ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་ཧེ་ལུང་ཅང་ཞིང་ཆེན་ཧའར་པིན་གྲོང་ཁྱེར་དུ་གཟབ་རྒྱས་ངང་མགོ་ཚུགས་དང་ཞི་ཅིན་ཕིང་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་སྐབས་འདིའི་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་མགོ་ཚུགས་པ་ཁྱབ་བསྒྲགས་གནང་བ།
ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་ཧེ་ལུང་ཅང་ཞིང་ཆེན་ཧའར་པིན་གྲོང་ཁྱེར་དུ་གཟབ་རྒྱས་ངང་མགོ་ཚུགས་དང་། འདི་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་སྟེགས་བུའི་སྟེང་ཚང་མར་ལག་གཡུག་གནང་བཞིན་པའི་ཚུལ་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གངས་འཁྱགས་དང་ཕུགས་འདུན་ལ་འོད་ཟེར་འཕྲོ་ཞིང་། ཨེ་ཤ་ཡའི་སེམས་པ་གཅིག་སྒྲིལ་གྱིས་མཛེས་སྡུག་གི་ལེའུ་རྩོམ། ཚེས་7ཉིན་གྱི་དགོང་མོར། ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་ཧེ་ལུང་ཅང་ཞིང་ཆེན་ཧའར་པིན་གྲོང་ཁྱེར་དུ་གཟབ་རྒྱས་ངང་མགོ་ཚུགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་སྐབས་འདིའི་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་མགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་རེད།
ཚའེ་ཆི་དང་། ཨེ་ཤ་ཡའི་ས་གནས་ཁག་ནས་ཡོང་བའི་མགོ་ཁྲིད་པ། སྐུ་མགྲོན་སོགས་མགོ་ཚུགས་མཛད་སྒོར་ཞུགས་པ་རེད།
མཚན་མོའི་མུན་པའི་འོག ཧའར་པིན་རྒྱལ་སྤྱིའི་འགྲེམས་ཚོགས་ལུས་རྩལ་ལྟེ་གནས་ཀྱི་གློག་སྒྲོན་སྣ་ཚོགས་ལྷེམ་ལྷེམ་དུ་འོད་འཚེར་བཞིན་ཡོད། མགོ་ཚུགས་མཛད་སྒོའི་སྔོན་དུ། ཧེ་ལུང་ཅང་ས་གནས་ཁག་ནས་ཡོང་བའི་མང་ཚོགས་ཀྱིས་ས་ཁོངས་ཀྱི་ཁྱད་ཆོས་ཀྱིས་ཁེངས་པའི་འཁྲབ་སྟོན་སྣ་ཚོགས་འཁྲབ་ནས་ཡུལ་དངོས་ཀྱི་རྣམ་པ་ཧ་ཅང་སྤྲོ་སྣང་ལྡན་པར་བཏང་ཡོད།
ཟླ2པའི་ཚེས7ཉིན་གྱི་དགོང་མོར། ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་ཧེ་ལུང་ཅང་ཞིང་ཆེན་ཧའར་པིན་གྲོང་ཁྱེར་དུ་གཟབ་རྒྱས་ངང་མགོ་ཚུགས་དང་། འདི་ནི་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་མགོ་རྩོམ་མཛད་སྒོར་ཞུགས་པའི་ཚུལ་རེད།
