ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་བ།
ཟླ2པའི་ཚེས17ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་དུ་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས17ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་དུ་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཏང་དང་རྒྱལ་ཁབ་ཀྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྐོར་གྱི་གཞི་རྩའི་བྱེད་ཕྱོགས་དང་སྲིད་ཇུས་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མ་ལག་ནང་བཅུག་ཡོད་པས། མུ་ནས་མུར་རྒྱུན་འཁྱོངས་དང་དོན་འཁྱོལ་བྱ་རྒྱུ་ལས་དེར་འགྱུར་བ་གཏོང་མི་རུང་ལ་འགྱུར་ཡང་མི་སྲིད། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་མདུན་ལམ་རྒྱ་ཆེན་པོ་དང་དེ་བསྟུན་གྱི་ནུས་པ་ཆེན་པོ་ལྡན་པས། རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པས་ནུས་པ་མངོན་གསལ་འདོན་པའི་དུས་སྐབས་སུ་སླེབས་ཡོད། བསམ་བློ་གཅིག་གྱུར་དང་ཡིད་ཆེས་བརྟན་གཏོང་བྱས་ཏེ། དམངས་གཉེར་དཔལ་འབྱོར་བདེ་ཐང་དང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པ་རྣམས་ཀྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བསམ་པ་བཅངས་ནས། བློ་རྩེ་གཅིག་སྒྲིམ་ངང་འཕེལ་རྒྱས་དོན་གཉེར་བྱེད་པ་དང་། ཁྲིམས་སྲུང་དང་གཉེར་སྐྱོང་བྱེད་ཤེས་བྱེད་པ། སྔོན་ལ་ཕྱུག་པོར་བཏང་ནས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུའི་རེ་བ་ཡོད།
ཟླ2པའི་ཚེས17ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་དུ་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་བཞུགས་མོལ་ཚོགས་འདུར་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད།
བཞུགས་མོལ་ཚོགས་འདུའི་སྟེང་དུ། ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་ཟིའི་དབུ་བཞུགས་ལག་བསྟར་དཔོན་རེན་ཀྲིན་ཧྥེ་དང་། པིས་ཡ་ཏིས་མ་རྐང་ཚད་ཡོད་ཀུང་ཟིའི་རྐང་འཛིན་དབུ་གཙོ་ཝང་ཁྲོན་ཧྥུའུ། རེ་བ་གསར་བའི་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་རྐང་འཛིན་དབུ་གཙོ་ལིའུ་ཡུང་ཧའོ། ཧྲང་ཧའེ་ཝེ་ཨར་ཕྱེད་འདྲེན་གཟུགས་མ་རྐང་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་ཡུས་རེན་རོང་། ཧང་ཀྲོའུ་ཡུས་ཧྲུའུ་ཚན་རྩལ་ཚད་ཡོད་ཀུང་ཟིའི་དབུ་བཞུགས་ལག་བསྟར་དཔོན་ཝང་ཞིན་ཞིན། ཞའོ་མུའུ་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་ཟིའི་ཏུང་ཧྲི་ཀྲང་ལའེ་ཅུན་སོགས་དམངས་གཉེར་ཁེ་ལས་ཀྱི་འགན་འཁུར་པའི་འཐུས་མི་དྲུག་གིས་སྔ་རྗེས་སུ་གཏམ་བཤད་བྱས་ནས། གནས་བབ་གསར་པའི་འོག་གི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་བསམ་འཆར་དང་གྲོས་གཞི་བཏོན།
ཟླ2པའི་ཚེས17ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་དུ་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་།
ཚང་མའི་གཏམ་བཤད་ལ་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། དམངས་གཉེར་ཁེ་ལས་ནི་བཅོས་སྒྱུར་སྒོ་འབྱེད་ཀྱི་རླབས་ཆེན་བརྒྱུད་རིམ་དང་བསྟུན་ནས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་ཞིག་ཡིན། ལོ་བཅུ་ཕྲག་འགའི་རིང་ལ། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱ་གཞག་ཁྲོད་དམངས་གཉེར་དཔལ་འབྱོར་གྱི་གོ་གནས་དང་ནུས་པར་ངོས་འཛིན་བྱས་ཡོད་ཅིང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་སྐོར་ལ་ང་ཚོའི་ཏང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་ནི་གཅིག་རྒྱུན་གཅིག་མཐུད་དང་དུས་བསྟུན་མདུན་སྐྱོད་ཡིན། ཏང་དང་རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བར་གཡོ་འགུལ་སྤུ་ཙམ་ཡང་མི་བྱེད་ལ། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྐུལ་ལྕག་གཏོང་བ་དང་རྒྱབ་སྐྱོར་བྱེད་པ། ཁྲིད་སྟོན་བྱེད་པ་བཅས་ཀྱི་ཐད་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་། ཏང་དང་རྒྱལ་ཁབ་ཀྱིས་དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་གྱིས་ཁྲིམས་ལྟར་ཐོན་སྐྱེད་རྒྱུ་རྐྱེན་འདྲ་མཉམ་ངང་བེད་སྤྱོད་དང་འདྲ་མཉམ་ངང་ཁྲོམ་རའི་འགྲན་རྩོད་ནང་ཞུགས་པ། བཅའ་ཁྲིམས་ཀྱི་སྲུང་སྐྱོབ་འདྲ་མཉམ་ངང་ཐོབ་པ་བཅས་ཀྱི་ཐད་འགན་ལེན་བྱས་ཏེ། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་གྱི་ལེགས་ཆ་ཕན་ཚུན་གསབ་རེས་དང་ཐུན་མོང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་འགྲོ་བ་དང་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣ་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྐུལ་འདེད་གཏོང་དགོས།
ཟླ2པའི་ཚེས17ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་དུ་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལྟ་རང་རྒྱལ་གྱི་དམངས་གཉེར་དཔལ་འབྱོར་ལ་མཚོན་ནས་བཤད་ན་གཞི་ཁྱོན་ངེས་ཅན་ཞིག་གྲུབ་ཡོད་ཅིང་། དེ་བསྟུན་གྱི་ནུས་པ་ཧ་ཅང་ཆེན་པོ་ཞིག་འདོན་བཞིན་ཡོད་པས། དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་བརྟན་པོ་ཞིག་ལྡན་ཡོད། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ། རང་རྒྱལ་གྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་སྟོབས་ལྡན་དུ་འགྲོ་བ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་འགྲོ་བ། བཅོས་སྒྱུར་སྒོ་འབྱེད་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་ཐུབ་པ། ལྷག་པར་དུ་སློབ་གསོ་དང་ཚན་རྩལ་བྱ་གཞག་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་ཐུབ་ལ། འཇོན་མིའི་དཔུང་སྡེ་དང་ངལ་རྩོལ་ནུས་ཤུགས་ཐོན་ཁུངས་ཀྱི་གྲངས་འབོར་མང་ཞིང་བྱང་ཚད་ལེགས་པ་དང་། ཐོན་ལས་མ་ལག་དང་རྨང་གཞིའི་སྒྲིག་ཆས་ཀྱི་མ་ལག་ཆ་ཚང་བ་དང་འཐུས་ཚང་ཡིན་ཞིང་། མི་འབོར་དུང་ཕྱུར14ལྷག་གི་གཞི་ཁྱོན་ཆེ་བའི་ཁྲོམ་རའི་སྦས་ཤུགས་ཧ་ཅང་ཆེན