སྲིད་དོན། 详情

2026ལོའི་མཚོ་ལྷོ་ཁུལ་གྱི་རྨ་ཆུ་སྔོན་མོའི་ཡུལ་སྐོར་རྒྱུད་ཀྱི་དཔྱིད་དུས་ཡུལ་སྐོར་དང་ཁྲི་ཀ་རྫོང་གི་རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་ཉི་ཤུ་པའི་བྱ་འགུལ་སྤེལ་མགོ་བརྩམས་པ།

2026-04-15 09:19:30 来源: 作者: 编辑:文毛却

རང་ཚགས་པར་གྱི་འཕྲིན།ཟླ4པའི་ཚེས11ཉིན།དཔྱིད་ཀྱི་དཔལ་ཡོན་རྒྱས།སིལ་སྡོང་མེ་ཏོག་བཞད་ཅེས་པའི2026ལོའི་རྨ་ཆུ་སྔོན་མོའི་ཡུལ་སྐོར་རྒྱུད་ཀྱི་དཔྱིད་དུས་ཡུལ་སྐོར་དང་ཁྲི་ཀ་རྫོང་གི་རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་ཉི་ཤུ་པའི་ཕྲེང་བསྟར་བྱ་འགུལ་དེ་ཁྲི་ཀ་རྫོང་ཆུ་འཁོར་ཐང་ཆེན་དུ་སྤེལ་མགོ་བརྩམས།

བྱ་འགུལ་གྱི་ཡུལ་དངོས་སུ་རྨ་ཆུར་མཆོད་བཀུར་བྱེད་པའི་ཆོ་ག་སྤེལ་ཞིང་།རང་ཞིང་གི་རྨ་ཆུའི་བཞུར་རྒྱུད་ཀྱི་རྫོང16གི་རྨ་ཆུ་ཁྲོ་སྣོད་དུ་བླུགས་ཏེ།རྨ་ཆུའི་རིག་གནས་ཀྱི་རྒྱུན་ཐག་རིང་བའི་ཚེ་སྲོག་གི་གསོན་ཤུགས་མངོན་པར་མཚོན་ཡོད།ཡུལ་དངོས་སུ་ད་དུང་རིག་གནས་ཡུལ་སྐོར་དྲིལ་སྒྲོག་པར་དཔང་ཡིག་ཆ་སྤྲད་དེ།མཚོ་ལྷོ་ཁུལ་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་ཁྱབ་སྤེལ་ལ་སྔར་ལས་རོགས་འདེགས་བྱས།

རིག་རྩལ་འཁྲབ་སྟོན་དེ་བསྟོད་གླུའི་ཁྲོད་མགོ་བརྩམས་ཤིང་།འཁྲབ་སྟོན་ཧྲིལ་བོར་རྨ་ཀླུང་སྔོན་མོ་དང་སིལ་སྡོང་གི་ཞིང་ཁམས།རྒྱང་བསྐྱོད་ཀྱི་ལམ་བུ་གསར་པ་དང་ལམ་ལ་ཆས་ཞེས་པ་བཅས་ཁག་བཞི་རུ་བགོས་ཡོད།སྣ་མང་རིག་རྩལ་འཁྲབ་སྟོན་གཅིག་རྗེས་གཉིས་མཐུད་ཀྱིས་འཁྲབ་མགོ་བརྩམས་ཤིང་།སིལ་སྡོང་མེ་ཏོག་རྣམ་པར་བཞད་པའི་ཁྲི་ཀའི་དཔྱིད་དུས་ཀྱི་དགྱེས་སྟོན་ཆེན་མོ་དེས་ཡུལ་དངོས་ཀྱི་ལྟད་མོ་བ་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག

ཡུལ་དངོས་སུ་ཞིང་ཕྱུགས་ཐོན་རྫས་དང་ཤུལ་བཞག་རིག་དངོས་འགྲེམ་འཚོང་ཁུལ་བཀོད་སྒྲིག་བྱས་ཏེ། སྤུས་ལེགས་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་དང་ཁྱད་ལྡན་ཙོང་ཆུའི་ཡུལ་སྲོལ་ཀྱི་ཤུལ་བཞག་རིག་དངོས་འགྲེམ་སྟོན་བྱས་པ་དེས། ས་གནས་ཀྱི་དམངས་སྲོལ་རིག་གནས་དང་གྲོང་གསེབ་དར་སྤེལ་ལ་གསོན་ཤུགས་རྒྱས་ཡོད་པ་མཚོན་པར་བྱས་ནས།རྒྱ་ཆེའི་ཡུལ་སྐོར་བ་རྣམས་ཀྱིས་ཉོ་འཚོང་བྱེད་པར་སྟབས་བདེ་གང་ལེགས་བསྐྲུན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། རང་ཁུལ་གྱིས་ཐེངས་འདིའི་བྱ་འགུལ་གོ་སྐབས་སུ་བཟུང་སྟེ།རྨ་ཆུ་སྔོན་མོའི་ཡུལ་སྐོར་རྒྱུད་ཀྱི་སྤུས་རྟགས་མུ་མཐུད་དུ་ཁྱབ་སྤེལ་བཏང་སྟེ།སྐྱེ་ཁམས་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྤྱི་འདོམས་དང་།རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་འདེགས་རིམ་སྤར་དང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མཛེས་པའི་མཚོ་སྔོན།དག་གཙང་མཚོ་ལྷོ་ཞེས་པའི་མཚན་སྙན་དང་ཤུགས་རྐྱེན་མུ་མཐུད་དུ་ཆེ་རུ་བཏང་ནས།རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཡུལ་སྐོར་སྤུས་མཐོའི་འཕེལ་རྒྱས་དཔེ་སྟོན་ཁུལ་སྐྲུན་པར་ནུས་ཤུགས་འདོན་རྒྱུ་རེད།།


热门新闻

热门图库

热门排行