སྒྲོན་བརྙན། 详情

ཁུལ་སྲིད་གྲོས་ཀྱི་སྐབས༡༤བའི་གྲོས་ཚོགས་ཐེངས་ལྔ་བ་འཚོགས་མགོ་བརྩམས།

2025-01-24 13:48:58 来源: 作者: 编辑:超级管理员

图片

སྲིད་གྲོས་ཀྱི་ནུས་པར་བརྟེན་ནས་མཚོ་ལྷོའི་ལས་དོན་ལ་ཞབས་འདེགས་ཞུ་བ།

—སྲིད་གྲོས་སྐབས་བཅུ་བཞི་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་གཟབ་རྒྱས་ངང་འཚོགས་མགོ་བརྩམས།   ཀརྨ་ཕུན་ཚོགས་ཚོགས་འདུར་ཞུགས། ཚེ་རིང་གིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཕུལ། ཧུའོ་ཆིང་གིས་གྲོས་འདོན་གྱི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ།ཀྲའོ་ཀུའེ་ལེན་གྱིས་ཚོགས་འདུར་མགོ་འཛིན་བྱས།

图片

ཟླ1པོའི་ཚེས23ཉིན་གྱི་ཕྱི་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་བའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་ཁུལ་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས། 

ཕྱི་དྲོའི་ཆུ་ཚོད2དང་སྐར་མ30སྟེང་ཁུལ་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་སྲིད་གྲོས་ཨུ་ཡོན་རྣམས་དགའ་སྤྲོ་ཆེན་པོས་ཚོགས་རར་ཞུགས།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚེ་རིང་དང་ཀྲུའུ་ཞི་གཞོན་པ་ཀྲའོ་ཀུའེ་ལེན། ཅིན་ཡུང་ཅེ། ཀུན་བཟང་པདྨ་རྣམ་རྒྱལ། ཧུའོ་ཆིང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

图片

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མཱ་ཅན་ཧུང་། ཁུལ་ཨུའི་རྒྱུན་ཨུ་སོ་སོ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སོ་སོ། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་སོ་སོ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་དང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་བཅས་གདན་ཞུ་ཀྲུའུ་ཞི་སྟེགས་བུར་བསྡད་ཡོད།  ཐེངས་འདིའི་ཚོགས་འདུར་ཞུགས་དགོས་པའི་སྲིད་གྲོས་ཨུ་ཡོན249ཡོད་ལ། དངོས་སུ་ཐོན་ཡོད་པའི་ཨུ་ཡོན228ཡོད་པས། གཏན་འབེབས་མི་གྲངས་དང་མཐུན།   ཕྱི་དྲོའི་ཆུ་ཚོད3གྱི་སྟེང་ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་མགོ་བརྩམས་པ་རེད།

图片

ཚོགས་འདུ་ལས་སྲིད་གྲོས་སྐབས་བཅུ་བཞི་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་གྲོས་རིམ་ལ་གྲོས་འཆམ་བྱུང་ཞིང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ།ཁུལ་ཨུའི་གྲོས་ཚོགས་ཐེངས་བཅུ་བཞི་པའི་དགོངས་དོན་བཅས་ཡིག་ཐོག་ནས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།

ཚེ་རིང་གིས་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ་བ་དང་། སྙན་ཞུ་ལས2024ལོ་ནི་ཀྲུང་གོ་གསར་པ་དང་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་འཁོར75ལོན་པའི་ལོ་ཞིག་ཡིན་ལ། ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཆར་འགོད་ལག་བསྟར་བྱས་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན། ལོ་དེར། ཁུལ་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁུལ་ཨུའི་ཡང་དག་པའི་སྣེ་ཁྲིད་འོགསྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་དང་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བདེན་སྲུང་གསར་གཏོད་དང་ལམ་བཤངས་ཡར་བརྩོན། སྲིད་གྲོས་ཀྱི་ནུས་པར་བརྟེན་ནས་མཚོ་ལྷོའི་ལས་དོན་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། བློ་འདོན་སྲིད་འདྲི་དང་། ངོས་འཛིན་གཅིག་མཐུན། ལྟེ་བར་ཞབས་ཞུ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལེའུ་གསར་པ་བྲིས་ཡོད་ཅེས་བསྟན།