་པོ་ཡོད་པར་བརྟེན། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བར་གོ་སྐབས་གསར་པ་གང་མང་དང་འཕེལ་རྒྱས་ཀྱི་བར་སྟོང་སྔར་ལས་ཆེན་པོ་མཁོན་འདོན་བྱེད་ཐུབ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་ཕྱོགས་མང་པོ་ཞིག་གི་དགེ་མཚན་མངོན་གསལ་ལྡན་ལ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་ཡིན་ན། གཞི་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྔར་ལས་སྲ་བརྟན་གྱི་འགན་སྲུང་འདོན་སྤྲོད་བྱེད་ཐུབ།
ཟླ2པའི་ཚེས17ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་དུ་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔའི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་འཕྲད་པའི་དཀའ་ངལ་དང་འགྲན་སློང་ཁག་གཅིག་ནི་སྤྱིའི་ཆ་ནས་བཅོས་སྒྱུར་འཕེལ་རྒྱས་དང་ཐོན་ལས་ཚུལ་སྒྱུར་རིམ་སྤོར་གྱི་བརྒྱུད་རིམ་ཁྲོད་རིམ་གྱིས་ཐོན་པ་ཞིག་ཡིན་པ་དང་། ཆ་ཤས་ཤིག་ཡིན་པ་ལས་སྤྱི་ཡོངས་ཤིག་གཏན་ནས་མིན་ལ། གནས་སྐབས་ཤིག་ཡིན་པ་ལས་ཡུན་རིང་ཞིག་གཏན་ནས་མིན་པར་མ་ཟད། ཁྱད་གསོད་ཐུབ་པ་ཞིག་ཡིན་པ་ལས་ཐག་གཅོད་མི་ཐུབ་པ་ཞིག་ཀྱང་གཏན་ནས་མིན། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་བརྡར་ཤ་ཡང་དག་བཅད་པའི་སྟེང་དང་། ཏང་ཀྲུང་དབྱང་གིས་དཔལ་འབྱོར་ལས་དོན་སྐོར་ལ་ཐབས་ཇུས་བཀོད་སྒྲིག་བྱས་པའི་སྟེང་གཅིག་གྱུར་བྱས་ཏེ། དཀའ་ངལ་དང་འགྲན་སློང་ཁྲོད་མདུན་ལྗོངས་དང་རེ་བ། མ་འོངས་ཀྱི་རེ་ལྟོས་བཅས་མཐོང་བར་བྱས་ཏེ། འཕེལ་རྒྱས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ། དཀའ་སྤྱད་འབད་བརྩོན་ལ་དགའ་ཞིང་རྒྱལ་ཁ་ལེན་ངེས་གཏན་ཡིན་པའི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ཏན་ཏིག་ངང་དོན་འཁྱོལ་བྱ་རྒྱུ་ནི། མིག་སྔའི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་གྱི་གཙོ་གནད་ཡིན། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པ་ཚང་མ་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས་པ་ལས་ཉུང་འཕྲི་མང་སྣོན་བྱེད་མི་ཆོག ཁྲིམས་ལྟར་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་འདྲ་མཉམ་ངང་སྤྱོད་པ་དང་། ཁྲོམ་རའི་འགྲན་རྩོད་ནང་དྲང་གཞག་ངང་ཞུགས་པའི་འགོག་རྐྱེན་སྣ་ཚོགས་བློ་བརྟན་འགྱུར་མེད་སྒོས་སེལ་ཏེ། རྨང་གཞིའི་སྒྲིག་ཆས་ཀྱི་འགྲན་རྩོད་རང་བཞིན་གྱི་ཁྱབ་ཁོངས་དེ་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ལ་དྲང་སྙོམས་ངང་སྒོ་འབྱེད་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། དམངས་གཉེར་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བ་དང་མ་དངུལ་བསྡུ་སྒྲིལ་གྱི་རིན་གོང་མཐོ་བའི་གནད་དོན་མུ་མཐུད་དུ་ནུས་ཤུགས་ཆེན་པོས་ཐག་གཅོད་བྱེད་དགོས། དམངས་གཉེར་ཁེ་ལས་ཀྱི་རྩིས་ཁྲའི་དངུལ་འགོར་འགྱངས་གཏོང་བའི་གནད་དོན་ཐག་གཅོད་ཤུགས་ཆེན་བྱེད་དགོས། ཁྲིམས་འཛིན་