གཙོ་གནད། 详情

ཞི་ཅིན་ཕིང་གིས་ལི་ཙའེ་མིང་ཧན་གོའི་སྲིད་འཛིན་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

2025-06-05 15:27:34 来源: 作者: 编辑:超级管理员

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་ཙའེ་མིང་ལ་གློག་འཕྲིན་བཏང་ནས། ཁོ་རང་ཧན་གོའི་སྲིད་འཛིན་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཧན་གོ་ནི་ཕན་ཚུན་ཁྱིམ་མཚེས་དང་མཉམ་ལས་རོགས་ཟླ་གལ་ཆེན་ཡིན། ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་པའི་ལོ་ངོ33ཡི་རིང་། ཕྱོགས་གཉིས་ཀྱིས་འདུ་ཤེས་འཛིན་སྟངས་དང་སྤྱི་ཚོགས་ལམ་ལུགས་ཀྱི་ཁྱད་པར་ལས་བརྒལ་ཏེ། ལག་གདང་སྦྲེལ་ནས་མཉམ་དུ་འཕེལ་རྒྱས་དང་ཕན་ཚུན་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་བ་མངོན་འགྱུར་བྱས། དེ་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་སྐྱེད་ལ་ཤུགས་བསྣན་ཡོད་པར་མ་ཟད། ས་ཁུལ་ཀྱི་ཞི་བདེ་དང་བརྟན་ལྷིང་། འཕེལ་རྒྱས་དང་དར་རྒྱས་བཅས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་བཞག་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངས་ཀྲུང་ཧན་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་བཞིན་ཡོད། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འགྱུར་བབ་མགྱོགས་མྱུར་ངང་རིམ་འགྱུར་བྱུང་བ་དང་། རྒྱལ་སྤྱི་དང་ས་ཁུལ་ཀྱི་དུས་བབ་ཁྲོད་ཀྱི་གཏན་འཁེལ་མིན་པའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བཞིན་ཡོད། གོ་ལ་ཧྲིལ་པོ་དང་ས་ཁུལ་ཀྱི་རྒྱལ་ཁབ་གལ་ཆེན་ཡིན་པའི་ཆ་ནས། ཀྲུང་གོའི་ཕྱོགས་གྱིས་ཧན་གོ་ཕྱོགས་དང་མཉམ་དུ་ཕྱི་འབྲེལ་གྱི་འབྲེལ་བ་འཛུགས་པའི་ཐོག་མའི་བསམ་འདུན་བརྟན་སྲུང་དང་། ཁྱིམ་མཚེས་མཛའ་གྲོགས་ཀྱི་ཁ་ཕྱོགས་སྲ་བརྟན་དུ་གཏོང་བ། གཉིས་ཕན་མཉམ་རྒྱལ་གྱི་དམིགས་འབེན་རྒྱུན་འཁྱོངས་བཅས་བྱས་ཏེ། ཀྲུང་གོ་དང་ཧན་གོའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་གོང་དུ་འཕེལ་བར་མཉམ་དུ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལེགས་པའི་བདེ་སྐྱིད་བསྐྲུན་འདོད་ཡོད། །


热门新闻

热门图库

热门排行