རང་ཁུལ་གྱིས་འགྱུར་བ་བཅུའི་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་དུ་བསྒྱུར་བར་མཐུན་རྐྱེན་བསྐྲུན་པ།
རང་ཚགས་པར་གྱི་འཕྲིན། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་གཏིང་ཟབ་སྒོས་ལག་བསྟར་བྱེད་པ་དང་།ཏང་ཀྲུང་དབྱང་གི་ཡང་དག་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ།གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་ཆེད།ཉེ་སྔོན།རང་ཁུལ་གྱིས་མཛུབ་སྟོན་བསམ་འཆར་བཏོན་ཏེ།འགྱུར་བ་བཅུའི་ཏང་འཛུགས་སྐྱོང་བྱ་བའི་རྣམ་པ་གསར་གཏོད་དང་ལག་བསྟར་བྱས་ནས།ཏང་འཛུགས་སྐྱོང་གིས་སྤྱི་ཡོངས་ལ་གཅིག་འདོམས་བྱས་ཏེ་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མགོ་ལེགས་པོར་འཛུགས་པ་དང་གོམ་སྟབས་བརྟན་པོ་སྤོ་ཆེད་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་མཁོ་འདོན་བྱས།
ཐེངས་འདིར་ལག་བསྟར་བྱེད་བཞིན་པའི་འགྱུར་བ་བཅུའི་ཏང་འཛུགས་སྐྱོང་གི་བྱ་བ་དེ་ནི་དུས་རབས་ཅན་དང་ལམ་ལུགས་ཅན།མ་ལག་ཅན།ཞིབ་ཕྲ་ཅན།ཚད་ལྡན་ཅན།གནད་འཁེལ་ཅན།ས་ཁུལ་ཅན།མང་ཚོགས་ཅན།གོ་བདེ་ཅན།དངོས་ཕན་ཅན་བཅས་ཀྱི་ནུས་པར་བརྟེན་ནས།གཞི་རིམ་རྩ་འཛུགས་ཀྱི་ནུས་པ་ཞན་པ་དང་མག་མོག་ཡིན་པ།ཕྱི་ཚུལ་ཅན་སོགས་ཀྱི་གནད་དོན་མངོན་གསལ་ཡིན་པ་ཐག་གཅོད་བྱ་རྒྱུར་འབད་བརྩོན་བྱས་ཏེ།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ།གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གསལ་བོ་རྟོགས་པ་དང་།ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་དེ་གཞི་རིམ་བཅོས་སྐྱོང་གི་བརྒྱུད་རིམ་དང་ཕྱོགས་སོ་སོར་ཁྱབ་པར་བྱས་ཏེ།ཏང་འཛུགས་སྐྱོང་གི་ལས་དོན་གྱི་བསམ་བློའི་གཏན་ཚིགས་ལ་འགྱུར་ལྡོག་གཏོང་བ་དང་།ཏང་གི་ལས་དོན་དང་ཏང་འཛུགས་སྐྱོང་གི་བསམ་ཕྱོགས་ལ་འགྱུར་བ་བཏང་ནས།ཏང་གི་ལས་དོན་དང་ཏང་འཛུགས་སྐྱོང་།དེ་བཞིན་ཏང་འཛུགས་སྐྱོང་དང་ལས་དོན་གཙོ་བོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་།
