ཀརྨ་ཕུན་ཚོཊ་ཀྱིས་བཞུགས་འབྲེལ་གྲོས་ཚོགས་སྟེང་གཏམ་བཤད་གལ་ཆེན་གནང་།
ཀརྨ་ཕུན་ཚོགས་ཀྱིས་བསྟན་དོན། འབད་འཐབ་ལྷུར་ལེན་གྱིས་མདུན་དུ་བསྐྱོད་དེ་མཉམ་དུ་འབྲེལ་མཚམས་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་སྤུས་མཐོའི་འཕེལ་རྒྱས་ལ་ཤུགས་འདོན་དགོས།
ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ75ལོན་ལ་ཉེ་བའི་དུས་འདིར། ང་ཚོས་མཚོ་བོད་ཁྲོན་ཡུན་ཀན་འབྲེལ་མཚམས་ཀྱི་ཁུལ་དཔོན(གྲོང་དཔོན)བཞུགས་འབྲེལ་གྲོས་ཚོགས་ཐེངས་དགུ་བ་བསྡུས་པ་རེད། ཐེངས་འདིའི་གྲོས་ཚོགས་ཀྱི་འགན་སྒྲུབ་པ་ཡིན་པའི་ཆ་ནས་ང་ཚོས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་སྤུན་ཟླའི་ཁུལ་དང་གྲོང་ཁྱེར་གྱི་མགོ་ཁྲིད་དག་གདན་འདྲེན་ཞུས་ནས་མཉམ་དུ་མཛེས་པའི་མཚོ་སྔོན་གནས་མཆོག་མཚོ་ལྷོར་འཛོམས་ཏེ། མཛའ་བརྩེ་མཉམ་གླེང་དང་ཇུས་གཞི་མཉམ་འགོད་བྱས་པར་ཧ་ཅང་དགའ་པོ་བྱུང་ཡོད། ངས་ཀྲུང་གུང་མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཐེངས་འདིའི་གྲོས་ཚོགས་ལ་ཕེབས་པའི་མགོ་ཁྲིད་རྣམ་པ་དང་གྲོགས་པོ་རྣམ་པར་སྤྲོ་སེམས་འཁོལ་བས་དགའ་བསུ་ཞུ་རྒྱུ་དང་། དུས་ཡུན་རིང་བོའི་ནང་མཚོ་ལྷོའི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་སྤུན་ཟླའི་ཁུལ(གྲོང་ཁྱེར)དང་།རིམ་པ་སོ་སོའི་མགོ་ཁྲིད་དང་གྲོགས་པོ་རྣམ་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན་ཟེར།
མཚོ་བོད་ཁྲོན་ཡུན་ཀན་འབྲེལ་མཚམས་ཀྱི་ཁུལ་དཔོན(གྲོང་དཔོན)བཞུགས་འབྲེལ་གྲོས་ཚོགས་དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་མཐུན་སྒྲིལ་མཛའ་མཐུན་དང་མཉམ་ལས་གཉིས་ཕན། ཁེ་ཕན་གཉིས་ལྡན། ཐུན་མོང་འཕེལ་རྒྱས་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་འབྲེལ་མཚམས་ས་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་ལྗང་མདོག་ཐོན་ལས་འཕེལ་རྒྱས། རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད། གྲོང་གསེབ་དར་སྤེལ་ལ་ཤུགས་བསྣོན་པ། ཐོན་སྐྱེད་ནུས་ཤུགས་གསར་པ་གསོ་སྐྱོང་བྱེད་པ། ཞི་མཐུན་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པ་སོགས་ཀྱི་ཁྱབ་ཁོངས་སུ་ཐབས་ལམ་མང་བ་དང་གཏིང་རིམ་ཟབ་པའི་བསམ་བློ་གཏིང་ཟབ་ཀྱིས་བརྗེ་རེས་སྤེལ་བའི་མཉམ་ལས་ཀྱི་བྱ་འགུལ་ཞིག་ཡིན་པས། གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད།
