གནད་བསྡུས། 详情

རང་ཁུལ་གྱིས་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་བསྡུས་པ།

2026-04-13 20:34:46 来源: 作者: 编辑:超级管理员

རང་ཚགས་པར་གྱི་འཕྲིན།ཟླ3པའི་ཚེས5ཉིན་ནས་ཚེས10ཉིན་བར། ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་དེ་ཁུལ་ཨུའི་ཏང་གི་སློབ་གྲྭར་བསྡུས་ཤིང་།དཔེ་ཀློག་འཛིན་གྲྭས་ཏང་འཛུགས་སྐྱོང་དམངས་ཀྱི་ཆེད་དང་དམངས་ལ་བདེ་སྐྱིད་བསྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་པ།དངོས་སྒྲུབ་གཙིགས་འཛིན་བཅས་ཀྱི་བྱ་བའི་སྤྱིའི་བླང་བྱར་གཞིགས་ཏེ།ཚད་གཞི་མཐོ་ཞིང་སྤུས་ཚད་ལ་དོ་སྣང་།ཕན་འབྲས་དོན་གཉེར་བཅས་རྒྱུན་འཁྱོངས་བྱས་ནས།གཞུང་ལུགས་སློབ་སྦྱོང་དེ་ཁོང་དུ་ཆུད་པ་དང་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།

ཁུལ་ཨུས་དཔེ་ཀློག་འཛིན་གྲྭ་ལེགས་པར་སྒྲུབ་པ་དེ་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་ཟབ་སྤེལ་བྱེད་པའི་གནད་འགག་གི་བྱེད་ཐབས་ཤིག་ཡིན་པའི་ཆ་ནས། སེམས་ཞིབ་མོས་འཆར་འགོད་དང་ལག་བསྟར་ལ་སྐུལ་འདེད་བྱས་ཏེ། ཁུལ་རིམ་པ་གཞོན་པའི་མགོ་ཁྲིད་ལས་བྱེད་པ་དང་ཁུལ་ཨུའི་པུའུ་ཨུ་སོ་སོའི་འགན་འཁུར་བློ་མཐུན། ཁུལ་ཐད་གཏོགས་སྡེ་ཁག་སོ་སོ་དང་མི་དམངས་ཚོགས་པའི་ཏང་ཙུའུ་(ཏང་ཨུའི)ཧྲུའུ་ཅི།རྫོང་ཨུ་སོ་སོའི་ཧྲུའུ་ཅི་བཅས་བསྡོམས་པས་མི79རྩ་འཛུགས་བྱས་ཏེ།མི་སྒེར་གྱི་རང་རྟོགས་དང་གཅིག་བསྡུས་སློབ་སྦྱོང་།བགྲོ་གླེང་བཅས་ལ་དམ་འཛིན་བྱས་ནས། དུས་རིམ་དང་པོའི་ཉིན4རིང་ལ་སེམས་རྣལ་དུ་ཕབ་ནས་རང་སྦྱོང་བྱས་པ་དང་དུས་རིམ་གཉིས་པའི་ཉིན2རིང་ལ་ཏང་གི་སློབ་གྲྭར་ཞག་སྡོད་བྱས་ཏེ།གཅིག་བསྡུས་སློབ་སྦྱོང་དང་ཕན་ཚུན་བསམ་བློ་བརྗེ་རེས་བྱས་ནས།དཔེ་ཀློག་འཛིན་གྲྭ་དེ་གཞུང་ལུགས་ལ་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་པའི་རྟེན་གཞི་གཙོ་བོར་གྱུར་ལ། དེ་དང་ཆབས་ཅིག་ཏུ་འགན་འཁྲི་མཚུངས་བ་དང་ལས་གནས་ཐག་ཉེ་བ།ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་སྐུལ་འདེད་བཅས་བྱེད་པའི་རྩ་དོན་ལྟར།ཁུལ་ཐད་གཏོགས་ལས་ཁུངས་ཀྱི་རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ162ཡིས་གྲུབ་པའི་མཉམ་འབྲེལ་དཔེ་ཀློག་འཛིན་གྲྭ10ཡིས་དུས་མཉམ་དུ་གཅིག་བསྡུས་སློབ་སྦྱོང་བྱེད་མགོ་བརྩམས་ཏེ། ཞི་ཅིན་ཕིང་གི་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་རྒྱས་བཤད་གཅེས་བཏུས་ཞེས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་ཀྱི་ལེའུ་དང་དོན་ཚན་རེ་རེ་བཞིན་སློབ་སྦྱོང་བྱས་ཏེ།བསམ་བློའི་ངོས་ཟིན་སྔར་ལས་མཐོར་འདེགས་དང་ཏང་གཤིས་བློ་སྦྱོང་ཇེ་དྲག་ཏུ་བཏང་ནས།སློབ་སྦྱོང་གི་ཕན་འབྲས་དེ་སྔར་ལས་གོ་རིམ་ལྡན་ཞིང་ཡུན་རིང་ཡོང་བར་འགན་ལེན་བྱས།

