གནད་བསྡུས། 详情

གུང་ཧོ་རྫོང་གི་སྦུག་ལམ་དོ་དམ་དང་བསྒྱུར་བཀོད་བྱས་ནས་དམངས་ལ་ཕན་བདེ་བསྐྲུན་པ།

2025-06-05 15:24:46 来源: 作者: 编辑:超级管理员

རང་ཚགས་པར་གྱི་འཕྲིན།གྲོང་ཁྱེར་གྱི་ས་འོག་སྦུག་ལམ་སྒྱུར་བཀོད་ནི་དམངས་ཚིས་བདེ་སྐྱིད་སྲུང་སྐྱོང་བྱེད་པའི་ནང་གི་ལས་གྲྭ་ཞིག་ཡིན་ལ།གྲོང་ཁྱེར་འཛུགས་སྐྲུན་གྱི་སྤུས་ཚད་ལ་སྐུལ་འདེད་གཏོང་བའི་རྨང་གཞིའང་ཡིན། ཨར་ལས་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་ཨར་ལས་ཀྱི་དུས་སྐབས་དམ་འཛིན་བྱས་ནས་སྡེ་མིར་སྔར་ལས་ལེགས་པའི་འཚོ་བའི་ཁོར་ཡུག་བསྐྲུན།

གསར་འགོད་པ་གུང་ཧོ་རྫོང་གི་ཁྲོམ་ལམ་དོ་དམ་དྲ་བའི་སྒྱུར་བཀོད་འཛུགས་སྐྲུན་ལས་གཞིའི་ཨར་ལས་བྱ་ཡུལ་དུ་སོང་བ་ན་མིག་ལམ་དུ་འཆར་བ་ནི་ཚ་ཚ་འུར་འུར་གྱིས་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་པ་ཡིན་ལ། སྦུག་ལམ་འཛུགས་སྐྲུན་སོགས་ཀྱི་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་ལས་བཞིན་ཡོད།རྒྱུས་ལོན་པ་ལྟར་ན།གུང་ཧོ་རྫོང་གིས་ད་ལོའི་འཆར་གཞི་ལྟར་ཆུ་མཁོ་འདོན་དང་དྲོད་རླངས་མཁོ་འདོན་གྱི་དྲ་བའི་ལས་གཞི8ལག་བསྟར་བྱ་རྒྱུ་དང་།མིག་སྔར་ལས་མགོ་བརྩམས་ཟིན་པའི་ལས་གཞི4དང་འབྲེལ་བ་ཡོད་པའི་ལམ་ཚད་ཆེ་ཆུང27ཡོད་ལ།ཁག་བགོས་ཁུལ་གྱི་རྣམ་པའི་ཐོག་ནས་བརྟན་པོའི་ངང་སྤེལ་བཞིན་ཡོད།མིག་སྔར་གཞུང་ལམ11སྒྱུར་བཀོད་ཀྱི་བྱ་བ་སྤེལ་མགོ་ཚུགས་པ་དང་།ས་འོག་གི་སྦུག་ལམ་སྒྱུར་བཀོད་ལས་གཞི་ཧྲིལ་པོ་སྔོན་དཔག་བྱས་ན་ད་ལོའི་ཟླ9པའི་ཟླ་མཇུག་ཏུ་ཕྱོགས་ཡོངས་ནས་ལེགས་འགྲུབ་ཡོང་རྒྱུ་རེད།

གུང་ཧོ་རྫོང་གྲོང་ཁུལ་གྱི་ཆུ་འདོན་དྲོད་འདོན་གྲོང་ཁྱེར་དོ་དམ་དྲ་བ་གསར་སྒྱུར་དང་སྒྱུར་བཀོད་ལས་གཞི་ནི་རྫོང་ཡོངས་ཀྱི་གཙོ་གནད་དམངས་ཚིས་ལས་གཞི་ཡིན་པས་ལས་གཞི་འཛུགས་སྐྲུན་བྱས་རྗེས་དྲོད་འདོན་དང་ཆུ་འདོན་སྦུག་ལམ་རྙིང་པར་འགྱུར་བ་དག་ཐག་གཅོད་བྱ་རྒྱུ་དང་།ཆུ་འདོན་ལས་ཕྱོད་དམའ་བ་སོགས་གནད་དོན་ཐག་གཅོད་བྱས་ནས།གུང་ཧོ་རྫོང་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས་མུ་མཐུད་དུ་ལས་གཞིར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཚོད་འཛིན་སྤུས་ཚད་དང་བདེ་འཇགས།འཕེལ་རིམ་བཅས་ཀྱི་འགག་སྒོ་ནན་མོ་སྲུང་བ་དང་ལས་གཞི་དུས་བཀག་ལྟར་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་ཡོང་བར་འགན་ལེན་བྱས་ཏེ།གྲོང་ཁྱེར་གྱི་སྦུག་ལམ་ཤར་གཏོང་ཐུབ་པར་བྱས་ནས་མང་ཚོགས་ཀྱི་འཚོ་བ་སྔར་ལས་སྐྱིད་པར་འགན་ལེན་བྱ་རྒྱུ་རེད།།


热门新闻

热门图库

热门排行