ཉེ་བའི་ལོ་ཤས་རིང་། མཚོ་ལྷོ་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་ཚུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་ཞུགས་ཏེ། སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་། ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོར་གཏོང་བ། ནུས་ཁུངས་གཙང་མར་བརྟེན་ནས་ཁུལ་སྟོབས་ལྡན་བཅས་ཀྱི་འཐབ་ཇུས་རྒྱུན་འཁྱོངས་བྱས་ཏེ། མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་གྱིས་སྣེ་ཁྲིད་བྱས་ཏེ་དཀའ་སྤྱད་འབད་བརྩོན་གྱིས་མདུན་དུ་བསྐྱོད་དེ་སྤྱི་ཚོགས་དཔལ་འབྱོར་སྤུས་མཐོའི་ངང་འཕེལ་རྒྱས་སུ་འགྲོ་བར་ཧུར་ཐག་བྱ་དགོས་པ་བསྟན།
ན་ནིང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར 212.5ལེགས་གྲུབ་བྱུང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི3.9དང་སྒོར་ཁྲི1.69ལ་སླེབས་པ་དང་། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་སོ་སོར་མགྱོགས་མྱུར་སྒོས་འཕེལ་རྒྱས་བྱུང་ཡོད།
གཅིག་ནི་སྐྱེ་ཁམསཁོར་ཡུག་ཇེ་ལེགས་སུ་སོང་ཡོད་ལ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་གཙོར་བཟུང་སྟེ་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་རི་ཆུ་ནགས་དང་། ཞིང་དང་མཚེའུ། རྩྭ་ས་དང་བྱེ་མ་བཅས་ལ་གཅིག་གྱུར་གྱི་བཅོས་སྐྱོང་བྱས་ནས། གནམ་སྔོན་པོ་དང་ཆུ་དྭངས་མོའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཏེ། ཁུལ་ཡོངས་ཀྱི་མཁའ་དབུགས་བཟང་ཚད96.3%ཡིན་པ་དང་། རྒྱལ་ཁབ་དང་ཞིང་ཆེན་གྱིས་ཆུ་རྒྱུན་གཅོད་པའི་ཆུ་མགོའི་ཆུ་ཁུངས་ཁུལ་གྱི་ཆུའི་སྤུས་ཚད100%ལ་སླེབས། ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་བརྟན་པོ་ཡིན་པ་དང་། ཁུལ་ཡོངས་ཀྱི་ཁོར་ཡུག་སྦགས་བཙོག་གི་འབྱུང་ཁུངས་ཡོངས་ཁྱབ་ཞིབ་བཤེར་སོགས་ཀྱི་བྱ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཟེངས་བསྟོད་ཐོབ་པ་དང་། ཁྲི་ཀ་དང་ཐུན་ཏེ་རྫོང་གཉིས་སུ་རི་བོ་གཉིས་ཀྱི་རྟེན་གཞི་འཛུགས་བསྐྲུན་བྱས། གཉིས་ནི་འཕེལ་རྒྱས་མགྱོགས་མྱུར་དང་བརྟན་བརླིང་ངང་འཕར་བཞིན་པ།ནུས་ཁུངས་གཙང་མ་ཁ་ཕྱོགས་གཙོ་བོར་བརྩིས་ནས་ཐོན་ལས་གསར་པ་ཆེ་གྲས་ཕྱོགས་སུ་བསྒྱུར་བའི་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད་ལ། ནུས་རྒྱུ་གཙང་མའི་སྤྱིའི་སྒྲིག་ཆས་ཤོང་ཚད་སྟོང་ཝ་ཁྲི4616འདུས་ལ། གློག་སྟོང་ཝ་ཁྲི2626འདོན་པ་མངོན་འགྱུར་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི52%ཟིན་ཡོད། བོད་ལུག་དང་ནོར་གནག