སྐབས་བཅུ་བཞི་པའི་མཚོ་ལྷོ་ཁུལ་ཨུའི་རེས་སྐོར་བདུན་པའི་སྐོར་ཞིབ་གསལ་བསྒྲགས།
《སྐབས་བཅུ་བཞི་པའི་ཁུལ་ཨུའི་སྐོར་ཞིབ་བྱ་བའི་འཆར་འགོད(2022-2026ལོ)》དང《2024ལོའི་མཚོ་ལྷོ་ཁུལ་ཨུའི་སྐོར་ཞིབ་བྱ་བའི་གཙོ་གནད》ཀྱི་བཀོད་སྒྲིག་ལྟར། ཁུལ་ཨུས་སྐོར་ཞིབ་ཚན་ཆུང6མངགས་ཏེ། ཟླ3པའི་ཟླ་སྨད་ནས་བཟུང་ཁུལ་སློབ་གསོ་ཅུའུ་ཏང་ཙུའུ་ལ“ཕྱིར་མིག་ལྟ་བ”དང་།མཚོ་ལྷོ་ཁུལ་མཐོ་རིམ་སློབ་འབྲིང་དང་། མཚོ་ལྷོ་ཁུལ་གུང་ཧོ་རྫོང་མཐོ་རིམ་སློབ་འབྲིང་། མཚོ་ལྷོ་ཁུལ་ཁྲི་ཀའི་མཐོ་རིམ་སློབ་འབྲིང་། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་བཞི་པ། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་ལྔ་པ་བཅས་ལ་ཐད་ཀར་སྐོར་ཞིབ་བྱེད་པ། མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་དང་། མཚོ་ལྷོ་ཁུལ་དམིགས་བསལ་སློབ་གསོའི་སློབ་གྲྭ། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པ། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པ་བཅས་ལ་རྒྱང་སྲིང་རྒྱུས་ལོན་བྱེད་པ་ཡིན། དུས་མཚུངས་སུ། ཁུལ་ཨུའི་བཀོད་སྒྲིག་ལྟར། ཁུལ་ཨུའི་གཞུང་ལས་ཁང་དང་། ཁུལ་ཨུའི་སྲིད་ཇུས་ཞིབ་འཇུག་ཁང་། ཁུལ་ཨུའི་གསང་གནད་དང་གསང་བ་ཅུའུ། ཁུལ་དམངས་ཆེན་གཞུང་ལས་ཁང་། ཁུལ་ནོར་སྲིད་ཅུའུ། ཁུལ་སྨན་བཅོས་འགན་སྲུང་ཅུའུ། ཁུལ་ཁོལ་འཕྱུར་དམག་མིའི་ལས་དོན་ཅུའུ། ཁུལ་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུའུ་བཅས་ལ་རྒྱུན་ལྡན་སྐོར་ཞིབ་བཅས་བྱ་རྒྱུ་ཡིན།
གཅིག སྐོར་ཞིབ་ཀྱི་དུས་ཚོད།
2025ལོའི་ཟླ3པའི་ཟླ་སྨད་ནས་ཟླ6པའི་ཟླ་སྨད་བར།
གཉིས། རྒྱུན་སྲོལ་སྐོར་ཞིབ་ཀྱི་ནང་དོན་གཙོ་བོ།
《སྐབས་བཅུ་བཞི་པའི་ཁུལ་ཨུའི་རེས་སྐོར་བདུན་པའི་སྐོར་ཞིབ་བྱ་བའི་ཇུས་གཞིའི》བླང་བྱ་ལྟར། ཁུལ་ཨུའི་སྐོར་ཞིབ་ཚན་ཆུང་སོ་སོས་སྐོར་ཞིབ་བྱ་ཡུལ་སྡེ་ཚན་གྱི་དངོས་ཡོད་དང་འགན་ནུས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དང་། ཀྲུང་དབྱང་དང་ཞིང་ཆེན་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་དང་། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་གནད་དོན་དང་ཚུལ་མིན་སྤྱོད་ཚུལ། ཏང་རྩ་འཛུགས་ནུས་མེད་ཟབ་ཟོབ་དང་རྩ་འཛུགས་ཀྱི་ནུས་པ་ཞན་པའི་གནད་དོན