图片

ཚེ་རིང་གིས་ལོ་གཅིག་གི་རིང་ལ་ལས་འགན་བསྒྲུབ་པའི་བརྒྱུད་རིམ་ལ་ཕྱིར་དྲན་བྱས་ན། ཁུལ་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དམ་པ་དོན་གཉེར་དང་བདེན་སྲུང་གསར་གཏོད་བྱས་ནས་བྱ་བར་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད་དེ། ཨུ་ཡོན་གྱིས་ཞབས་ཞུའི་སྡེ་ཁག་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་པའི་ཁྱབ་ཁོངས་སྔར་ལས་རྒྱ་ཆེ་བ་དང་། རིག་ལྡན་སྲིད་གྲོས་ཀྱི་གཞི་གཅིག་ཅན་གྱི་ལས་སྟེགས་མཉམ་སྦྲེལ་མཉམ་མཐུད་བྱེད་པ། ཁ་གཏད་རོགས་སྐྱོར་གྱི་མཉམ་འབྲེལ་ལམ་སྲོལ་ལ་ཕན་འབྲས་ཐོན་པ། ཕྱི་ཕྱོགས་དྲིལ་སྒྲོག་དང་འོས་སྦྱོར་ལས་དོན་སྤུས་ཚད་མཐོ་ཞིང་ལས་ཕྱོད་ཆེ་བ། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་རྒྱ་ཆེན་སྤེལ་ཡོད།ལོ་གཅིག་གི་རིང་ལ་ཁུལ་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གསར་གཏོད་ཡར་བརྩོན་དང་།འབད་འབུངས་མདུན་བསྐྱོད་བྱས་ནས་རྒྱུན་ལྡན་རང་བཞིན་གྱི་བྱ་བར་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་ཡོད།ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་པའི་ཆབ་སྲིད་རྩ་འཛུགས་ཀྱི་ངོ་བོའི་ཁྱད་ཆོས་དམ་འཛིན་ནན་པོ་བྱས་ཏེ། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བྱེད་པའི་ཁྲོད་སྲིད་གྲོས་ཀྱི་འགན་འཁྲི་མངོན་པར་བྱས་ཡོད། ཆེད་དོན་གྲོས་མོལ་སྒྲིག་གཞིའི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་སྲིད་གྲོས་ཀྱི་བྱས་རྗེས་མངོན་པར་བྱས་པ་དང་། ཐུན་མོང་གིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་འགན་ནུས་གལ་ཆེན་ལག་བསྟར་ནན་མོ་བྱེད་པ། ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་ཁྲོད་སྲིད་གྲོས་ཀྱི་སྟོབས་ཤུགས་ཕུལ་བ།ཨུ་ཡོན་གྱི་ཁྱིམ་གཞིས་དང་དམངས་གཙོའི་ཁྱིམ་གཞིས། མཐུན་སྒྲིལ་གྱི་ཁྱིམ་གཞིས་བསྐྲུན་པའི་བྱ་བར་དམིགས་ནས་སྣང་བརྙན་ལེགས་པོ་བསྐྲུན་པའི་ཁྲོད་སྲིད་གྲོས་ཀྱི་བྱ་སྤྱོད་ལག་ལེན་དུ་བསྟར་ཡོད་ཅེས་བསྟན།

图片

ཚེ་རིང་གིས2025ལོ་ནི་ཀྲུང་གུང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དང་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་ལ།ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཆར་འགོད་མཇུག་བསྡུ་བའི་ལོ་ཞིག་ཀྱང་ཡིན་པས།ཁུལ་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྤྱིའི་བླང་བྱ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་གོ་དོན་ཟབ་མོར་རྟོགས་པ་དང་། འདུ་ཤེས་བཞི་བརྟན་པོར་གཏོང་བ། གདེང་ཚོད་བཞི་ཆེ་རུ་གཏོང་བ། སྲུང་སྐྱོང་གཉིས་བསྒྲུབ་ཐུབ་པ་བཅས་བྱེད་པ། ཏང་གི་མགོ་ཁྲིད་དང་འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་ལེགས་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཞིང་ཆེན་དང་ཁུལ་ཨུའི་བཀོད་སྒྲིག་བླང་བྱ་ལྟར།ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་།དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་སྐུལ་སྤེལ་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ།བློ་འདོན་སྲིད་འདྲི་དང་ངོས་འཛིན་གཅིག་མཐུན་ཕྱོགས་གཉིས་ཐད་ནས་ཤུགས་འདོན་བཅས་བྱས་ཐོག ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་དང་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་ལེའུ་འབད་པས་འབྲི་བར་སེམས་ཤུགས་གཅིག་ཏུ་སྒྲིལ་དགོས་པར་ནན་གྱིས་བསྟན།

图片

ཧོའུ་ཆིང་གིས་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་གྱི་གྲོས་འདོན་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ། སྙན་ཞུ་ལས་ལོ་གཅིག་གི་རིང་ལ། སྲིད་གྲོས་ཨུ་ཡོན་ཡོངས་དང་སྲིད་གྲོས་ལ་ཞུགས་པའི་ལས་ཁུངས་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཆབ་སྲིད་གྲོས་མོལ་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ75ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན།ཞིང་ཆེན་དང་ཁུལ་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། ཁུལ་ཨུའི་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་ནུས་ཁུངས་གཙང་མར་བརྟེན་ནས་ཁུལ་སྟོབས་ལྡན་དུ་གཏོང་བ། ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོར་འཛུགས་པའི་འཕེལ་རྒྱས་འཐབ་ཇུས་དང་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་ཁྲོད་ཀྱི་གནད་དོན་གཙོ་བོ་དང་དམངས་ཚིས་བདེ་སྡུག་ཞུ་བར་བརྟེན་ནས་གྲོས་འདོན་ལ་བློ་འདོན་ཇུས་འབུལ་བྱས་ཏེ། སