གནད་བསྡུས། 详情

རང་ཁུལ་གྱི་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་དང་འགྱུར་བ་བཅུའི་ཏང་འཛུགས་སྐྱོང་གི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས་པ།

2026-04-13 20:34:09 来源: 作者: 编辑:超级管理员

རང་ཚགས་པར་གྱི་འཕྲིན།ཟླ3པའི་ཚེས2ཉིན་གྱི་ཕྱི་དྲོར།ཁུལ་ཡོངས་ཀྱི་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་དང་འགྱུར་བ་བཅུའི་ཏང་འཛུགས་སྐྱོང་གི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས་ཤིང་། ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་།ཏང་འཛུགས་སྐྱོང་དང་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན།དེ་མིན་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཏང་འཛུགས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཁག་གི་ཚོགས་འདུའི་དགོངས་དོན་བཅས་ལ་སློབ་སྦྱོང་དང་ལག་བསྟར་བྱས་པར་མ་ཟད།ཁུལ་ཡོངས་ཀྱི་སློབ་སྦྱོང་སློབ་གསོ་དང་འགྱུར་བ་བཅུའི་ཏང་འཛུགས་སྐྱོང་བྱ་བ་སྤེལ་མགོ་རྩོམ་པར་བཀོད་སྒྲིག་བྱས་ཤིང་།ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་ཚོགས་འདུར་མགོ་འཛིན་བྱས་ནས་གཏམ་བཤད་པ་དང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་དང་མཱ་ཅན་ཧུང་།ཚེ་རིང་བཅས་ཚོགས་འདུར་ཞུགས།

ཚོགས་འདུ་ལས་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ད་ལོའི་ཏང་འཛུགས་སྐྱོང་གི་ལས་འགན་གཙོ་བོ་ཡིན་ཞིང་། ས་ཁུལ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལྟར།ཏང་འཛུགས་སྐྱོང་ནི་དམངས་ཀྱི་ཆེད་དུ་ཡིན་པ་དང་དམངས་ལ་བདེ་སྐྱིད་བསྐྲུན་པ།ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་ཆོད་བྱེད་པ།དངོས་སྒྲུབ་གཙིགས་འཛིན་བཅས་ཀྱི་སྤྱིའི་བླང་བྱ་དང་དམ་པོར་སྦྲེལ་ཏེ།སློབ་སྦྱོང་དང་ཞིབ་བཤེར།ལེགས་བཅོས་བཅས་ལྷན་དུ་སྤེལ་བ་དང་།དཔེ་ཀློག་འཛིན་གྲྭ་དང་ཆེད་དོན་བགྲོ་གླེང་འཛིན་གྲྭཉེན་བརྡའི་སློབ་གསོ་བཅས་བེད་སྤྱོད་གང་ལེགས་བྱས་ནས།ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་དེ་ཁོང་དུ་ཆུད་པ་དང་ལག་ལེན་དུ་བསྟར་དགོས་ཤིང་།སྒོ་འབྱེད་སློབ་གསོ་དང་འཕྲལ་སྒྲུབ་འཕྲལ་བཅོས་རྒྱུན་འཁྱོངས་བྱས་ནས་གནད་དོན་གྱི་རྩིས་ཐོ་དེ་གྲུབ་འབྲས་ཀྱི་རྩིས་ཐོར་བསྒྱུར་དགོས།སེམས་ཞིབ་མོས་འཆར་འགོད་དང་བཀོད་སྒྲིགནན་ཏན་སྒོས་རྩ་འཛུགས་ལག་བསྟར་བྱེད་པ།མགོ་ཁྲིད་ལས་བྱེད་པའི་སྣེ་ཁྲིད་དེ་མིག་དཔེ་འདོན་པ་དང་གོང་རིམ་གྱིས་གཞི་རིམ་ལ་མིག་དཔེ་སྟོན་དགོས་ཤིང་།རིགས་བགར་མཛུབ་སྟོན་ལ་ཤུགས་བསྣན་ཏེ་དྲིལ་བསྒྲགས་སྣེ་ཁྲིད་ལ་གཙིགས་འཛིན་དང་སྤུས་ཚད་མཐོ་བའི་སྒོ་ནས་ལས་འགན་ཁག་ལེགས་འགྲུབ་ཡོང་བར་བྱ་དགོས་ཞེས་བསྟན།

ཚོགས་འདུ་ལས་ལོ་རྒྱུས་ཀྱི་ངོས་ནས་ཏང་འཛུགས་སྐྱོང་ལ་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་ལ་བལྟ་བ་དང་དངོས་ཡོད་ཀྱི་ངོས་ནས་ཏང་འཛུགས་སྐྱོང་ལས་བླངས་པའི་རླབས་ཆེན་གྱི་གྲུབ་འབྲས་ལ་བལྟ་བ།མཚོ་ལྷོའི་འཕེལ་རྒྱས་ཀྱི་ངོས་ནས་ཏང་འཛུགས་སྐྱོང་ལས་བླངས་པའི་གྲུབ་འབྲས་ཆེན་པོར་བལྟ་བ།དངོས་ཡོད་གནས་ཚུལ་གྱི་ངོས་ནས་འགྱུར་བ་བཅུའི་ཏང་འཛུགས་སྐྱོང་བྱ་བའི་དགོས་ངེས་རང་བཞིན་ལ་བལྟ་བ་བཅས་བྱས་ཏེ།དངོས་ཐོག་བདེན་འཚོལ་དང་དམ་པ་དོན་གཉེར་ལ་རྒྱུན་འཁྱོངས་དང་མང་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ།མི་དམངས་ཀྱི་ཆེད་དུ་སྲིད་འབྲས་ཐོན་པར་བྱེད་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་འབྲས་ཐོན་པར་བྱས་ནས།ཏང་འཛུགས་སྐྱོང་གི་ཁ་ཕྱོགས་དེ་དུས་རབས་ཅན་དུ་འགྱུར་བ་དང་ཏང་ནང་ཁུལ་གྱི་སྒྲིག་སྲོལ་དེ་ལམ་ལུགས་ཅན་དུ་འགྱུར་བ།གཅིག་གྱུར་སྐུལ་འདེད་དེ་མ་ལག་ཅན་དུ་འགྱུར་བ། བྱ་བའི་བྱེད་ཐབས་དེ་བྱེ་བྲག་ཅན་དུ་འགྱུར་བ།ཏང་འཛུགས་སྐྱོང་གི་ཚད་གཞི་དེ་ཚད་ལྡན་ཅན་དུ་འགྱུར་བ། གནད་དོན་གྱི་ཁ་ཕྱོགས་དེ་གནད་འཁེལ་ཅན་དུ་འགྱུར་བ། འཚོལ་ཞིབ་རྣམ་པ་ས་ཁོངས་ཅན་དུ་འགྱུར་བ། ཏང་འཛུགས་སྐྱོང་ནང་ཞུགས་ཚད་ཡོངས་ཁྱབ་ཅན་དུ་འགྱུར་བ།ཏང་གི་གཞུང་ལུགས་གོ་སླ་བ་ཅན་དུ་འགྱུར་བ། མཇུག་འབྲས་ཀྱི་ཁ་ཕྱོགས་ཕན་འབྲས་ཅན་དུ་འགྱུར་བ་བཅས་ལ་སྐུལ་འདེད་བྱ་དགོས། གཉིས་འབྲེལ་མཉམ་འཛུགས་གཞི་རྟེན་དུ་བཟུང་སྟེ། བྱ་བའི་སྟོབས་ཤུགས་དང་ལས་གཞིའི་མ་དངུལ།དམངས་ཕན་ཞབས་ཞུ་བཅས་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་བྱས་ནས། མང་ཚོགས་ཀྱི་དགོས་མཁོར་གནད་འཁེལ་གྱིས་འབྲེལ་མཐུད་བྱས་ཏེ། ལས་ཞུགས་དང་སློབ་གསོ། སྨན་བཅོས་སོགས་ཁྱབ་ཁོངས་ཀྱི་དཀའ་ངལ་ཆེ་བའི་གནད་དོན་ཐག་གཅོད་བྱ་དགོས་པ་མ་ཟད། བྱས་རྗེས་ལས་རང་ཉིད་ཀྱི་སྙན་གྲགས་གླེང་བའི་བསམ་བློ་འདོར་བ་དང་བྱས་རྗེས་ལ་རང་ཉིད་ཀྱི་ནུས་ཤུགས་འདོན་པའི་ལོ་རྒྱུས་ཀྱི་འགན་ལེན་ལ་བརྟེན་ནས་ལག་ལེན་བྱ་ཕོད་པ་དང་། མི་དམངས་དང་ལོ་རྒྱུས་ཀྱིས་ཞིབ་བཤེར་བྱ་ཕོད་པའི་སྲིད་འབྲས་ཤིག་བསྐྲུན་ཏེ། གཞི་རིམ་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་སུ་གཏོང་བའི་དེང་རབས་ཅན་གྱི་སྤྱི་ཤུགས་གཅིག་ཏུ་སྒྲིལ་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུ་ལས་བྱ་བའི་འགན་འཁྲི་ལག་བསྟར་ནན་མོ་བྱ་དགོས་ཤིང་།ས་གནས་སོ་སོ་དང་སྡེ་ཁག་སོ་སོས་རང་ས་ཁུལ་དང་རང་སྡེ་ཁག་གི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ།བྱ་བའི་མགོ་རྩོམ་ས་དང་ཤུགས་འདོན་ས་འཚོལ་ཞིབ་བྱ་དགོས་པ་མ་ཟད།ཏང་འཛུགས་ཁྲིད་སྟོན་དེ་གཞི་རིམ་བཅོས་སྐྱོང་གི་བརྒྱུད་རིམ་ཡོངས་དང་གོ་རིམ་སོ་སོར་འཇོག་དགོས། བྱ་བ་ལེགས་པོར་བསྒྲུབ་སྟེ།ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་དང་འགྱུར་བ་བཅུ་ཞེས་པའི་ཏང་འཛུགས་སྐྱོང་གི་བྱ་བར་གཅིག་གྱུར་སྐུལ་འདེད་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་དང་ཚད་མཐོའི་འཕེལ་རྒྱས། གཞི་རིམ་བཅོས་སྐྱོང་སོགས་ཀྱི་བྱ་བ་གང་ལེགས་ཀྱིས་སྤེལ་ཏེ།ལོ་ལྔའི་འཆར་གཞི་བཅོ་ལྔ་པ་མགོ་ཡག་པོ་རྩོམ་པར་འབད་པས་སྐུལ་འདེད་བྱ་དགོས། བྱ་བའི་མཛུབ་སྟོན་ལ་ཤུགས་བསྣན་ཏེ། འབྲེལ་གཏུག་ས་ཁུལ་སྟེ་ཤང་དང་གྲོང་བརྡལ་གྱི་མཛུབ་སྟོན་འགན་འཁྲི་ལག་བསྟར་ནན་མོ་བྱས་ནས། གཞི་རིམ་དུ་རྟོག་ཞིབ་མཛུབ་སྟོན་དང་དཀའ་གནད་སེལ་བ།ལག་བསྟར་སྐུལ་འདེད་བཅས་བྱ་དགོས།ཆེད་དོན་བྱ་བའི་ཚན་ཆུང་གི་འགན་འཁྲིའི་ལས་འགན་ཞིབ་ཕྲ་ཅན་དུ་གཏོང་བ་དང་།གཅིག་གྱུར་བཀོད་གཏོང་ནུས་པ་ཇེ་དྲག་ཏུ་བཏང་ནས། བྱ་བ་སོ་སོ་ལག་བསྟར་དོན་འཁྱོལ་བྱེད་པར་འགན་ལེན་བྱ་དགོས། དྲིལ་སྒྲོག་ཁྲིད་སྟོན་ལ་ཤུགས་བསྣན་ཏེ། ཉམས་མྱོང་ལེགས་པོ་དང་བྱེད་ཐབས་བཟང་པོ་གང་མགྱོགས་སྒོས་སྤྱི་བསྡོམས་བྱེད་པ་དང་།དྲིལ་སྒྲོག་ནུས་པ་ཆེ་རུ་བཏང་སྟེ།སྔོན་ཐོན་བརྩོན་ལེན་བྱེད་པའི་མཉམ་འཛུགས་མཉམ་སྐྱོང་གི་རྣམ་པ་བཟང་པོ་ཞིག་ཆགས་པར་འབད་པ་བྱ་དགོས་ཞེས་བླང་བྱ་བཏོན།།


热门新闻

热门图库

热门排行