གཙོ་གནད།2 详情

མཚོ་སྔོན་གྱིས་བྱེད་ཐབས་སྣ་མང་མཉམ་དུ་སྤྱད་དེ་ཀུང་ཟིའི་ཐོ་འགོད་དོ་དམ་ལག་བསྟར་བྱེད་ཐབས་བདེ་བླག་ངང་ལག་ལེན་དུ་བསྟར་བར་སྐུལ་འདེད་བཏང་།

2025-02-24 16:41:01 来源: 作者: 编辑:超级管理员

ཟླ2པའི་ཚེས17ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀུང་ཟིའི་ཐོ་འགོད་དོ་དམ་ལག་བསྟར་བྱེད་ཐབས་ནུས་ལྡན་སྒོས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཀུང་ཟིའི་ཐོ་འགོད་དོ་དམ་སྔར་ལས་ཚད་ལྡན་དུ་གཏོང་བ། ཉོ་ཚོང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱ་ཆེད། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་གཅིག་འདོམས་བཀོད་སྒྲིག་བྱས་པ་དང་། དྲིལ་སྒྲོག་གསོ་སྦྱོང་ལ་ཤུགས་བསྣན་ཞིང་། བྱེད་ཐབས་སྣ་མང་མཉམ་དུ་སྤྱད་དེ་ལག་བསྟར་བྱེད་ཐབས་མཚོ་སྔོན་ནས་བདེ་བླག་ངང་ལག་ལེན་དུ་བསྟར་བར་སྐུལ་འདེད་ནན་མོ་བཏང་།

མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཀུང་ཟིའི་ཐོ་འགོད་དོ་དམ་ལག་བསྟར་བྱེད་ཐབས་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་བརྡ་ཐོ་འགྲེམས་སྤེལ་བྱས་ནས། ཐོ་འགོད་མ་རྩ་སྤྲོད་པའི་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་བྱེད་པ་དང་། ཐོ་འགོད་ཞུ་ཚགས་ཀྱི་དོན་དག་གཙོ་བོ་ཞིབ་བཤེར་བྱེད་པར་ཤུགས་སྣོན་པ། ཕྱོགས་ཡོངས་ནས་ཚབ་གནས་ཐོ་སུབ་ལག་བསྟར་བྱེད་པ། ཀུང་ཟིའི་དངུལ་གཏོང་ཆ་འཕྲིན་སྤྱི་བསྒྲགས་བྱེད་པ་སོགས་ཀྱི་བྱ་བ་གཙོ་བོ་གཏན་འཁེལ་གསལ་བོ་བྱས་པ་དང་། རིམ་པ་སོ་སོའི་ཐོ་འགོད་ལས་ཁུངས་ཀྱིས་ལག་བསྟར་བྱེད་ཐབས་སློབ་སྦྱོང་བཟང་པོ་དང་དྲིལ་སྒྲོག་བཟང་པོ།  དངོས་འབེབས་བཟང་པོ་བཅས་བྱེད་པའི་བླང་བྱ་བཏོན།

དེ་དང་མཉམ་དུ། དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་རྣམ་པའི་ཆེད་དོན་གསོ་སྦྱོང་བྱས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀུང་ཟིའི་བཅའ་ཁྲིམས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀུང་ཟིའི་བཅའ་ཁྲིམས་ཀྱི་ཐོ་འགོད་མ་རྩ་དོ་དམ་ལམ་ལུགས་ལག་བསྟར་བྱེད་པའི་སྐོར་གྱི་གཏན་འབེབས་དང་བྱེ་བྲག་གི་ཐོ་འགོད་གྱོད་དོན་བཅས་ལ་ཟུང་འབྲེལ་བྱས་ཏེ། ལག་བསྟར་བྱེད་ཐབས་ལ་འགྲེལ་བཤད་གསལ་བོ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཐོ་འགོད་ལས་ཁུངས་ཀྱི་ལས་བྱེད་མི་སྣ་གསོ་སྦྱོང་ལ་ཞུགས་ནས། ལག་བསྟར་བྱེད་ཐབས་དངོས་འབེབས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་།

མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ལག་བསྟར་བྱེད་ཐབས་ལག་ལེན་དུ་བསྟར་བའི་གནས་ཚུལ་ལ་དོ་སྣང་ཚད་མེད་བྱས་ནས། དུས་ཐོག་ཏུ་རིམ་པ་སོ་སོའི་ཐོ་འགོད་ལས་ཁུངས་ཀྱིས་ལག་བསྟར་བྱེད་ཐབས་དངོས་འབེབས་བྱེད་སྐབས་འཕྲད་པའི་གནས་ཐག་གཅོད་པར་མཛུབ་སྟོན་བྱེད་པ་དང་། ཞབས་ཞུའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་བཏང་སྟེ། ཀུང་ཟིའི་ལམ་ལུགས་ཀྱི་ཚོང་ལས་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྔར་ལས་སྐུལ་འདེད་གཏོང་རྒྱུ་རེད།


热门新闻

热门图库

热门排行