ལས་དོན་ལ་སྐུལ་སྤེལ་གཏོང་བའི་ཁྲོད་དུ།རང་ཁུལ་གྱིས་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ།ཏང་འཛུགས་སྐྱོང་གི་ལས་དོན་དེ་མང་ཚོགས་ཀྱིས་བསམ་བློ་གཏོང་བ་དང་སེམས་ཁུར་བྱེད་པ།རེ་སྒུག་བྱེད་པ་བཅས་དང་ཟུང་འབྲེལ་དམ་པོ་བྱས་ཤིང་།ཏང་འཛུགས་སྐྱོང་ནི་ཏང་ཡོན་གྱི་ལས་དོན་ཡིན་པའི་ཚད་བཀག་ལས་བརྒལ་ཏེ།རིགས་པའི་གཞུང་ལུགས་དང་སྲིད་ཇུས་མང་ཚོགས་དཀྱུས་མར་སྒྲོག་པར་བྱེད་པ།ཤང་དང་གྲོང་རྡལ་དུ1+2+Nདང་།སྡེ་བ(སྡེ་ཁུལ)རུ1+3+Nཡི་རྩ་འཛུགས་སྒྲིག་གཞི་བཙུགས་ཏེ།ཐོན་སྐྱེད་འཕེལ་རྒྱས་དང་རྩོད་གཞི་འདུམ་འགྲིགསྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་།བསམ་བློའི་རིག་གནས་སོགས་ཀྱི་ཆེད་དོན་ཚོགས་ཆུང་བཙུགས་ནས།ཏང་འཛུགས་སྐྱོང་དེ་ཐོན་ལས་འཕེལ་རྒྱས་དང་རྩོད་གཞི་ཐག་གཅོད་བྱེད་པ།ཁོར་ཡུག་བཅོས་སྐྱོང་།རིག་གནས་ཀྱིས་མི་དམངས་ལ་ཕན་འདོགས་པ།སློབ་གསོའི་རོགས་སྐྱོར།བདེ་འཇགས་སྲུང་སྐྱོང་སོགས་དམངས་ཚིས་ཕྱོགས་སུ་བསྲིངས་ཏེ།ཏང་རྩ་འཛུགས་ཀྱིས་གཅིག་འདོམས་དང་སྡེ་ཁག་གིས་མཐུན་སྦྱོར།ཆེད་དོན་ཚོགས་ཆུང་གིས་ལག་བསྟར།མང་ཚོགས་ནང་ཞུགས་པའི་བཅོས་སྐྱོང་གི་རྣམ་པ་ཞིག་ཆགས་པར་བྱས།
དེ་དང་ཆབས་ཅིགས་གནས་ཀྱི་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་སྟེ།འགན་འཁྲི་དང་ལས་འགན།གནད་དོན་སོགས་ཀྱི་རེའུ་མིག་ཞིབ་ཕྲ་བཟོས་ཤིང་།མང་ཚོགས་ཀྱི་བློ་མོས་དེ་ཚད་གཞིར་བཟུང་ནས།དངོས་ཡོད་གནད་དོན་ཐག་གཅོད་པ་དང་འཕེལ་རྒྱས་ཀྱི་དངོས་ཕན་སྐུལ་འདེད་གཏོང་རྒྱུ་དེ་ཞིབ་བཤེར་གྱི་ཚད་གཞིར་བཟུང་སྟེ།གནད་འཁེལ་སྲིད་ཇུས་ལག་བསྟར་དང་ས་གནས་ཀྱི་སྟོབས་ཤུགས་འདོན་པ།མི་དམངས་ཡོངས་ཀྱིས་མཉམ་སྐྲུན་བཅས་བརྒྱུད།ཏང་འཛུགས་སྐྱོང་ལས་དོན་ལ་ས་ཁུལ་གྱི་ཁྱད་ཆོས་ལྡན་པ་དང་མི་སེམས་ལ་དྲོད་ཁོལ་ལྡན་པར་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་དང་གཅིག་སྒྲིལ་ནུས་པ། འབད་འཐབ་ནུས་པ་བཅས་ཕྱོགས་ཡོངས་ནས་མཐོར་འདེགས་སུ་བཏང་།
རྗེས་ཕྱོགས།རང་ཁུལ་གྱིས་མུ་མཐུད་དུ་འགན་འཁྲི་ནན་དུ་བཏང་སྟེ་དོན་འཁྱོལ་བྱེད་པ་དང་།དཔྱད་ཞིབ་དང་དཔྱད་བསྡུར་ལེགས་སྒྱུར་བྱེད་པ།དྲིལ་སྒྲོག་དང་ཁྲིད་སྟོན་ལ་ཤུགས་སྣོན་པ་བཅས་བྱས་ཏེ།འགྱུར་བ་བཅུའི་ཏང་འཛུགས་སྐྱོང་གི་བྱ་བར་བརྟེན་ནས། གཞི་རིམ་ཏང་འཛུགས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ།ཏང་ཡོན་དང་མང་ཚོགས་ལ་དངོས་སྒྲུབ་ཀྱི་སྤྱོད་ལམ་བརྒྱུད་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་པར་སྐུལ་ལྕག་བྱས་ནས།དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་ཞིག་རྩོམ་པར་འབད་བརྩོན་བྱ་རྒྱུ་རེད།།