ཆུ་ཚོད19དང་སྐར་མ58སྟེང་། 《ཞི་བདེ—ལས་དབང་ཐུན་མོང་ཚོགས་པ》ཞེས་པའི་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་དང་སྐུ་ཟླ་ཕིང་ལི་ཡོན་རྣམ་གཉིས་དང་། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧི་དང་ཨེ་ཤ་ཡ་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོ་ཧའོ་ཀྲེན་ཐིང་སོགས་མཉམ་དུ་ཀྲུའུ་ཞིའི་སྟེགས་བུའི་ཐོག་བསྐྱོད་དེ། ལྟད་མོ་བ་ཚོར་ལག་པ་གཡུག་གཡུག་བྱས་ནས་གུས་འདུད་ཞུས་པ་རེད། ཚོགས་ར་ཡོངས་སུ་དུས་ཡུན་རིང་པོར་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས་ཡོད།
ཟླ2པའི་ཚེས7ཉིན་གྱི་དགོང་མོར། ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་ཧེ་ལུང་ཅང་ཞིང་ཆེན་ཧའར་པིན་གྲོང་ཁྱེར་དུ་གཟབ་རྒྱས་ངང་མགོ་ཚུགས་དང་། འདི་ནི་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་མགོ་རྩོམ་མཛད་སྒོར་ཞུགས་པའི་ཚུལ་རེད།
《ང་ཁྱོད་ལ་དགའ། ཀྲུང་གོ》ཞེས་པའི་བརྩེ་བ་ཟབ་མོའི་རོལ་དབྱངས་དང་བསྟུན་ནས། གུས་དམག་བརྒྱད་ཀྱིས་གོམ་སྟབས་བརྗིད་པའི་ངང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་སྲུང་སྐྱོབ་བྱས་ནས་ཡུལ་དངོས་སུ་བསྐྱོད་པ་རེད། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་་སྐད་གསེང་མཐོན་པོས་བླངས་པ་དང་། དམར་མདོག་གི་སྐར་ལྔའི་དར་དམར་དལ་བུར་ཡར་བསྒྲེངས།
བརྙན་ཤེལ་ཆེན་པོའི་ཐོག གློག་བརྙན་ཐུང་ངུ《ཤེལ་གྱི་དུས་ཚོད》བསྟན་པ་དང་། ལོ་གསར་གྱི་གྱོན་ཆས་གྱོན་པའི་བྱིས་པ་རྣམས་ཀྱིས་འཁྱགས་སྒྲོན་འཁྱེར་ནས། ཧའར་པིན་གྲོང་ཁྱེར་གྱི་མཚོན་རྟགས་ལ་འོད་སྣང་བསྩལ། དེ་རྗེས་སྐུ་མགྲོན་བསུ་བའི་འཁྲབ་སྟོན《འཁྱགས་སྒྲོན་གྱིས་རྨི་ལམ་ལ་འོད་སྣང་བསྩོལ》ཞེས་པའི་འཁྲབ་སྟོན་མགོ་བརྩམས་པ་དང་། འཁྱགས་དར་དང་འབྲེལ་བའི་འཁྲབ་སྟོན་སྣ་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སྐུ་མགྲོན་དང་གྲོགས་པོ་དག་ལ་དགའ་བསུ་ཞུས།
ཟླ2པའི་ཚེས7ཉིན་གྱི་དགོང་མོར། ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་ཧེ་ལུང་ཅང་ཞིང་ཆེན་ཧའར་པིན་གྲོང་ཁྱེར་དུ་གཟབ་རྒྱས་ངང་མགོ་ཚུགས་དང་། འདི་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་སྟེགས་བུའི་སྟེང་ཚང་མར་ལག་གཡུག་གནང་བཞིན་པའི་ཚུལ་རེད།
