གནད་བསྡུས། 详情

རང་ཁུལ་གྱིས་རྒྱལ་སྤྱིའི་རྟེན་མཛོད་ཁང་ཉིན་མོའི་བྱ་འགུལ་སྤེལ་བ།

2025-06-05 15:23:19 来源: 作者: 编辑:超级管理员

རང་ཚགས་པར་གྱི་འཕྲིན།ཉེ་སྔོན།ཁུལ་རྟེན་མཛོད་ཁང་གིས་མྱུར་དུ་འགྱུར་ལྡོག་བྱུང་བཞིན་པའི་སྤྱི་ཚོགས་ཁྲོད་ཀྱི་རྟེན་མཛོད་ཁང་གི་མ་འོངས་པའི་གྲངས་ཀས་མི་རིགས་ལ་དྲན་ཤེས་བསྩལ་ཞེས་པའི་བརྗོད་དོན་གཙོར་བཟུང་ནས་ཕུན་སུམ་ཚོགས་པའི་རྒྱལ་སྤྱིའི་རྟེན་མཛོད་ཁང་ཉིན་མོ་ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་སྒྲོག་བྱ་འགུལ་སྤེལ་བ་རེད།

རྟེན་མཛོད་ཁང་ཞིབ་ཚགས་ཀྱིས་འཆར་འགོད་བྱས་ཏེ།ཆ་འཕྲིན་ཅན་དང་ཚན་རྩལ་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་ཁྱད་ཆོས་མངོན་གསལ་དང་ནང་དོན་ཕུན་སུམ་ཚོགས་པ།རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་བཤམས་སྟོན། སྤྱི་དམངས་མཉམ་འགུལ་དང་རིག་གནས་ཤུལ་བཞག་སོགས་བརྗོད་བྱ་གཙོ་བོའི་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ།རྒྱ་ཆེའི་མང་ཚོགས་ལ་སྔར་ལས་ལྷག་པའི་སྒོ་ནས་རྟེན་མཛོད་ཁང་ལ་རྒྱུས་ལོན་བྱེད་དུ་བཅུག

བྱ་འགུལ་ཡུལ་དངོས་སུ་གནའ་རྫས་སྲུང་སྐྱོབ་དྲིལ་སྒྲོག་དང་མི་རིགས་རིག་གནས་དར་སྤེལ།ཚན་རིག་ཁྱབ་སྤེལ་སོགས་ཀྱི་བྱ་བའི་ཕུལ་བྱུང་དང་བླངས་པར་གཟེངས་རྟགས་གནང་བ་དང་།དང་བླངས་པའི་འཐུས་ཚབ་མི་སྣ་ལྷ་མོ་སྒྲོལ་མས་གདན་ཞུ་ལྟར་གཏམ་བཤད་བྱས་ཏེ།དང་བླངས་ཞུབས་ཕྱིའི་བསམ་ཚུལ་མཉམ་སྤྱོད་བྱས།

ཡུལ་དངོས་སུ་ད་དུང་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱེད་པ་དང་ཤེས་བྱའི་དྲིས་ལན་བཏབ་པར་བྱ་དགའ་སྟེར་བ།གནའ་རྫས་ཉམས་གསོ་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ་ནས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།དེ་ལས་གཞན།ཡུལ་དངོས་སུ་ད་དུང་གནའ་རྫས་གསལ་འབྱེད་བྱེད་ས་བཙུགས་ཏེ།ཞིང་ཆེན་རིམ་པའི་ཆེད་མཁས་པ་གདན་ཞུ་བྱས་ནས་རྒྱ་ཆེའི་མང་ཚོགས་ལ་གནས་རྫས་རིན་མེད་གསལ་འབྱེད་བྱས་ཤིང་།དང་བླངས་པ་བསྡུ་བའི་བྱ་འགུལ་སྤེལ་ནས།མང་ཚོགས་ཀྱིས་དང་བླངས་པར་མིང་ཐོ་འགོད་པའི་རེ་ཞུའི་རེའུ་མིག་ནས་ཞིབ་དཔྱད་ཆོག་མཆན་བྱུང་རྗེས་རྟེན་མཛོད་ཁང་གི་དང་བླངས་པ་ཞིག་ཏུ་འགྱུར་ཐུབ་པ་རེད།

བྱ་འགུལ་ཁྲོད་ངའི་མིག་ལམ་ཀྱི་རྟེན་མཛོད་ཁང་གི་མ་འོངས་པ་ཞེས་པ་བརྗོད་བྱ་ཡིན་པའི་ན་གཞོན་རི་མོ་འགྲན་སྡུར་སྤེལ་ཞིང་།བསྡོམས་པས་སློབ་མ218ཞུགས་ཡོད་པ་དང་།འགྲན་བསྡུར་བརྒྱུད་རི་མོའི་བརྩམས་ཆོས40བདམས་ཐོན་བྱུང་།བརྩམས་ཆོས་དེ་དག་གི་བརྗོད་བྱ་གསལ་ཞིང་གསར་གཏོད་ཀྱི་ཆ་ལྡན་ལ།སྨྱུག་རྩེ་ནས་ཁ་དོག་རྣམ་པར་བཀྲ་བའི་རྟེན་མཛོད་ཁང་གི་མ་འོངས་པའི་སྣང་བརྙན་བྲིས་ཡོད་པ་རེད།

ཕུན་སུམ་ཚོགས་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་བརྒྱུད།མང་ཚོགས་ཟབ་ཞུགས་དང་མཉམ་ལེན་བྱས་པ་མ་ཟད།ས་གནས་ཀྱི་རྟེན་མཛོད་ཁང་ལ་སྔར་ལས་ལྷག་པའི་རྒྱུས་ལོན་བྱས་ཤིང་།ཕ་ཡུལ་གྱི་རིག་གནས་ལོ་རྒྱུས་ལའང་ངོས་འཛིན་གསར་བ་བྱུང་ཡོད་པ་རེད།།


热门新闻

热门图库

热门排行