ཁུལ་ཨུའི་མགོ་ཁྲིད་གཙོ་བོས་སྣེ་ཁྲིད་དེ་སློབ་སྦྱོང་དང་སྒྲོག་བཤད་བྱས་ནས་རང་རང་གི་མྱོང་ཚོར་བརྗོད་པ་དང་།ཟླ3པའི་ཚེས5ཉིན་གྱི་མགོ་ཚུགས་མཛད་སྒོ་དང་ཟླ3པའི་ཚེས9ཉིན་གྱི་གཅིག་བསྡུས་སློབ་སྦྱོང་གི་སྐབས་སུ།ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱས་ཏེ།འགྱུར་བ་བཅུའི་ཏང་འཛུགས་སྐྱོང་ལ་སྐུལ་འདེད་བྱེད་པ་དང་།སུའི་ཆེད་དུ་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་།སྲིད་འབྲས་ཀྱི་ལྟ་བ་ཇི་ལྟ་བུ་ཞིག་འཛུགས་པ།ཅི་ཞིག་ལ་བརྟེན་ནས་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་བཅས་བརྗོད་དོན་གཉིས་ལ་དམིགས་ནས་ཆེད་དོན་ཟུར་ཁྲིད་བྱས་ཏེ།ཁུལ་ཡོངས་ཀྱི་གོང་འོག་ཚང་མའི་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་བཏང་སྟེ། དུས་རབས་གསར་པའི་མང་ཚོགས་ཀྱི་ལམ་ཕྱོགས་སུ་བསྐྱོད་པར་སྣེ་ཁྲིད་ནས།སློབ་སྦྱོང་གི་གྲུབ་འབྲས་དེ་བྱ་བ་འཆར་འགོད་བྱེད་པའི་བསམ་ཕྱོགས་དང་འཕེལ་རྒྱས་སྐུལ་འདེད་གཏོང་བའི་བྱེད་ཐབས།གནད་དོན་ཐག་གཅོད་པའི་ནུས་པ་བཅས་སུ་བསྒྱུར་ཏེ།ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱེད་པར་བསམ་བློའི་རྨང་གཞི་ཇེ་བརྟན་དང་ཡར་ཐོན་གྱི་སྟོབས་ཤུགས་གཅིག་སྒྲིལ་ཞིང་།འགན་ལེན་གྱི་ནུས་པ་ཇེ་དྲག་ཏུ་བཏང་།

དཔེ་ཀློག་འཛིན་གྲྭས་གདན་ཞུ་གནང་ནས་གསལ་བཤད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་གཉིས་ཀྱིས་གདན་ཞུས་ལྟར།ཏང་གིས་ཁྱོན་ཡོངས་ནས་སྣེ་ཁྲིད་བྱ་རྒྱུ་དེ་མཚོ་སྔོན་གྱི་གཞི་རིམ་དུ་ལག་བསྟར་གཏིང་ཟབ་བྱེད་པ་བརྗོད་དོན་དུ་བཟུང་སྟེ།འགྱུར་བ་བཅུ་ཡི་ཏང་འཛུགས་སྐྱོང་གི་བྱ་བའི་བྱེད་ཐབས་འཚོལ་ཞིབ་བྱེད་པ།ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་ལ་ཆེད་དོན་མཛུབ་སྟོན་གནང་བ་དང་།ཞིང་ཆེན་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ལས་སྒོའི་ཁྲུའུ་ཀྲང་གཉིས་ཀྱིས་གདན་ཞུས་ལྟར།ཡིད་ཆེས་བརྟན་པོས་འབད་འཐབ་ལྷོད་མེད་བྱས་ཏེ།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གྱི་རྣམ་པ་གསར་པ་ཧུར་ཐག་གིས་བཏོད་པ་དང་།ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་མ་གཏོང་ལས་གཞིར་འཆར་འགོད་དང་བརྒྱུད་རིམ་ཧྲིལ་པོའི་དོ་དམ་སྐོར་ལ་ཆ་ཚང་བའི་སྒོ་ནས་སློབ་ཁྲིད་བྱས།

སློབ་མ་རྣམས་ཀྱིས་གཅིག་མཐུན་སྒོས་བཤད་རྒྱུར།སློབ་སྦྱོང་གི་བཀོད་སྒྲིག་དེ་དམིགས་ཡུལ་ཡོད་ལ།དོན་དངོས་དང་མཐུན་པས།སློབ་སྦྱོང་གི་བརྒྱུད་རིམ་དེ་སྔར་ལས་གནད་དོན་འཚོལ་ཞིབ་དང་དག་ཐེར་ཡང་དག་བྱེད་པའི་གོ་རིམ་དུ་བསྒྱུར་ཏེ།སློབ་སྦྱོང་གི་ཕན་འབྲས་དེ་དོན་དངོས་ཀྱི་གནད་དོན་ཐག་གཅོད་དང་བྱ་བའི་འཕེལ་རྒྱས་ཐད་མངོན་པར་བྱ་དགོས་པ་དང་།ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་དེ་བསམ་བློ་དང་བྱ་སྤྱོད་གཉིས་ལས་མཚོན་པར་བྱས་ཏེ།རང་ལས་གཞན་ལྷག་གི་བསམ་བློའི་གོ་རྟོགས་དང་འགན་འཁྲིར་བརྟེན་ནས།བྱ་བ་སོ་སོར་ཕན་འབྲས་དངོས་ཐོན་པར་བྱ་རྒྱུ་ཡིན་ཟེར།།


热门新闻

热门图库

热门排行