ཁུལ་ཡོངས་ཀྱི་འགྱུར་བ་བཅུའི་ཏང་འཛུགས་སྐྱོང་བྱ་བའི་ཆེད་དོན་ཚོགས་འདུ་བསྡུས་པ།
རང་ཚགས་པར་གྱི་འཕྲིན། ཟླ3པའི་ཚེས26ཉིན། ཁུལ་ཡོངས་ཀྱི་འགྱུར་བ་བཅུའི་ཏང་འཛུགས་སྐྱོང་བྱ་བའི་ཆེད་དོན་ཚོགས་འདུ་བསྡུས་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་བསམ་བློ་དང་། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་།འགྱུར་བ་བཅུའི་ཏང་འཛུགས་སྐྱོང་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་ནས།དུས་རིམ་རྗེས་མའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས།ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་ཚོགས་འདུར་མགོ་འཛིན་བྱས་ནས་གཏམ་བཤད་གནང་།
ཚོགས་འདུ་ལས་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཁུལ་སྲིད་གྲོས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། འགྱུར་བ་བཅུའི་ཏང་འཛུགས་སྐྱོང་གི་ཆེད་དོན་བྱ་བའི་ཚན་ཁག་དགུ་ཡི་ཚན་གཙོ།རྫོང་ཨུའི་ཧྲུའུ་ཅི་སོ་སོ་བཅས་ཀྱིས་གཏམ་བཤད་བྱས་ཤིང་། ཞུང་ཡོན་ལའེ་ཡིས་དེ་དག་ལ་རེ་རེ་བཞིན་དཔྱད་བརྗོད་གནང་སྟེ། མི་འདང་ས་བསྟན་ནས་བླང་བྱ་བཏོན་པ་རེད།ཚོགས་འདུ་ལས་འགྱུར་བ་བཅུའི་ཏང་འཛུགས་སྐྱོང་བྱ་བ་མགོ་བརྩམས་པའི་ཚུན་ལ་ཁུལ་རིམ་པའི་མགོ་ཁྲིད་སོ་སོས་སྣེ་ཁྲིད་དེ་གཞི་རིམ་དུ་སོང་ནས་རྟོག་ཞིབ་གཏིང་ཟབ་བྱས་ནས།གཅིག་གྱུར་གྱིས་མཐུན་སྦྱོར་དང་བྱ་བར་ཁྲིད་སྟོན།ལྟ་སྐུལ་དོན་འཁྱོལ་བཅས་བྱས་ནས།ཁུལ་རིམ་པའི་ཆེད་དོན་བྱ་བའི་ཚན་ཆུང་དང་།རྫོང་སོ་སོ་དང་སྡེ་ཁག་སོ་སོ་བཅས་ཀྱིས་ཁུལ་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར་མགྱོགས་མྱུར་ངང་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ། ཁུལ་ཡོངས་ཀྱི་འགྱུར་བ་བཅུའི་ཏང་འཛུགས་སྐྱོང་བྱ་བའི་སྤྱིའི་འཕེལ་ཕྱོགས་དང་རྣམ་པ་ཆགས་བཞིན་ཡོད་ཅེས་བསྟན།
ཚོགས་འདུ་ལས་འགྱུར་བ་བཅུའི་ཏང་འཛུགས་སྐྱོང་བྱ་བར་སྐུལ་འདེད་གཏོང་བར་མང་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ།གཞི་རིམ་བཅོས་སྐྱོང་བྱ་བ་ལེགས་པར་སྒྲུབ་ནས་མང་ཚོགས་ཀྱི་འདོད་བློ་དང་དམངས་ཚིས་དགོས་མཁོ་དེ་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ།བྱ་བ་སོ་སོའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས།ཞིང་སྡེའི་རྒྱུ་ནོར་གསུམ་གྱི་དོ་དམ་ལ་ཤུགས་སྣོན་བྱས་ནས།ཀུང་ཟིས་མཉམ་ལས་ཁང་ལ་སྐུལ་ཁྲིད་བྱས་ཏེ་རྒྱུ་ནོར་གྱི་རིན་ཐང་སྲུང་བ་དང་འཕར་སྣོན་ཡོང་བར་བྱ་དགོས།ངལ་ལས་མི་སྣའི་དགོས་མཁོ་དང་འཚམ་པར་བྱེད་པ་དང་།ལག་རྩལ་ཁྱབ་གདལ་དུ་གཏོང་བའི་ཞབས་ཞུ་ཤུགས་ཆེར་གཏོང་བ།ལས་གཞིའི་ཐོན་ལས་ལ་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ཏེ།ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ལེགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས།མང་ཚོགས་ལ་སྐུལ་སློང་བྱས་ཏེ་རྩོད་གཞིར་འབྱུང་རྩ་ནས་ཞིབ་བཤེར་དང་ཐག་གཅོད་བྱ་དགོས་ཤིང་།སྡེ་བ་ལས་བརྒལ་བའི་མཉམ་འབྲེལ་ཐག་གཅོད་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ།དོན་དག་ཆུང་ཆུང་སྡེ་བའི་ནང་ནས་ཐག