ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་གྲོས་མོལ་གནང་།
ཟླ4པའི་ཚེས14ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་གནས་ཡུལ་དུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་གྲོས་མོལ་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས14ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་གནས་ཡུལ་དུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་གྲོས་མོལ་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཡོ་ནན་ལ་རྒྱལ་དོན་འཚམས་འདྲི་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་མཉམ་དུ་རེས་སྐོར་དང་པོའི་ཕན་ཚུན་འཚམས་འདྲི་གནང་བར་ཧ་ཅང་དགའ་པོ་བྱུང་། ད་ལོ་ནི་ཡོ་ནན་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར95དང་། ཡོ་ནན་རྒྱལ་ཁབ་བཙུགས་ནས་ལོ་འཁོར80ལོན་པ། ལྷོ་ཕྱོགས་བཅིངས་འགྲོལ་ཐོབ་ནས་ལོ་འཁོར50ལོན་པ་བཅས་ཡིན་པས། ངས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གི་ཚབ་ཞུས་ནས་ཡོ་ནན་ཕྱོགས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་རྒྱལ་ཁབ་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་གྱི་བགྲོད་ལམ་དུ་ལེགས་པར་བསྐྱོད་རྒྱུར་སྔར་བཞིན་རྒྱབ་སྐྱོར་བྱ་རྒྱུ་དང་། 2026ལོའི་ཡོ་ནན་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་འཚོགས་ནས་ཏང་འཛུགས་སྐྱོང་དང་རྒྱལ་ཁབ་འཛུགས་སྐྲུན་གྱི“ལོ་བརྒྱ་ཕྲག་གཉིས”ཀྱི་འབད་འཐབ་དམིགས་ཚད་ཕྱོགས་སུ་མུ་མཐུད་དུ་མདུན་སྐྱོད་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཡོ་ནན་དབར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར75ལོན་པ་དང“ཀྲུང་གོ་དང་ཡོ་ནན་དབར་གྱི་མི་ཆོས་རིག་གནས་བརྗེ་རེས་ལོ”ཡིན། ལོ་ངོ75ཡི་རིང་། རྒྱལ་སྤྱིའི་གནས་ཚུལ་ལ་ཇི་ལྟར་འགྱུར་ལྡོག་བྱུང་རུང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་ཀྱི་རང་ཚུགས་དང་མི་རིགས་བཅིངས་འགྲོལ་འཐབ་རྩོད་བརྩོན་ལེན་བྱེད་པའི་ཁྲོད་ཕན་ཚུན་རྒྱབ་སྐྱོར་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་འཛུགས་སྐྲུན་ཁྲོད་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱས་ཏེ། རང་སོ་སོའི་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཁྲོད་འབད་བརྩོན་ཆེན་པོས་མདུན་སྐྱོད་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་མཐུན་སྒྲིལ་མཉམ་ལས་ཀྱི་དཔེ་མཚོན་ཏུ་གྱུར་ཡོད། འགྱུར་ལྡོག་དང་ཟང་ཟིང་གི་རྒྱལ་སྤྱིའི་གནས་བབ་མདུན་དུ། ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱིས་ཞི་བདེའི་འཕེལ་རྒྱས་རྒྱུན་འཁྱོངས་དང་མཛའ་མཐུན་མཉམ་ལས་གཏིང་ཟབ་ཏུ་བཏང་བས། འཛམ་གླིང་ལ་རྩ་ཆེ་བའི་བརྟན་བརླིང་རང་བཞིན་དང་ངེས་གཏན་རང་བཞིན་བསྩལ་ཡོད། ལོ་རྒྱུས་ཀྱི་མགོ་ཚུགས་ས་གསར་པའི་ཐོག་ལངས་ནས། ཕྱོགས་གཉིས་ཀྱིས་སྔ་འཛིན་ཕྱི་གཏོད་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ། “ཡོ་ནན་དང་ཀྲུང་གོའི་མཛའ་གྲོགས་ཟབ་པས་བློ་མཐུན་དང་སྤུན་ཟླ་ཡིན་པའི”སྲོལ་རྒྱུན་མཛའ་གྲོགས་རྒྱུན་མཐུད་བྱས་ཏེ། ཆབ་སྲིད་ཐད་ཕན་ཚུན་སྔར་ལས་ཡིད་ཆེས་མཐོ་བ་དང་། བདེ་འཇགས་ཐད་སྔར་ལས་མཉམ་ལས་བརྟན་པ། དངོས་སྒྲུབ་ཐད་སྔར་ལས་མཉམ་ལས་གཏིང་ཟབ་པ། དམངས་སེམས་ཀྱི་རྨང་གཞི་སྔར་ལས་བརྟན་པ། ཕྱོགས་མང་མཐུན་སྦྱོར་མཉམ་ལས་སྔར་ལས་དམ་པ། འགལ་བ་འགོག་སྡོམ་ཐག་གཅོད་སྔར་ལས་ལེགས་པ་བཅས་ཀྱི“སྔར་ལས་ལྷག་པ་དྲུག”གི་སྤྱིའི་དམིགས་འབེན་ལྟར། སྤུས་ཚད་མཐོ་བའི་སྒོ་ནས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཡོ་ནན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ཡུན་རིང་དང་རྒྱང་རིང་དུ་བསྐྱོད་ཐུབ་པར་འགན་ལེན་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྔར་ལས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཡོ་ནན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པར་འཛམ་གླིང་གི་དོན་སྙིང་གལ་ཆེན་ལྡན། རྒྱལ་ཁབ་གཉིས་ཀྱིས་ལག་གདང་སྦྲེལ་ནས་ཞི་བདེའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་བསྐྱོད་ནས་མི་འབོར་དུང་ཕྱུར15ལྷག་ཐུན་མོང་ཐོག་དེང་རབས་ཅན་དུ་བསྐྱོད་པས། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་ནུས་ལྡན་བྱེད་པ་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གང་ལེགས་གཏོང་ཐུབ། རྒྱལ་ཁབ་གཉིས་ཀྱིས་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་འཁྱོངས་བྱས་ནས། ས་ཁུལ་ཀྱི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འཕྲེལ་བརྟན་ལྷིང་ཤར་གཏོང་ཐུབ་པར་སྲུང་སྐྱོང་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། གྲུ་གཟིངས་ཆུང་བས་རླབས་ཆེན་ཐེག་མི་ཐུབ་ལ། ཕྱར་བ་གྲུ་འདེགས་བྱས་ན་ད་གཟོད་རྒྱང་རིང་དུ་བགྲོད་ཐུབ། ཀྲུང་གོ་དང་ཡོ་ནན་ཚང་མ་ནི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཕན་ཁེ་མྱོང་མཁན་ཡིན་པས། འཐབ་ཇུས་ངེས་ཤུགས་ཇེ་ཆེར་གཏོང་བ་དང་། ཕྱོགས་རྐྱང་བཙན་ཤེད་བྱ་སྤྱོད་ལ་ཐུན་མོང་ཐོག་ངོ་རྒོལ་བྱས་ཏེ། གོ་ལ་ཧྲིལ་པོའི་རང་དབང་ཉོ་ཚོང་གི་སྒྲིག་སྲོལ་དང་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་གཏན་འཇགས་ཡོང་བར་སྲུང་སྐྱོང་བྱེད་དགོས།
ཟླ4པའི་ཚེས14ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་གནས་ཡུལ་དུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་གྲོས་མོལ་གནང་།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་ནན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་གཏིང་ཟབ་དུ་གཏོང་བའི་ཐད་བྱེད་ཐབས་ཁག་དྲུག་བཏོན་པ་སྟེ།
གཅིག་ནི་སྔར་ལས་ཆུ་ཚད་བའི་འཐབ་ཇུས་ཀྱི་ཕན་ཚུན་ཡིད་རྟོན་གཏིང་ཟབ་དུ་གཏོང་དགོས།
གཉིས་ནི་སྔར་ལས་བརྟན་འཇགས་ཀྱི་བདེ་འཇགས་འགོག་རགས་འཛུགས་སྐྲུན་བྱེད་དགོས།
གསུམ་ནི་སྔར་ལས་སྤུས་ཚད་མཐོ་བའི་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་དུ་གཏོང་དགོས།
བཞི་ནི་སྔར་ལས་རྒྱ་ཆེ་བའི་དམངས་སེམས་ཀྱི་མདུད་ཐག་ཇེ་དམ་དུ་གཏོང་དགོས།
ལྔ་ནི་སྔར་ལས་དམ་ཟབ་ཀྱི་ཕྱོགས་མང་མཐུན་སྦྱོར་སྤེལ་དགོས།
དྲུག་ནི་སྔར་ལས་ལེགས་པོའི་མཚོ་ཐོག་གི་མཉམ་འགུལ་མངོན་འགྱུར་བྱེད་དགོས།
ཟླ4པའི་ཚེས14ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་གནས་ཡུལ་དུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་གྲོས་མོལ་གནང་།
