གཙོ་གནད། 详情

ཀྲུང་གུང་ཀྲུང་དབྱང་གིས་ཡོ་ནན་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར95ལོན་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

2025-02-07 08:59:58 来源: 作者: 编辑:超级管理员

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས3ཉིན། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་གློག་འཕྲིན་བཏང་ནས། ཡོ་ནན་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར95ལོན་པར་རྟེན་འབྲེལ་ཞུས། གློག་འཕྲིན་ནང་གསུང་དོན།

ལོ་ངོ95ཡི་རིང་། ཡོ་ནན་གུང་ཁྲན་ཏང་གིས་ཡོ་ནན་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་པས། རྒྱལ་ཁའི་ངང་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་བཅིངས་འགྲོལ་མངོན་འགྱུར་བྱུང་བ་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་གསར་བརྗེའི་བྱ་གཞག་ཁྲོད་གྲུབ་འབྲས་མི་དམན་པ་བླངས། ལྷག་པར་དུ་ཡོ་ནན་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་གསུམ་པའི་ཚུན་ལ། ཡོ་ནན་གུང་ཁྲང་ཏང་གིས་ནུས་ཤུགས་ཡོད་རྒུས་ཏང་གི་འཛུགས་སྐྲུན་དང་ལེགས་སྒྲིག་ལ་ཤུགས་བསྣན་པས། ཡོ་ནན་གྱི་ཆབ་སྲིད་གཏན་འཇགས་དང་། སྤྱི་ཚོགས་བདེ་འཇགས། དཔལ་འབྱོར་འཕེལ་རྒྱས་བྱུང་སྟེ། རྒྱལ་སྤྱིའི་གོ་གནས་ཉིན་རེ་བཞིན་ཇེ་མཐོར་ཕྱིན། མིག་སྔར། ཡོ་ནན་ཏང་དང་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལུན་གཙོ་བྱས་པའི་ཡོ་ནན་གུང་ཁྲན་ཏང་གི་སྟོབས་ལྡན་མགོ་ཁྲིད་འོག ཡོ་ནན་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་གསུམ་པའི་སྟེང་བཏོན་པའི་དམིགས་འབེན་དང་ལས་འགན་སྣ་ཚོགས་མངོན་འགྱུར་འབྱུང་བར་འབད་པ་དང་། ཏང་འཛུགས་རྒྱལ་འཛུགས་ཀྱི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ལ་ཕྱོགས་ནས་མུ་མཐུད་དུ་མདུན་སྐྱོད་བྱས་ཏེ། ཡོ་ནན་གུང་ཁྲན་ཏང་གི་ཚོགས་ཆེནབཅུ་བཞི་པ་བདེ་བླག་ངང་འཚོགས་པར་བསུ་མ་བྱས། ང་ཚོས་ཁྱེད་ཅག་གི་དམིགས་འབེན་མངོན་འགྱུར་འབྱུང་བར་ཡིད་ཆེས་བྱེད་ཀྱིན་ཡོད།

ཀྲུང་གོ་གུང་ཁྲན་ཏང་དང་ཡོ་ནན་གུང་ཁྲན་ཏང་གི་གསར་བརྗེའི་མཛའ་མཐུན་དང་མཛའ་བརྩེའི་མཉམ་ལས་འབྲེལ་བའི་རྒྱུན་རིང་།  ཀྲུའུ་ཞི་མའོ་ཙེ་ཏུང་དང་ཀྲུའུ་ཞི་ཧུའུ་ཀྲི་མེན་སོགས་མགོ་ཁྲིད་རྒན་རབས་རྣམས་ཀྱིས་སྐུ་དངོས་སུ་མཛུབ་ཁྲིད་དང་བློ་ཞིབ་མོས་སྐྱེད་སྲིང་བྱས་པར་བརྟེན། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་གསར་བརྗེའི་འཐབ་རྩོད་ཁྲོད་ཕན་ཚུན་ལ་རྒྱབ་སྐྱོར་བྱས་པ་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཁྲོད་ལག་རྡང་སྦྲེལ་ནས་དཔུང་བ་མཉམ་གཤིབ་བྱས་ལ། བཅོས་སྒྱུར་སྒོ་འབྱེད་དང་གསར་བརྗེའི་བྱ་གཞག་ཁྲོད་དཔའ་ངར་མདུན་སྐྱོད་བྱས་ཏེ། མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་བསྐྱོད། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་གི་མཐོང་སྣེ་ནས་ཀྲུང་གོ་དང་ཡོ་ནན་གྱི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་དོ་སྣང་ཆེན་མོ་བྱེད་པ་དང་། ཡོ་ནན་གུང་ཁྲན་ཏང་དང་མཉམ་དུ། ཏང་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པའི་ཐུན་མོང་ངོས་འཛིན་དངོས་འབེབས་ལེགས་པོ་བྱེད་ལ། ཡི་གེ་བཅུ་དྲུག་གི་བྱེད་ཕྱོགས་དང་བཟང་པོ་བཞིའི་སྙིང་སྟོབས་རྒྱུད་འཛིན་བྱེད་པ་དང་། སྔར་ལས་ལྷག་པ་དྲུག་གི་སྤྱིའི་དམིགས་འབེན་ལྟར། མཐོ་རིམ་འགྲོ་འོང་དམ་ཟབ་བྱེད་ལ། འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་པ། སྲོལ་རྒྱུན་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་པ། ཏང་སྐྱོང་རྒྱལ་སྐྱོང་གི་གཞུང་ལུགས་ཟབ་སྤེལ་དང་ཉམས་མྱོང་བརྗེ་རེས་ཕན་ཚུན་མིག་ལྟོས་བྱེད་པ། རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་བགྲོད་ལམ་མཉམ་དུ་འཚོལ་ཞིབ་བྱེད་པ་དང་། ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་ཟབ་མོ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་པ་དང་། མིའི་རིགས་ཀྱི་ཞི་བདེ་དང་བྱ་གཞག་ཡར་ཐོན་ཡོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད། །


热门新闻

热门图库

热门排行