ཁུལ་སྲིད་གྲོས་ཀྱི་སྐབས༡༤པའི་གྲོས་ཚོགས་ཐེངས་ལྔ་བ་མཇུག་བསྒྲིལ་བ།
སྲིད་གྲོས་སྐབས་བཅུ་བཞི་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་རྒྱལ་ཁའི་ངང་མཇུག་བསྒྲིལ་བ།
ལིས་ཀང་དང་ཀརྨ་ཕུན་ཚོགས་གཉིས་ཚོགས་འདུར་ཞུགས། ཚེ་རིང་གིས་གཏམ་བཤད་གནང་།
ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་གྲོས་རིམ་ཚང་མ་ལེགས་འགྲུབ་བྱུང་སྟེ། ཟླ1པོའི་ཚེས25ཉིན་གྱི་ཕྱི་དྲོར་ཁུལ་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁའི་ངང་མཇུག་བསྒྲིལ།
ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཚེ་རིང་དང་ཀྲའོ་ཀུའེ་ལེན། ཅིན་ཡུང་ཅེ། ཀུན་བཟང་པདྨ་རྣམ་རྒྱལ། ཧུའོ་ཆིང་། ཡཱ་སྒྲོལ་མ་སྐྱབས། གསེར་བཟང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།
ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མཱ་ཅན་ཧུང་། ཁུལ་ཨུའི་རྒྱུན་ཨུ་སོ་སོ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སོ་སོ། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་སོ་སོ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་མགོ་གཙོ། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་བཅས་གདན་ཞུ་ལྟར་ཀྲུའུ་ཞི་སྟེགས་བུར་བསྡད་ཡོད།
གྲོས་ཚོགས་ལས་སྲིད་གྲོས་སྐབས་བཅུ་བཞི་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་བཞི་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་བ་འཚོགས་ཚུན་གྱི་གྲོས་གཞིའི་བྱ་བ་བསྒྲུབས་ཚུལ་གྱི་སྙན་ཞུའི་སྐོར་གྱི་གྲོས་ཆོད། སྲིད་གྲོས་སྐབས་བཅུ་བཞི་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་ཆབ་སྲིད་གྲོས་ཆོད་བཅས་ལ་རིམ་པ་བཞིན་གྲོས་འཆམ་བྱུང་།
ཚོགས་ཆེན་མཇུག་མ་བསྒྲིལ་བའི་སྔོན་ལ། ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཤིང་། ཡཱ་སྒྲོལ་མ་སྐྱབས་སྲིད་གྲོས་སྐབས་བཅུ་བཞི་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་པ་དང་། གསེར་བཟང་སྲིད་གྲོས་སྐབས་བཅུ་བཞི་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་དང་། མཱ་ཧའེ་ཧྲན། ཝང་ཡོའུ་ཡེ། བཀྲ་ཤིས་རྡོ་རྗེ། ཧྥང་ཡུང་ཧུང་། རྒྱ་ལོ། ལྕགས་མོ་བྱམས། འབྲུག་སྐྱིད་སྒྲོལ་མ། ཀྲའོ་ཧྲའོ་ཐེན་བཅས་སྲིད་གྲོས་སྐབས་བཅུ་བཞི་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས།
ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚེ་རིང་གིས་མཇུག་བསྒྲིལ་ཚོགས་ཆེན་ལ་མགོ་འཛིན་གནང་། ཁོས་བཤད་རྒྱུར་ཚོགས་ཆེན་ལ་ཞུགས་མཁན་བློ་མཐུན་ཡོངས་ཀྱིས་ཐུན་མོང་གི་འབད་བརྩོན་བྱས་པ་བརྒྱུད་ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་བའི་སྟེང་གྲོས་རིམ་ཁག་བདེ་བླག་ངང་ལེགས་འགྲུབ་བྱུང་ཡོད། ཚོགས་ཆེན་གྱི་སྐབས་སུ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་གཙོ་བོ་དག་ཚོགས་ཆེན་ལ་ཞུགས་པ་དང་། ཨུ་ཡོན་རྣམས་ལ་འཚམས་འདྲི་གནང་བ་དང་གྲོས་བསྡུར་ལ་ཞུགས་པ་མ་ཟད། ཚོགས་ཆེན་གྱི་གཏམ་བཤད་ལ་ཉན་པ་དང་། དེ་མིན་ཨུ་ཡོན་རྣམས་དང་མཉམ་དུ་འཕེལ་རྒྱས་ཀྱི་ཇུས་ཆེན་དང་དམངས་ཕྱུག་ཇུས་འགོད། ཐུན་མོང་གིས་བྱ་གཞག་དར་རྒྱས་སུ་གཏོང་བའི་ཐད་གླེང་མོལ་བྱས་པས། ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་ཡོད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཀྱང་ཆབ་སྲིད་འགན་འཁྲིའི་འདུ་ཤེས་ཟབ་མོས་ཚོགས་ཞུགས་ལས་འགན་བསྒྲུབ་པ་དང་། རང་སྐྱོང་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད། ཀུན་གྱིས་དོ་སྣང་བྱེད་པའི་གནད་དོན་ཐག་གཅོད་བྱས་ནས་སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་དང་ངོས་འཛིན་གཅིག་མཐུན་ཡིན་པ། སྲིད་ཞུགས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་བཅས་བྱས་ནས་མི་དམངས་དམངས་གཙོའི་ཐད་སྐྱེ་སྟོབས་དང་གསོན་ཤུགས་རྒྱས་ཡོད་ལ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱི་འགན་ནུས་དང་ཡར་ཐོན་འབད་འབུངས་ཀྱི་རྣམ་པ་བཟང་བོ་མངོན་ཡོད་ཟེར།
ཚེ་རིང་གིས་ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་བཞི་པ་མཇུག་བསྡུ་བའི་ལོ་ཡིན་ལ། ལོ་ལྔའི་འཆར་གཞི་བཅོ་ལྔ་བར་འཆར་འགོད་བྱེད་པའི་ལོ་ཞིག་ཀྱང་ཡིན་པས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བཟུང་སྟེ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་གཉིས་དམ་འཛིན་སྒོས་ཤེས་ལྡན་མི་སྣ་མང་ཞིང་རིག་སྟོབས་འཛོམས་པ། འབྲེལ་འདྲིས་རྒྱ་ཆེ་བ་བཅས་ཀྱི་དམིགས་བསལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱ་དགོས། རང་འགུལ་གྱིས་ལས་འགན་བསྒྲུབ་པ་དང་འགན་འཁྲི་འཁུར་རྒྱུ་དེ་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོར་འཛིན་པ་དང་། སེམས་ཏང་ལ་ཕྱོགས་པ་དང་ཏང་དང་མཉམ་དུ་མདུན་དུ་བསྐྱོད་པའི་སྲིད་གྲོས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱ་དགོས། རང་འགན་ལེགས་པོར་བསྒྲུབ་སྟེ་སྤྱི་ཡོངས་ལྟེ་བར་འཛིན་པ་དང་ཞབས་འདེགས་ཞུ་བའི་ཐད་སྲིད་གྲོས་ཀྱི་འགན་འཁྲི་མངོན་པར་བྱ་དགོས། འབྲེལ་འདྲིས་ཀྱི་ཞབས་ཞུ་ལེགས་པོར་བསྒྲུབ་སྟེ་དམངས་དང་དམངས་ཚིས་ཀྱི་ལས་འགན་ཆེད་དུ་སྲིད་གྲོས་ཀྱི་བློ་ཁོག་བསྐྱེད་དགོས། རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྤྱོད་ཚུལ་ལེགས་བསྒྱུར་བྱེད་པ། ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་ཐད་སྲིད་གྲོས་ཀྱི་སྣང་བརྙན་བསྐྲུན་པར་འབད་འབུངས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་ལས་དོན་ལ་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཞེས་བསྟན།
ཚེ་རིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་ལག་ལེན་ལ་ཤུགས་འདོན་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཨུ་ཡོན་ཚང་མས་རང་ནུས་གལ་ཆེན་འདོན་པ་དང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཁུལ་ཨུའི་ཡང་དག་པའི་མགོ་ཁྲིད་འོག བློ་སྤོབས་ཆེར་བསྐྱེད་ཀྱིས་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ལ་འོད་སྟོང་འབར་བའི་གྲུབ་འབྲས་ལེན་པར་འབད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་ལེའུ་རྩོམ་པར་བྱས་རྗེས་གསར་པ་འཇོག་དགོས་ཞེས་ནན་གྱིས་བསྟན།
མཚོ་ལྷོ་ཁུལ་གྱི་སྐབས་བཅུ་གསུམ་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག ཁུལ་དུ་སྡོད་པའི་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན། དེ་མིན་རྫོང་ཨུ་སོ་སོའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཤང་དང་གྲོང་རྡལ་སོ་སོའི་སྲིད་གྲོས་ཀྱི་འབྲེལ་གཏུག་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཚོགས་འདུར་ཟུར་ཞུགས་བྱས་ཡོད།