ནས། ལོ་དཀར། གཟན་རྩྭ་བཅས་སྤུས་ལེགས་ལྔའི་ཐོན་ལས་གསོ་སྤེལ་ཐད་ཕན་འབྲས་ཐོབ་ཡོད།མཚོ་སྐོར་ཡུལ་སྐོར་ཐད་ཀྱི་མི་ལེགས་པའི་སྣང་ཚུལ་ལེགས་བཅོས་བྱས་ལ། གནས་མཆོག་མཚོ་ལྷོའི་སྐྱེ་ཁམས་ཡུལ་སྐོར་གྱི་མིང་གྲགས་ཕན་འབྲས་མུ་མཐུད་དུ་རྒྱ་ཆེར་སྤེལ་ཡོད། གྲངས་འཛིན་ཆེན་མོའི་ཐོན་ལས་གླིང་གི་སྐབས་དང་པོའི་གྲངས་འཛིན་ལྟེ་གནས་ལ་རྒྱལ་ཁབ་ཀྱི་ཐན་ཉུང4Aརིམ་པའི་བདེན་དཔང་ཐོབ་ཡོད་པ་དང། སྐབས་གཉིས་པ་དང་སྐབས་གསུམ་པའི་འཛུགས་སྐྲུན་དངོས་སུ་གསར་སྤེལ་བྱེད་བཞིན་པའི་སྒང་ཡིན། གསུམ་ནི་དམངས་ཚིས་ལས་དོན་ཡར་ངོས་ཟླ་ལྟར་འཕེལ་བཞིན་པ། དམངས་ཚིས་ཐད་མ་དངུལ་གཏོང་ཚད་ནོར་སྲིད་ཀྱི་སྤྱིའི་གཏོང་ཚད་ཀྱི80%ཡན་ལ་སླེབས་ལ། མཁར་གྲོང་ལས་ཞུགས་གསར་འཕར་ཐད་མི2540ཁ་སྣོན་བྱས་ཡོད། རོང་འབྲོག་ཁུལ་གྱི་མི་གྲངས་ཁྲི4.79ལས་ཞུགས་བྱས་པ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་སྤྱིའི་ལས་ཞུགས་ཚད88.1%སླེབས་ཡོད། འོས་འགན་སློབ་གསོའི་སློབ་གྲྭ25དང་བྱིས་བཅོལ་ཁང71གསར་བསྒྱུར་བྱས། ཞིང་ཆེན་རིམ་པའི་ཁྱབ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་ལས་གཞི་སྤེལ་བཞིན་ཡོད་ལ། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ། ཞིང་ཆེན་དང་རྫོང་གཉིས་ཀྱི་མཉམ་བསྐྲུན་གྱི་འཛུགས་སྐྲུན་ལས་གཞི43དངོས་སུ་ལས་མགོ་བརྩམས། རྒན་གསོ་དང་ལས་ཤོར། ལས་ཀའི་རྨས་ཕོག་པ་སོགས་ཉེན་སྲུང་ལ་ཞུགས་ཚད་ཀྱི་ཁེབས་ཚད་རྒྱུན་མི་ཆད་པར་རྒྱ་བསྐྱེད་དེ། རིགས་སོ་སོའི་མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་བཅས་མཐོ་རུ་བཏེགས་ཡོད། བཞི་ནི་མཁར་ཤང་གི་རྨང་གཞི་འཛུགས་བསྐྲུན་སྲ་བརྟན་དུ་བཏང་ཡོད། མཁར་གྲོང་ངོས་ཀྱི་བཟོ་སྐྲུན་སྤུས་ཚད་སྐུལ་འདེད་བྱས་ནས། གྲོང་ཁྱེར་སྲིད་འཛིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ལས་གཞི138དང་གྲོང་ཁྱེར་སྲིད་འཛིན་གྱི་གཞུང་ལམ་བསྒྱུར་བཀོད།ཆུ་འདོན་སྦུབ་ལམ་སྤྱི་ལེ101.5དང་། གློག་དྲ་སྤྱི་ལེ91.3བསྒྱུར་བཀོད་ཀྱི་ལས་གཞི་ལག་བསྟར་བྱས། མ་དངུལ་སྒོར་དུང་ཕྱུར8.52བསྡུས་ཏེ། ཐོན་ལས་དང་ལས་ཞུགས་ཐད་ཀྱི་འགན་སྲུང་གསུམ། དེ་མིན་བདེ་འཇགས་ཆུའི་ལས་གཞི241དང་རོང་འབྲོག་ཁུལ་གྱི་སྤྱོད་ཁང2775ཞིག་གསོ་བྱེད་པ་ལག་བསྟར་བྱས་པས། རོང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་བསྡུ་གསོག་དང་མེད་པར་གཏོང་བའི་མ་ལག་གི་ཁེབས་ཚད93%ཡན་ལ་སླེབས་ཡོད། གྲོན་ཆུང་ཐན་ཉུང་ལ་དམིགས་ཏེ། ནུས་ཁུངས་གཙང་མའི་དྲོད་འདོན་ལས་གཞི་འཛུགས་བསྐྲུན་ནུས་ཡོད་ཀྱིས་སྐུལ་འདེད་བྱས་ནས། མང་ཚོགས་ཀྱི་དྲོད་འདོན་ཕྱོགས་ཀྱི་འགྲོ་སོང་ཉུང་འཕྲི་བྱས། ལྔ་པ་ནི་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་གཏན་འཇགས་ཡིན་པ། བདེ་འཇགས་འཛུགས་སྐྲུན་ཐད་ཀྱི་བཅུ་ཅན་གཅིག་གི་ཆེད་སྤྱོད་བྱ་འགུལ་སྤེལ་ནས།ཟླ་ཟུང་གི་བསྒྱུར་སྤོ་དང་དུས་ཚིགས་ཀྱི་དཔྱད་དཔོག་ལམ་ལུགས་བཙུགས་ལ། རྒྱུན་རྣམ་ཅན་གྱི་ནག་འཇོམས་ངན་སེལ་གྱི་བྱ་བར་སྐུལ་འདེད་བྱས་པས། མང་ཚོགས་ཀྱི་ཡིད་ཚིམ་ཚད་སྐར་འབྲས95.7ལ་སླེབས། རིགས་སོ་སོའི་མང་ཚོགས་བར་འབྲེལ་འདྲིས་དམ་ཟབ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་སྐྲུན་ཐད་རྨང་གཞི་བརྟན་པོ་བཏིངས། སྔ་རྗེས་སུ་སྐབས་གཉིས་པའི་རྒྱལ་ཡོངས་བོད་འབྲེལ་གཞི་རིམ་ཆོས་ལུགས་བཅོས་སྐྱོང་གླེང་སྟེགས་དང་བོད་འབྲེལ་ཆོས་ལུགས་བཅོས་སྐྱོང་བྱ་བའི་ལས་ཡུལ་དངོས་ཀྱི་སྐུལ་སྤེལ་གྲོས་ཚོགས་དང་རྒྱལ་ཡོངས་བོད་བརྒྱུད་ནང་བསྟན་དགོན་པའི་ནོར་ཁྲལ་ལྟ་སྐུལ་དོ་དམ་བྱ་བའི་ཆེད་དོན་གསོ་སྦྱོང་གྲོས་ཚོགས་བསྡུས་པས། ཆོས་ལུགས་ལས་དོན་ཁྲིམས་ལྟར་དོ་དམ་བྱེད་པའི་ཆུ་ཚད་མཐོར་འདེགས་སུ་བཏང་ཡོད།
མཚོ་བོད་ཁྲོན་ཡུན་ཀན་འབྲེལ་མཚམས་ས་ཁུལ་གྱི་ཁུལ་དཔོན(གྲོང་དཔོན)གྱི་བཞུགས་འབྲེལ་གྲོས་ཚོགས་ཐེངས་དགུ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཞིག་དང་འབྲེལ་མཚམས་ས་ཁུལ་ཕན་ཚུན་སྦྲེལ་མཐུད་དང་བསམ་བློ་བརྗེ་རེས། མཉམ་འབྲེལ་འཕེལ་རྒྱས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཀྱང་ཡིན། སྒོ་འབྱེད་མཉམ་ལས། ལྗང་མདོག་འཕེལ་རྒྱས། འབྱུང་འགྱུར་མཉམ་སྤྱོད་བརྗོད་བྱར་བཟུང་ནས། དངོས་སྒྲུབ་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། བསམ་བློ་བརྗེ་རེས་ལ་སྐུལ་འདེད་གཏོང་བ། མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་བསྐྲུན་པ་བཅས་བྱ་དགོས་ཤིང་། རང་ཁུལ་གྱིས་སྤུན་ཟླའི་ཁུལ(གྲོང་ཁྱེར)དང་མཉམ་དུ་ལག་གདང་སྦྲེལ་ནས་འབད་འཐར་ལྷུར་ལེནས་མདུན་དུ་བསྐྱོད་དེ་འབྲེལ་མཚམས་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། འབྲེལ་མཚམས་ས་ཁུལ་གྱི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་དུ་གཏོང་བའི་ལེའུ་གསར་པ་རྩོམ་འདོད་ཡོད་ཅེས་བསྟན་པ་རེད།
མཇུག་མཐར་མཚོ་བོད་ཁྲོན་ཡུན་ཀན་འབྲེལ་མཚམས་ས་ཁུལ་གྱི་ཁུལ་དཔོན(གྲོང་དཔོན)གྱི་བཞུགས་འབྲེལ་གྲོས་ཚོགས་ཐེངས་དགུ་བ་ལེགས་འགྲུབ་ཡོང་བ་དང་ས་ཁུལ་སོ་སོའི་མི་དམངས་བདེ་ཞིང་སྐྱིད་པའི་སྨོན་འདུན་ཞུས་པ་ལགས། །
2024.8.15