབྲོག་པའི་དམངས་སྲོལ་མགྲོན་ཁང་གི་ཞབས་ཞུའི་ནུས་རྩལ་གསོ་སྦྱོང་འཛིན་གྲྭ་ཐེངས་དང་པོ་བདེ་བླག་ངང་སྤེལ་མགོ་ཚུགས་ཤིང་།ཐེངས་འདིའི་གསོ་སྦྱོང་གིས་འགྱུར་བ་བཅུའི་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱེད་པ་དང་།མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་དང་སྐྱེ་ཁམས་ཉེན་གཡོལ་གནས་སྤོར་བཀོད་སྒྲིག་གི་བླང་བྱ་གཙོར་བཟུང་སྟེ།མཚོ་སྐོར་ས་ཁུལ་གྱི་རོང་འབྲོག་པའི་ལས་ཞུགས་ནུས་རྩལ་མཐོ་རུ་བཏང་ནས།མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བར་ནུས་པ་གལ་ཆེན་བཏོན།

གསོ་སྦྱོང་དེ་དམངས་སྲོལ་མགྲོན་ཁང་གི་ཞབས་ཞུའི་ཉེར་སྤྱོད་ནུས་རྩལ་ལ་དམིགས་ནས།གཞུང་ལུགས་སློབ་གསོ་དང་དངོས་ཡོད་ལག་ལེན་གྱི་སློབ་ཁྲིད་བྱེད་སྟངས་སྤྱད་དེ། ཀྲུང་ལུགས་ཀྱི་གཡོས་སྦྱོར་དང་མགྲོན་ཁང་གི་ཞབས་ཞུ། ཀྲུང་ལུགས་ཀྱི་ཕྱེ་ཐུགཁྱིམ་ལས་ཞབས་ཞུ་སོགས་རོང་འབྲོག་མང་ཚོགས་ཀྱི་དགོས་མཁོ་དང་འཚམ་པའི་སློབ་ཁྲིད་བཀོད་སྒྲིག་བྱས་ནས།སློབ་མ་ཚོའི་སློབ་སྦྱོང་ཁྲོད་ནས་ཉེར་སྤྱོད་ལག་རྩལ་ཁོང་དུ་ཆུད་པ་དང་ཞབས་ཞུའི་ནུས་པ་ཆེ་རུ་བཏང་།ཐེངས་འདིའི་གསོ་སྦྱོང་རིམ་པ་གསུམ་ལ་དབྱེ་ནས་སློབ་ཁྲིད་བྱས་ཤིང་།རིམ་པ་རེར་མི36རེ་དང་དུས་ཡུན་ཉིན5ཡིན་ལ།གཅིག་བསྡུས་གསོ་སྦྱོང་བརྒྱུད་མང་ཚོགས་ལ་ལག་རྩལ་ཞིག་འཐོབ་པར་བྱས་ཏེ་མ་འོངས་པའི་ལས་ཞུགས་དང་ལས་གཏོད་ལ་རྨང་གཞི་བཏིངས།

གསོ་སྦྱོང་འཛིན་གྲྭའི་སློབ་མ་གཡང་སྐྱིད་ཀྱིས་བཤད་རྒྱུར།ཐེངས་འདིའི་གསོ་སྦྱོང་འཛིན་གྲྭའི་ནང་ཞུགས་ཐུབ་པར་ཧ་ཅང་དགའ་ཡོད།གསོ་སྦྱོང་འདི་ང་ཚོར་མཚོན་ན་ལས་ཞུགས་ལ་རོགས་འདེགས་བྱེད་པའི་གོ་སྐབས་བཟང་བོ་ཞིག་རེད།ངས་ནན་ཏན་གྱིས་གཡོས་སྦྱོར་དང་མགྲོན་ཁང་གི་ཞབས་ཞུ་སོགས་ཉེར་སྤྱོད་ནུས་རྩལ་ཁོང་དུ་ཆུད་པར་འབད་བརྩོན་བྱས་ཏེ།གསོ་སྦྱོང་འདིའི་ཁྲོད་བསླབས་པའི་ནུས་རྩལ་དེ་མ་འོངས་པའི་བྱ་བའི་ཁྲོད་སྤྱད་དེ་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་དེ་འཚོ་བ་སྔར་ལས་ཇེ་ལེགས་སུ་འགྲོ་ཐུབ་པའི་རེ་བ་ཡོད་ཟེར།།


热门新闻

热门图库

热门排行