། དེ་མིན་སྐོར་ཞིབ་དང་། རྩིས་བཤེར་སོགས་ལྟ་སྐུལ་ལྡོག་ལན་གནད་དོན་དག་ཐེར་དོན་འཁྱོལ་སོགས་ཀྱི་གནས་ཚུལ་གཙོར་བཟུང་ནས་ལྟ་བཤེར་དང་རྒྱུས་ལོན་བྱེད་པའི་དུས་མཚུངས་སུ། སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱི་མི་འདེམ་སྤྱོད་དང་འདུ་ཤེས་འཛིན་སྟངས་ཀྱི་འགན་འཁྲིའི་ལམ་ལུགས་སོགས་ཀྱི་གནས་ཚུལ་ལ་ཆེད་དོན་ལྟ་བཤེར་བྱ་རྒྱུ་ཡིན།
སྐོར་ཞིབ་བྱེད་སྐབས། སྐོར་ཞིབ་ཚན་ཆུང་སོ་སོས་ཐེར་འདོན་ཁ་པར་དང་། གློག་རྡུལ་ཡིག་ཟམ། བསམ་འཆར་ཡིག་སྒམ་བཙུགས་ཏེ། ཁུལ་སློབ་གསོ་ཅུའུ་ཏང་ཙུའུ་དང་། མཚོ་ལྷོ་ཁུལ་མཐོ་རིམ་སློབ་འབྲིང་དང་། མཚོ་ལྷོ་ཁུལ་གུང་ཧོ་རྫོང་མཐོ་རིམ་སློབ་འབྲིང་། མཚོ་ལྷོ་ཁུལ་ཁྲི་ཀའི་མཐོ་རིམ་སློབ་འབྲིང་། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་བཞི་པ། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་ལྔ་པ། མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་དང་། མཚོ་ལྷོ་ཁུལ་དམིགས་བསལ་སློབ་གསོའི་སློབ་གྲྭ། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པ། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པ། ཁུལ་ཨུའི་གཞུང་ལས་ཁང་དང་། ཁུལ་ཨུའི་སྲིད་ཇུས་ཞིབ་འཇུག་ཁང་། ཁུལ་ཨུའི་གསང་གནད་དང་གསང་བ་ཅུའུ། ཁུལ་དམངས་ཆེན་གཞུང་ལས་ཁང་། ཁུལ་ནོར་སྲིད་ཅུའུ། ཁུལ་སྨན་བཅོས་འགན་སྲུང་ཅུའུ། ཁུལ་ཁོལ་འཕྱུར་དམག་མིའི་ལས་དོན་ཅུའུ། ཁུལ་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུའུ་བཅས་ཀྱི་མགོ་ཁྲིད་ཚན་པ་དང་ཁོངས་མིའི་གནས་ཚུལ་གསལ་ཞུ་བྱས་པའི་འཕྲིན་ཡིག་དང་། ཁ་པར། ངོ་གཏུག་བཅས་གཙོར་བཟུང་ནས་བདག་སྤྲོད་བྱ་རྒྱུ་ཡིན། སྐོར་ཞིབ་བདག་སྤྲོད་ཀྱི་ཁྱབ་ཁོངས་སུ་མི་གཏོགས་པའི་དོན་ཚན་དག་གཏན་འཁེལ་ལྟར་འབྲེལ་ཡོད་སྡེ་ཁག་ལ་ཐག་གཅོད་པར་བརྒྱུད་སྤྲོད་བྱ་རྒྱུ་ཡིན། གལ་སྲིད་སྐོར་ཞིབ་བྱ་ཡུལ་སྡེ་ཚན་གྱི་མགོ་ཁྲིད་ཚན་པ་དང་དེའི་ཁོངས་མིའི་འབྲེལ་ཡོད་གནས་ཚུལ་གསལ་ཞུ་བྱ་འདོད་ན། སྐོར་ཞིབ་དུས་སྐབས་ཀྱི་ལས་ཀའི་ཉིན་མོའི་ཆུ་ཚོད8:30-18:00བར་སྐོར་ཞིབ་ཚན་ཆུང་གི་ལས་རེས་ཁ་པར་ལ་ཁ་པར་གཏོང་བའམ་ཡང་ན་སྦྲག་སྐུར་སོགས་ཀྱི་ལམ་ནས་གསལ་ཞུ་བྱས་ཆོག
གསུམ། གསལ་ཞུའི་ཐབས་ལམ།