་གཅོད་བྱེད་པ་དང་རྩོད་གཞི་གོང་རིམ་ལ་མི་སྤྲོད་པར་བྱ་དགོས།ར་སྐོར་གྱི་ལྗང་སྒྱུར་མཛེས་བཟོ་དང་སྡེ་བའི་རྣམ་པ་ལེགས་བཅོས།གོམས་སྲོལ་བཟང་བོ་ཆགས་པ་བཅས་ནས་མགོ་བརྩམས་ཏེ།མང་ཚོགས་རང་འགུལ་གྱིས་མཐོ་སྒང་གི་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་ཁྲོད་ཞུགས་པར་སྣེ་ཁྲིད་ནས།སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཚིས་ལེགས་བཅོས་གཅིག་གྱུར་སྐུལ་འདེད་བྱ་དགོས།བསམ་བློའི་རིག་གནས་དང་བསམ་བློའི་དྲིལ་སྒྲོག་བྱ་བ་ལེགས་པོར་བསྒྲུབ་སྟེ།འདུ་ཤེས་འཛིན་སྟངས་ཀྱི་བྱ་བ་ཞིབ་ཕྲ་ཅན་དང་འཚོ་བ་ཅན་དུ་བསྒྱུར་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་དགོས།སློབ་གསོའི་ལྟ་སྐུལ་དང་ཕན་ཚུན་རོགས་རམ་གྱི་བྱ་བར་གཅིག་གྱུར་བཀོད་འདོམས་བྱས་ཏེ།སློབ་བྱོལ་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་།ཡང་བསྐྱར་དབུལ་བོར་འགྱུར་བ་དང་རྐྱེན་ལ་བརྟེན་ནས་དབུལ་བོར་འགྱུར་བ་བཅས་གཏན་འགོག་བྱས་ནས་གཞི་རིམ་བཅོས་སྐྱོང་གི་སྤྱིའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུ་ལས་བསམ་བློའི་གོ་རྟོགས་ཐད་མུ་མཐུད་དུ་ནུས་ཤུགས་བཏོན་ཏེ།འགྱུར་བ་བཅུའི་ཏང་འཛུགས་སྐྱོང་གི་ཕུན་སུམ་ཚོགས་པའི་ནང་དོན་དང་ལག་ལེན་དངོས་ཀྱི་བླང་བྱར་གོ་བ་ཟབ་མོ་ལེན་པ་དང་།རྫོང་དང་ཤང་།སྡེ་བ་བཅས་ཀྱི་ལས་བྱེད་པའི་ལས་སྒོའི་གསོ་སྦྱོང་སྤེལ་བར་དམ་འཛིན་བྱས་ཏེ།སློབ་སྦྱོང་གི་གྲུབ་འབྲས་དེ་བྱ་བར་བཀོད་འདོམས་དང་གནད་དོན་ཐག་གཅོད།ལག་ལེན་ལ་སྐུལ་འདེད་བྱེད་པ་བཅས་ཀྱི་ཞིབ་ཕྲའི་བྱེད་ཐབས་སུ་བསྒྱུར་དགོས།འགན་འཁྲི་ཕྲག་འཁུར་གྱི་ཐད་མུ་མཐུད་དུ་ཤུགས་བརྒྱབ་སྟེ།མགོ་ཁྲིད་ཚན་ཆུང་དང་བྱ་བའི་ཚན་ཁག་གིས་རང་གི་ལས་གནས་བརྟན་སྲུང་དང་ཕན་ཚུན་འབྲེལ་མཐུད་བྱེད་པ།ཆེད་དོན་བྱ་བའི་ཚན་ཁག་གིས་དོན་གཉེར་གྱི་བྱེད་ཐབས་བཅས་བཟོས་ཏེ།དམིགས་འབེན་ཁ་གསལ་དང་འགན་འཁྲི་དོན་འཁྱོལ་ཞིབ་ཕྲ་ཡོང་བར་བྱ་དགོས།རྫོང་ཨུ་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོས་ལས་འགན་ཕྲག་ཏུ་འཁུར་ནས་སྐུལ་འདེད་དང་ལག་ལེན་ལ་དམ་འཛིན་བྱེད་པ་དང་།སྡེ་ཁག་སོ་སོས་མཉམ་འབྲེལ་མཉམ་སྐྲུན་བྱས་ནས་ཐོན་ཁུངས་དང་མ་དངུལ་སོགས་གཞི་རིམ་དུ་གཏོང་བར་སྐུལ་འདེད་བྱ་དགོས།བྱ་བའི་ལས་ཆོད་མཐོར་འདེགས་ཀྱི་ཐད་མུ་མཐུད་དུ་ཤུགས་རྒྱག་པ།ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བར་ཟུང་འབྲེལ་བྱས་ཏེ།དམངས་ལ་བདེ་སྐྱིད་བསྐྲུན་པ་དེ་སྲིད་འབྲས་ཆེན་པོར་བརྩིས་ནས་གཞི་རིམ་གྱི་འཐུས་མི་གཉིས་དང་ཨུ་ཡོན་གཅིགདེ་མིན་མང་ཚོགས་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།ཏང་གི་མང་ཚོགས་ལམ་ཕྱོགས་སུ་ལེགས་པོར་བསྐྱོད་དེ་ཞབས་ཞུ་དམངས་ཀྱི་གམ་དུ་བསྐྱལ་དགོས།དངོས་སྒྲུབ་གཙིགས་འཛིན་ཇེ་དམ་དུ་གཏོང་བའི་ཐད་མུ་མཐུད་དུ་ཤུགས་རྒྱག་པ་དང་ཆེད་དོན་ལས་སྒྲུབ་ཚོགས་པའི་ནུས་པ་འདོན་སྤེལ་བྱས་ནས།ཕན་འབྲས་ཀྱི་རྗེས་སྙེག་འདྲི་རྩད་བྱེད་ཤུགས་ཆེ་རུ་བཏང་སྟེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔོན་འགོག་བྱས་ནས་འགན་འཁྲི་ཁག་དོན་འཁྱོལ་ཡོང་བར་འགན་ལེན་བྱ་དགོས་ཞེས་རེ་བ་བཏོན།།