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོན་དངུལ་གང་འདོད་དུ་བསྡུ་བ་དང་དངུལ་ཆད་གང་འདོད་དུ་གཅོད་པ། ཞིབ་བཤེར་གང་འདོད་བྱེད་པ། བཀག་སྡོམ་གང་འདོད་བྱེད་པ་བཅས་གཅིག་སྡུད་སྒོས་བཅོས་སྒྲིག་བྱས་ཏེ། དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པའི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོབ་ནན་མོ་བྱེད་དགོས། དུས་མཚུངས་སུ། རང་རྒྱལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་ཅིག་ཡིན་པས། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་ཁེ་ལས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཚང་མ་ཞིབ་བཤེར་ཐག་གཅོད་བྱེད་པར་གཏན་ནས་གཡོལ་མི་རུང་བའི་ངོས་ཟིན་ཟབ་མོ་ཡོད་དགོས། དཀའ་ངལ་སེལ་བའི་སྲིད་ཇུས་ཁག་ནན་ཏན་གྱིས་དོན་འཁྱོལ་བྱས་ནས། སྲིད་ཇུས་གནད་འཁེལ་གྱི་ཚད་སྔར་ལས་མཐོ་རུ་གཏོང་བ། ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་བྱ་རྒྱུར་མཐོང་ཆེན་བྱས་ནས་ཁེ་ལས་ལ་ལྟ་སྟངས་གཅིག་མཚུངས་འཛིན་དགོས། མཛའ་གཙང་གི་སྲིད་ཚོང་འབྲེལ་བ་འཛུགས་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དོན་དངོས་གཞིར་བཟུང་ནས་དམངས་གཉེར་དཔལ་འབྱོར་གོང་དུ་སྤེལ་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་གཅིག་གྱུར་སྒོས་དམ་འཛིན་ཡག་པོ་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཁེ་ལས་ནི་གཉེར་སྐྱོང་མཁན་གཙོ་བོ་ཡིན་པ་དང་ཁེ་ལས་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ནི་གཙོ་བོའི་ནང་གི་གཙོ་བོ་ཡིན། རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པས་ལས་སྐྲུན་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བསམ་པ་རྣམ་དག་བཅངས་ནས། ཕུགས་བསམ་གྱི་ཡུལ་ཁམས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ་དང་། ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་ཇེ་དྲག་ཏུ་གཏོང་བ། ཕྱུག་པོ་ཡིན་ལ་བསམ་བློ་ཡོད་པའི་ཁེ་ལས་པའི་སྙིང་སྟོབས་དར་སྤེལ་གཏོང་བ། བློ་རྩེ་གཅིག་སྒྲིམ་སྒོས་ཁེ་ལས་སྟོབས་ལྡན་དང་ཇེ་ལེགས་ཇེ་རྒྱས་སུ་གཏོང་བ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་མཁན་བྱེད་དགོས། བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་སྟེང་བསྐྱོད་ནས་ལས་འགན་གཙོ་བོ་བརྟན་སྲུང་དང་ཁེ་ལས་སྟོབས་ལྡན་དུ་གཏོང་བ། རང་བདག་གསར་གཏོད་ལ་ཤུགས་སྣོན་པ། འཕེལ་རྒྱས་གཏོང་སྟངས་བསྒྱུར་བ། ཁེ་ལས་ཀྱི་སྤུས་ཚད་དང་ཕན་འབྲས། ལྟེ་བའི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་བྱེད་པ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་ཚིས་འགན་སྲུང་དང་ཇེ་ལེགས་སུ་གཏོང་བ་སོགས་ལ་ལེགས་སྐྱེས་མང་པོ་འབུལ་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་ཀྱི་བླང་བྱ་གཞིར་བཟུང་ནས་ཁེ་ལས་བཅོས་སྐྱོང་གི་གྲུབ་ཚུལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