ཆུ་ཚོད20དང་སྐར་མ08ལ་ལུས་རྩལ་པ་འགྲན་རར་ཞུགས་མགོ་བརྩམས། 《གངས་འཁྱགས་ཀྱི་ཡ་ཞི་ཡ》ཞེས་པའི་སྤྲོ་སྣང་ལྡན་པའི་རོལ་དབྱངས་ཁྲོད། རྒྱལ་ཁབ་དང་ས་ཁུལ34ནས་ཡོང་བའི་ལུས་རྩལ་འཐུས་མི་རྣམས་ཚོགས་པ་གཅིག་རྗེས་གཉིས་མཐུད་དུ་ཚོགས་རར་ཞུགས་པ་ན་ལྟད་མོ་བ་ཡོངས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ། 《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པའི་སྤྲོ་སྣང་ཆེ་བའི་འགྱུར་ཁུག་དང་བསྡོངས་ནས་མགྲོན་བདག་རྒྱལ་ཁབ་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ་ཆེས་མཇུག་མཐར་འགྲན་རར་ཞུགས་པ་དང་། ཞི་ཅིན་ཕིང་དང་ལྕམ་མོ་ཕིང་ལི་ཡོན་རྣམ་གཉིས་ཡར་ལངས་ནས་ལག་པ་གཡུག་གཡུག་བྱས་ནས་འཚམས་འདྲི་གནང་བ་དང་། ཚོགས་ར་ཡོངས་སུ་དགའ་སྤྲོས་ཁེངས་ཤིང་། ཐལ་མོའི་རྡེབ་སྒྲའང་གཅིག་འཇགས་གཅིག་ལངས་སུ་གྲགས། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་བསྡོམས་པས་མི257ཡོད་པའི་ནང་། འགྲན་ཞུགས་ལུས་རྩལ་པ་མི170ཡོད་པ་དག་སྐབས་འདིའི་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ཆེན་པོ6དང་རྣམ་གྲངས་ཆུང་གྲས64གྱི་འགྲན་བསྡུར་ནང་ཞུགས་རྒྱུ་རེད།
ཧའར་པིན་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་དང་ཧེ་ལུང་ཅང་ཞིང་ཆེན་གྱི་ཧྲིན་ཀྲང་ལེའང་ཧུའེ་ལིང་གིས་ཤིས་ཚིག་གནང་སྐབས་སྒྲིག་འཛུགས་ཨུ་ལྷན་དང་ཧེ་ལུང་ཅང་ཞིང་ཆེན་གྱི་མི་དམངས་ཁྲི3000ལྷག་གི་ཚབ་ཞུས་ཏེ། ཨེ་ཤ་ཡའི་རྒྱལ་ཁབ་དང་ས་ཁུལ་ཁག་ནས་ཡོང་བའི་ལུས་རྩལ་པ་ཚོར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། ཁོང་ཚོས་འགྲན་རའི་ཐོག་རང་ཉིད་ལས་བརྒལ་བ་དང་། ཉམས་འགྱུར་མངོན་པ། ཕུགས་འདུན་མངོན་འགྱུར། མཛའ་གྲོགས་མཛའ་མཐུན་བཅས་ཡོང་བའི་སྨོན་འདུན་ཞུས།
ཧའར་པིན་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་དང་ཀྲུང་གོ་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་ཀའོ་ཀྲི་ཏན་གྱིས་ཤིས་ཚིག་གནང་སྐབས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་འོག ངོ་མཚར་ཆེ་བའི་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཤིག་ཚོགས་མགོ་རྩོམ་ཉེར་ཡོད། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་བརྒྱ་ཕྲག་མང་པོ་མཉམ་སྤྱོད་གང་ལེགས་བྱས་ཏེ། བློ་རྩེ་གཅིག་སྒྲིལ་གྱིས་ཨེ་ཤ་ཡའི་ལུས་རྩལ་གྱི་འོད་སྟོང་འབར་པའི་མཛེས་སྡུག་གི་རི་མོ་བྲིས་ཏེ། ནུས་ཤུགས་གཅིག་སྒྲིལ་གྱིས་ཨེ་ཤ་ཡའི་ལས་དབང་ཐུན་མོང་ཚོགས་པའི་རྔམ་བརྗིད་ཀྱི་རོལ་དབྱངས་དཀྲོལ་དགོས།
ཨེ་ཤ་ཡའི་ཨོ་རྩལ་འགྲན་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོ་ཧའོ་ཀྲེན་ཐིང་གིས་ཤིས་ཚིག་གནང་སྐབས་ཀྲུང་གོས་ཨེ་ཤ་ཡའི་གངས་འཁྱགས་ལུས་རྩལ་འཕེལ་རྒྱས་ཁྲོད་ཐོན་པའི་ནུས་པ་གལ་ཆེན་ལ་ཁས་ལེན་བྱས་པ་དང་། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་ཨོ་ལིམ་ཕིག་ཨུ་ལྷན། ཧེ་ལུང་ཅང་ཞིང་ཆེན་སྲིད་གཞུང་། ཧའར་པིན་གྲོང་ཁྱེར་སྲིད་གཞུང་། ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་བཅས་ཀྱིས་གྲ་སྒྲིག་ཞིབ་ཚགས་དང་མཐུན་སྒྲིལ་མཉམ་ལས། དེ་བཞིན་ལུས་རྩལ་པ་དང་། ལྟད་མོ་བ། ལས་དོན་མི་སྣ་བཅས་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཧའར་པིན་ནི་རྨི་ལམ་གྱི་གངས་འཁྱགས་ཀྱི་གྲོང་ཁྱེར་ཞིག་ཡིན་པར་བསྔགས་བརྗོད་གནང་།
ཟླ2པའི་ཚེས7ཉིན་གྱི་དགོང་མོར། ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་ཧེ་ལུང་ཅང་ཞིང་ཆེན་ཧའར་པིན་གྲོང་ཁྱེར་དུ་གཟབ་རྒྱས་ངང་མགོ་ཚུགས་དང་། ཞི་ཅིན་ཕིང་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་སྐབས་འདིའི་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་མགོ་ཚུགས་པ་ཁྱབ་བསྒྲགས་གནང་།
ཆུ་ཚོད20དང་སྐར་མ51ཐོག རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧའར་པིན་གྱི་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་མགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་ན། གློ་བུར་དུ་ཚོགས་ར་ཡོངས་སུ་དགའ་སྤྲོའི་ཡོ་ལང་རྒྱས་ཤིང་། ཐལ་མོ་རྡེབ་སྒྲ་དང་དགའ་སྤྲོའི་འབོད་སྒྲ་བར་མེད་དུ་གྲགས་ལ། འོད་མདངས་རབ་ཏུ་འཚེར་བའི་ཤོག་སྦག་སྣ་ཚོགས་ཀྱིས་མཚན་མོའི་མཁའ་དབྱིངས་བརྒྱན།
རང་རྒྱལ་གྱི་ཕུལ་བྱུང་ལུས་རྩལ་པའི་འཐུས་མི་དྲུག་གིས་ཨེ་ཤ་ཡའི་ཨོ་རྩལ་འགྲན་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་དར་ཆ་བཟུང་ནས་འགྲན་རར་ཞུགས། ཨེ་ཤ་ཡའི་ཨོ་རྩལ་འགྲན་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཞས་དང་མཉམ་དུ་ཨེ་ཤ་ཡའི་ཨོ་རྩལ་འགྲན་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་དར་དལ་གྱིས་བསྒྲེངས་བ་དང་། སྐར་ལྔའི་དར་དམར་དང་ལྷན་དུ་མཁའ་དབྱིངས་སུ་ལྷབ་ལྷུབ་བསྐྱོད།
