གནད་བསྡུས། 详情

མཛོ་སྣ་སྡེ་བས་མི་སྡོད་ཁོར་ཡུག་བཅོས་སྐྱོང་གི་བྱ་འགུལ་སྤེལ་བ།

2026-04-15 09:23:55 来源: 作者: 编辑:文毛却

རང་ཚགས་པར་གྱི་འཕྲིན།ཉེ་ཆར།ཁྲི་ཀ་རྫོང་ལ་ཟེ་བ་གྲོང་བརྡལ་མཛོ་སྣ་སྡེ་བ་རུ།འགྱུར་བ་བཅུའི་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་འོགསྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་པའི་བློ་མཐུན་རྣམས་སྡེ་བའི་གྲུ་ཟུར་རེ་རེ་ན་འཆམ་མཐུན་ཁྱིམ་གཞིས་སྲུང་བའི་ལས་ལ་བྲེལ་གྱིན་འདུག

མཛོ་སྣ་སྡེ་བ་རུ་ཐོན་པ་ན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་པའི་བློ་མཐུན་ཚོས་ཕྱགས་མ་དང་ལྕགས་ཁེམ།གད་སྙིགས་ཁུག་མ་བཅས་བཟུང་སྟེ།ལ་ལས་སྡེ་བའི་ལམ་སྟེང་གི་གད་སྙིགས་ལ་གཙང་སྦྲ་བྱེད་བཞིན་ཡོད་ལ།ལ་ལས་ཁང་བའི་ཉེ་འཁོར་གྱི་དངོས་ཟོག་ལ་བདག་གཉེར་བྱེད་བཞིན་ཡོད།ཡང་ཁ་ཤས་ཤིག་སྡེ་མིའི་ཁྱིམ་དུ་སོང་ནས་ར་སྐོར་སོགས་ཁྱིམ་ཚང་གི་གྲུ་ཟུར་རེ་རེར་གཙང་སྦྲ་གང་ལེགས་བྱེད་བཞིན་ཡོད།

འགྱུར་བ་བཅུའི་ཏང་འཛུགས་སྐྱོང་གི་ལས་དོན་སྤེལ་བ་ནས་བཟུང་།མཛོ་སྣ་སྡེ་བས་གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་པ་བཙུགས་ནས་མི་སྡོད་ཁོར་ཡུག་བཅོས་སྐྱོང་གི་བྱ་བར་དམ་འཛིན་བྱས་ཤིང་།ཁྱིམ་ཚང་གི་ཁོར་ཡུག་ཆུང་ཆུང་ནས་མགོ་བརྩམས་ནས་སྡེ་བ་རིམ་པའི་ཁོར་ཡུག་ཆེན་པོར་རྒྱ་བསྐྱེད་དེ།རྒྱུན་རྣམ་ཅན་གྱི་གཙང་སྦྲ་དང་ཞིབ་ཕྲའི་དོ་དམ་སྲུང་སྐྱོང་སོགས་བྱས་ནས་སྡེ་བའི་ཁོར་ཡུག་ཇེ་ལེགས་སུ་བཏང་།

ལ་ཟེ་བ་གྲོང་བརྡལ་མཛོ་སྣ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་རྣམ་རྒྱལ་རྡོ་རྗེ་ཡིས་བཤད་རྒྱུར།འགྱུར་བ་བཅུའི་ཏང་འཛུགས་སྐྱོང་གི་ལས་དོན་སྤེལ་བ་ནས་བཟུང་།མཛོ་སྣ་སྡེ་བས་མི12ཀྱིས་གྲུབ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་པ་བཙུགས་ཤིང་།ཚོགས་མི་རྣམས་ཀྱིས་ཁྱིམ་ཚང་གི་ཁོར་ཡུག་ནས་སྡེ་བ་རིམ་པའི་ཁོར་ཡུག་བཅོས་སྐྱོང་དང་གད་སྙིགས་སྐྱེལ་འདྲེན།གད་སྙིགས་གཙང་སྦྲའི་དོ་དམ་དང་སྡེ་བའི་ཁོར་སྲུང་རྣམ་པར་ལེགས་བཅོས་བྱེད་པ་སོགས་ཀྱི་བྱ་བ་གཙོར་བཟུང་སྟེ།འགྱུར་བ་བཅུའི་ཏང་འཛུགས་སྐྱོང་གི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད་ཟེར།

ད་ལྟའི་མཛོ་སྣ་སྡེ་བ་ནི་ཁོར་ཡུག་གཙང་ལ་རྣམ་པ་ལེགས་པས།མི་སྡོད་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།དེ་ནི་འགྱུར་བ་བཅུའི་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་ལག་ལེན་དངོས་ཡིན་ལ།མཛེས་པའི་གཏན་སྡོད་དེ་མཛོ་སྣ་སྡེ་བའི་ཁྱད་ཆོས་སུ་གྲུབ་ཡོད་ལ།གྲོང་གསེབ་དར་སྤེལ་གྱི་སྐྱེ་ཁམས་ཀྱི་རྣམ་པ་གསར་པ་ཞིག་ཏུའང་ཆགས་པར་བྱས་ཡོད།།


热门新闻

热门图库

热门排行