སུའུ་ལིན་གྱིས་སྤྲོ་སེམས་འཁོལ་བའི་ངང་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར75ལོན་པའི་སྐབས་འདིར་ཡོ་ནན་ལ་རྒྱལ་དོན་འཚམས་འདྲི་གནང་བར་དགའ་བསུ་ཞུས། སུའུ་ལིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཀྲུང་གོ་མི་དམངས་ཀྱི་ཕུལ་དུ་བྱུང་བའི་སྣེ་ཁྲིད་པ་ཡིན་ལ། ཡོ་ནན་མི་དམངས་ཀྱི་རླབས་ཆེ་བའི་གྲོགས་པོའང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོར་ཆེས་ཐོག་མར་ཡོ་ནན་ལ་འཚམས་འདྲི་གནང་བ་དེས་ཡོ་ནན་དང་ཀྲུང་གོའི་འབྲེལ་བར་མཐོང་ཆེན་དང་ཡོ་ནན་ལ་རྒྱབ་སྐྱོར་གང་ལེགས་བྱས་པ་མཚོན་ཡོད། ཐེངས་འདིའི་འཚམས་འདྲི་ནི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་དུ་འགྱུར་ངེས་ཡིན་ལ། རྒྱལ་ཁབ་གཉིས་ཀྱིས་འཐབ་ཇུས་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བར་འཕེལ་རྒྱས་གསར་བ་ཐོབ་ངེས་ཡིན།
སུའུ་ལིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་ངང་འཕེལ་རྒྱས་སོང་ནས། ཀྲུང་གོའི་རྒྱལ་སྤྱིའི་གོ་གནས་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་བས། ཡོ་ནན་ཕྱོགས་ཀྱིས་དེའི་ཐད་ལ་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་གྱིས་དུས་ཡུན་རིང་པོའི་ནང་ཡོ་ནན་ལ་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སུའུ་ལིན་གྱིས་བསྟན་དོན། ཡོ་ནན་དང་ཀྲུང་གོ་གཉིས་ཀ་ནི་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་པས། ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི་ཡོ་ནན་གྱི་ཕྱི་རོལ་ཡུལ་གྱི་བླང་བྱ་དང་འཐབ་ཇུས་ཀྱི་གདམ་ག དམིགས་བསལ་གྱི་དོན་ཆེན་བཅས་ཡིན། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོགཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། ཀྲུང་གོ་གཅིག་གྱུར་གྱི་བྱ་གཞག་ཆེན་པོ་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་པ། “ཐའེ་ཝན་རང་བཙན”གྱི་ཁ་བྲལ་བྱ་སྤྱོད་གང་རུང་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱིན་ཡོད། ཡོ་ནན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་དང་དུས་རབས་ཀྱི་རླབས་རྒྱུན་དང་མཐུན་ཡོད།
ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགྲོ་འོང་དམ་ཟབ་ཏུ་གཏོང་བ་དང་། རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་པ། འཐབ་ཇུས་བདེ་འཇགས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་ཆུ་ཚད་མཐོར་འདེགས་དང་། སྔར་ལས་མང་བའི་དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ། རྨང་གཞིའི་སྒྲིག་བཀོད། ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་མཉམ་ལས་ཀྱི་ཁྱད་ཆོས་བསྐྲུན་པ། མི་ཆོས་རིག་གནས་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དང་། ས་གནས་དང་གཞོན་ནུའི་འགྲོ་འོང་ལ་སྐུལ་འདེད་གཏོང་བ། ཡུལ་སྐོར་མཉམ་ལས་ལ་ཤུགས་སྣོན་པ། མི་དམངས་ཀྱི་ཕན་ཚུན་རྒྱུས་མངའ་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ་བཅས་ཀྱི་རེ་སྒུག་བྱེད་བཞིན་ཡོད། ཡོ་ནན་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་གཞི་ཆེན་པོ་གསུམ་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་ལས་དོན་ཚོགས་འདུའི་ཐོག་གཏན་ཁེལ་བྱས་པའི་མཐའ་འཁོར་རྒྱལ་ཁབ་དང་མཉམ་དུ“ཁྱིམ་གཞིས་ཆེན་པོ་ལྔ”འཛུགས་སྐྲུན་བྱེད་པའི་རེ་འདུན་དང་ཁྱིམ་མཚེས་འཆམ་མཐུན་བདེ་འཇགས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པར་ཚད་མཐོའི་བསྔགས་བརྗོད་བྱེད་བཞིན་ཡོད། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་བྱེད་པར་ཤུགས་སྣོན་པ་དང་། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་བརྟན་སྲུང་། རྒྱལ་སྤྱིའི་ཉོ་ཚོང་སྒྲིག་སྲོལ་སྲུང་སྐྱོང་། ཕྱོགས་གཉིས་ཀྱི་མིང་བཀོད་གྲོས་མཐུན་ལ་བརྩི་སྲུང་བཅས་བྱས་ཏེ། ཐུན་མོང་ཐོག་འཛམ་གླིང་ཞི་བདེ་དང་མིའི་རིགས་ཡར་ཐོན་ཡོང་བར་སྔར་ལས་ཆེ་བའི་ལེགས་སྐྱེས་འབུལ་འདོད་ཡོད། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཚོ་ཐོག་གི་མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱས་ནས་མཚོ་ཐོག་གི་བརྟན་ལྷིང་སྲུང་སྐྱོང་བྱེད་འདོད་ཡོད།