། མ་རྐང་འཇོག་མཁན་གྱི་བྱ་སྤྱོད་ཚད་ལྡན་ཅན་དུ་གཏོང་བ། ནང་ཁུལ་གྱི་ལྟ་སྐུལ་ཤུགས་ཆེ་རུ་གཏོང་བ། ཉེན་ཁ་སྔོན་འགོག་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ངལ་རྩོལ་དང་འཇོན་མི། ཤེས་བྱ། ལག་རྩལ། མ་རྩ། གཞི་གྲངས་སོགས་ཐོན་སྐྱེད་རྒྱུ་རྐྱེན་བེད་སྤྱོད་དང་དོ་དམ། སྲུང་སྐྱོབ་བཅས་ཀྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་ཀྱི་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱེད་དགོས། ཁ་དན་ཚིག་གནས་དང་ཁྲིམས་སྲུང་གཉེར་སྐྱོང་རྒྱུན་འཁྱོངས་དང་། ཡང་དག་པའི་རིན་ཐང་ལྟ་བ་དང་ཀུན་སྤྱོད་ཀྱི་ལྟ་བ་བཙུགས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་དམངས་གཉེར་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་ཀྱི་འགན་འཁྲི་འབད་པས་སྒྲུབ་དགོས་པ་དང་། འཆམ་མཐུན་ངལ་རྩོལ་འབྲེལ་བ་འབད་པས་འཛུགས་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དམ་འཛིན་ཡག་པོ་བྱེད་པ་དང་། ནུས་ཤུགས་གང་ཡོད་ཀྱིས་སྤྱི་ཕན་དགེ་སྒྲུབ་བྱ་གཞག་ནང་ཞུགས་ནས་སྤྱི་ཚོགས་ལ་གཅེས་སེམས་མང་ཙམ་འབུལ་དགོས།
ཟླ2པའི་ཚེས17ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་དུ་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་། འདི་ནི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་འགན་ཁུར་མི་སྣར་བྱམས་བརྩེའི་ངང་བརྗེ་རེས་བྱེད་པའི་ཚུལ་རེད།
ཝང་ཧུའུ་ཉིང་གིས་ཚོགས་འདུར་མགོ་འཛིན་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར་ཁས་ལེན་གང་ལེགས་གནང་བ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་འཕྲད་པའི་གོ་སྐབས་དང་འགྲན་སློང་ལ་ངོས་འཛིན་ཡང་དག་པ་བྱེད་དགོས་པ་ནན་གྱིས་གསུངས་ཡོད་ཅིང་། མིག་སྔར་དང་མ་འོངས་པའི་དུས་སྐབས་ཤིག་གི་དམངས་གཉེར་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་གང་ལེགས་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱི་དམིགས་འབེན་མཐོ་ཞིང་བསམ་བློ་ཆེ་བ། རྒྱས་བཤད་གནད་ལ་འཁེལ་བ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཀྱི་དབང་གིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་དང་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས། འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་གཏོང་དང་། ཁྱོན་ཡོངས་ཀྱི་འདུ་ཤེས་དང་མ་ལག་གི་འདུ་ཤེས། ཁྲིམས་སྐྱོང་གི་སྙིང་སྟོབས་བཅས་ཇེ་དྲག་ཏུ་བཏང་སྟེ། སྲིད་ཇུས་ཁག་དོན་འཁྱོལ་བྱས་ནས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་འབད་པས་བསྐྲུན་དགོས།
ཧྲི་ཐའེ་ཧྥུན་དང་ལི་ཧྲུའུ་ལེ། ཧོ་ལི་ཧྥུན། ཝུའུ་ཀྲིན་ལུང་། མུའུ་ཧུང་བཅས་བཞུགས་མོལ་ཚོགས་འདུར་ཞུགས།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བློ་མཐུན་དང་དམངས་གཉེར་ཁེ་ལས་ཀྱི་འགན་འཁུར་པའི་འཐུས་མི་སོགས་བཞུགས་མོལ་ཚོགས་འདུར་ཞུགས། །