ལུས་རྩལ་པ་ཉིང་ཀྲུང་ཡན་དང་ཚའེ་ཞུའེ་ཐུང་། ཤན་འབྱེད་པ་ཀྲང་ཁྲུན་ཧུའེ་དང་ཁྲེན་ཝུན་ཧུང་བཅས་ཀྱིས་སོ་སོར་འགྲན་བསྡུར་ནང་ཞུགས་པའི་ལུས་རྩལ་པ་དང་ཤན་འབྱེད་པ་ཡོངས་ཀྱི་ཚབ་ཏུ་དམ་བཅའ་བཞག
དེའི་རྗེས་བརྙན་ཤེལ་ཆེན་པོའི་ཐོག གློག་བརྙན་ཐུང་གྲས《སྤྲོ་སེམས་འཁོལ་བའི་དགུན་ཁ》ཞེས་པ་དེས་ཚོགས་ར་ཡོངས་ཀྱི་ཡིད་དབང་བཀུག་ཡོད་པ་སྟེ། གངས་འཁྱགས་ལ་དགའ་པོ་བྱེད་པའི་ཧའར་པིན་གྱི་མི་རྣམས་ཀྱིས་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་ལ་དགའ་བའི་སྤྲོ་སེམས་མངོན་པར་བྱས་ཡོད།
རིག་རྩལ་འཁྲབ་སྟོན་མགོ་ཚུགས་ཤིང་། འཁྲབ་སྟོན་དེ་མགོ་འབྲིང་བར་གསུམ་བཅས་ཁག་གསུམ་དུ་དབྱེ་ཡོད།
ཆུ་ཚོད21དང་སྐར་མ24ཐོག དཔལ་འབར་གཙོ་བོ་སྦར་བའི་མཛད་སྒོ་མགོ་ཚུགས། བརྙན་ཤེལ་ཆེན་པོའི་སྟེང་ཧའར་པིན་གངས་འཁྱགས་འཛམ་གླིང་ཆེན་པོའི་ཡན་ལག་ཚོགས་ར་དང་མཉམ་འགུལ་བྱས་ནས། དབྱང་དབྱང་དང་ཧན་ཞའོ་ཕིན། ཝང་ཀྲེན། ཀྲང་ཧུང་སོགས་དཔལ་འབར་སྒྲོན་མཁན་བཞི་ཡིས་དཔལ་འབར་བརྒྱུད་སྤྲོད་བྱས་པས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་པ་རེད། འཁྱགས་སྒྲོན་ལག་ཏུ་འཁྱེར་པའི་བྱིས་པ་རྣམས་ཀྱིས་དཔལ་འབར་སྒྲོན་མཁན་དང་ལག་གདང་སྦྲེལ་ནས་དཔལ་འབར་མཉམ་དུ་བསྒྲོན་པ་ན། ཨེ་ཤ་ཡའི་དགུན་དུས་མེ་ཀླུང་ལྷམ་མེར་འབར་བ་རེད།
འཁྲབ་སྟོན་པ་ཡོངས་ཀྱིས་མཉམ་དུ་བརྗོད་དོན་གཙོ་བོའི་གླུ་གཞས《ཨེ་ཤ་ཡར་འོད་སྣང་བསྩོལ》ཞེས་པ་བླངས་ནས་ལུས་རྩལ་ར་བ་ཧྲིལ་པོ་སྤྲོ་སྣང་གི་རྒྱ་མཚོར་གྱུར།
མགོ་ཚུགས་མཛད་སྒོར་ཞུགས་པའི་རྒྱལ་སྤྱིའི་སྐུ་མགྲོན་ལ། ཝུན་ལའེ་ཡི་སུའུ་ཏེན་ཧ་སང་ན་ཨེར་དང་། ཅི་ཨེར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལའོ་ཕུའུ་དང་སྐུ་ཟླ་ཀྲ་ཕ་ལུའོ་ཝ། ཕ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨེར་ཏ་ལི། ཐའེ་གོའི་ཙུང་ལི་ཕེ་ཐུང་ཐན། ཧན་གོའི་རྒྱལ་ཚོགས་ཀྱི་གྲོས་དཔོན་ཡུས་ཡོན་ཀྲི་དང་སྐུ་ཟླ་ཧྲེན་ཅིན་ཧུའེ་བཅས་ཡོད།
ཝང་དབྱི་དང་ཧོ་ལི་ཧྥུན། ཝང་ཞའོ་ཧུང་། ཧྲིན་དབྱི་ཆིན་བཅས་མགོ་ཚུགས་མཛད་སྒོར་ཞུགས།
ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ་མགོ་ཚུགས་མཛད་སྒོར་ཞུགས།
ཨེ་ཤ་ཡའི་ཨོ་རྩལ་འགྲན་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་དཔོན་རིགས་སོགས་མགོ་ཚུགས་མཛད་སྒོར་ཞུགས་ཡོད། །