ཟླ4པའི་ཚེས14ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་གནས་ཡུལ་དུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་སྔོན་དུ་སུའུ་ལིན་གྱིས་ཞི་ཅིན་ཕིང་གདན་འདྲེན་ཞུས་ནས་ཇ་མོལ་གནང་།
གྲོས་མོལ་སྔོན་དུ། སུའུ་ལིན་གྱིས་ཞི་ཅིན་ཕིང་གདན་འདྲེན་ཞུས་ནས་ཁྱབ་ཁོངས་ཆུང་བའི་ཇ་མོལ་གནང་། ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཏང་འཛུགས་རྒྱལ་སྐྱོང་གི་འདུ་ཤེས་སྐོར་ནས་སྤེལ་རེས་བྱས། ཞི་ཅིན་ཕིང་གིས་བསྟན་དོན། ཏང་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ལ་འབྲེལ་བ་ཡོད་པ་དང་། ཏང་གི་སྤྱོད་ཚུལ་དེ་མི་སེམས་ཀྱི་ཁ་ཕྱོགས་དང་འབྲེལ་བ་ཡོད། ཀྲུང་གུང་ཀྲུང་དབྱང་གིས་ད་ལོར་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ནས། སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་གསར་པར་བརྟེན་ནས་བཅོས་སྒྱུར་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་པ་རྒྱུའི་གཏན་འབེབས་བྱས་ཡོད། ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིས་གཅིག་མཐུན་གྱིས་བརྗེ་རེས་དང་ཕན་ཚུན་དཔྱད་གཞི་འཛིན་པར་ཤུགས་སྣོན་བརྒྱབ་སྟེ། མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་ལེགས་པར་བསྐྱོད་རྒྱུའི་མོས་མཐུན་གནང་།
ཟླ4པའི་ཚེས14ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་གནས་ཡུལ་དུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་རྗེས་སུ་ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཡིས་མཉམ་དུ་ཀྲུང་གོ་དང་ཡོ་ནན་ཕྱོགས་གཉིས་ཀྱིས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ45ལ་མིང་རྟགས་འགོད་པར་བདེན་དཔང་གནང་བའི་ཚུལ་རེད།
གྲོས་མོལ་རྗེས་སུ། ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཀྲུང་གོ་དང་ཡོ་ནན་ཕྱོགས་གཉིས་ཀྱིས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ45ལ་མིང་རྟགས་འགོད་པར་ཐུན་མོང་ཐོག་བདེན་དཔང་བྱས་པ་དང་། དེ་དག་ནི་མཉམ་སྦྲེལ་འབྲེལ་མཐུད་དང་། མི་ཐབས་རིག་ནུས། འགག་སྒོའི་རིམས་ནད་བརྟག་བཤེར། ཞིང་ལས་ཐོན་རྫས་ཉོ་ཚོང་། ལུས་རྩལ་དང་རིག་གནས། དམངས་འཚོ། མི་ཤུགས་ཐོན་ཁུངས་གསར་སྤེལ། སྨྱན་སྦྱོར་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད།
ཕྱོགས་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཡོ་ནན་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱུན་མཐུད་སྒོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ།
ཉིན་དེའི་དགོང་མོར། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལིང་ཆང་གིས་ཐུན་མོང་ཐོག་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་གསོལ་སྟོན་འཚོགས། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་སོགས་མགོ་ཁྲིད་བློ་མཐུན་ཚང་མས་ཕེབས་རོགས་བྱས་ནས་ཚོགས་འདུར་ཞུགས།
ཚའེ་ཆི་དང་། ཝང་དབྱི། ཝང་ཞའོ་ཧུང་སོགས་གོང་གསལ་བྱེད་སྒོར་ཞུགས། །