ཁུལ་ཨུའི་སྐོར་ཞིབ་ཚན་ཆུང་དང་པོས་ཁུལ་སློབ་གསོ་ཅུའུ་ཏང་ཙུའུ་ལ“ཕྱིར་མིག་ལྟ་བ”དང་། མཚོ་ལྷོ་ཁུལ་མཐོ་རིམ་སློབ་འབྲིང་དང་། མཚོ་ལྷོ་ཁུལ་གུང་ཧོ་རྫོང་མཐོ་རིམ་སློབ་འབྲིང་། མཚོ་ལྷོ་ཁུལ་ཁྲི་ཀའི་མཐོ་རིམ་སློབ་འབྲིང་བཅས་ལ་ཐད་ཀར་སྐོར་ཞིབ་བྱེད་པ། མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་དང་མཚོ་ལྷོ་ཁུལ་དམིགས་བསལ་སློབ་གསོའི་སློབ་གྲྭ་གཉིས་ལ་རྒྱང་སྲིང་རྒྱུས་ལོན་བྱེད་པར་འགན་ཁུར་བ་ཡིན།
འབྲེལ་གཏུག་ཁ་པར། 15111740889
གློག་རྡུལ་ཡིག་ཟམ། hnzwdyxcz@163.com
ཁུལ་ཨུའི་སྐོར་ཞིབ་ཚན་ཆུང་གཉིས་པས་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་བཞི་པ། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་ལྔ་པ་བཅས་ལ་ཐད་ཀར་སྐོར་ཞིབ་བྱེད་པ་དང་། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པ་དང་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པར་རྒྱང་སྲིང་སྐོར་ཞིབ་བྱེད་པར་འགན་ཁུར་བ་ཡིན།
འབྲེལ་གཏུག་ཁ་པར། 13997340888
གློག་རྡུལ་ཡིག་ཟམ། hnzwdexcz@126.com
ཁུལ་ཨུའི་སྐོར་ཞིབ་ཚན་ཆུང་གསུམ་པས་ཁུལ་ཨུའི་གཞུང་ལས་ཁང་དང་ཁུལ་ཨུའི་སྲིད་ཇུས་ཞིབ་འཇུག་ཁང་ལ་རྒྱུན་ལྡན་སྐོར་ཞིབ་བྱེད་པར་འགན་ཁུར་བ་ཡིན།
འབྲེལ་གཏུག་ཁ་པར། 13897786262
གློག་རྡུལ་ཡིག་ཟམ། 294930559@qq.com
ཁུལ་ཨུའི་སྐོར་ཞིབ་ཚན་ཆུང་བཞི་པས་ ཁུལ་ཨུའི་གསང་གནད་དང་གསང་བ་ཅུའུ་དང་ཁུལ་སྨན་བཅོས་འགན་སྲུང་ཅུའུ་ལ་རྒྱུན་ལྡན་སྐོར་ཞིབ་ཀྱི་འགན་ཁུར་བ་ཡིན།
འབྲེལ་གཏུག་ཁ་པར། 15897255177
གློག་རྡུལ་ཡིག་ཟམ། 13029093@qq.com
ཁུལ་ཨུའི་སྐོར་ཞིབ་ཚན་ཆུང་ལྔ་པས་ཁུལ་དམངས་ཆེན་གཞུང་ལས་ཁང་དང་ཁུལ་ཁོལ་འཕྱུར་དམག་མིའི་ལས་དོན་ཅུའུ་ལ་རྒྱུན་ལྡན་སྐོར་ཞིབ་ཀྱི་འགན་ཁུར་བ་ཡིན།
འབྲེལ་གཏུག་ཁ་པར། 18909748011
གློག་རྡུལ་ཡིག་ཟམ། 236142836@qq.com
ཁུལ་ཨུའི་སྐོར་ཞིབ་ཚན་ཆུང་དྲུག་པས་ཁུལ་ནོར་སྲིད་ཅུའུ་དང་ཁུལ་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུའུ་ལ་རྒྱུན་ལྡན་སྐོར་ཞིབ་ཀྱི་འགན་ཁུར་བ་ཡིན།
འབྲེལ་གཏུག་ཁ་པར། 15997044123
གློག་རྡུལ་ཡིག་ཟམ། nzwdlxcz@163.com
ཆེད་དུ་གསལ་བསྒྲགས་འདི་སྤེལ་བ་ཡིན།
ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་།
2025ལོའི་ཟླ4པའི་ཚེས7ཉིན།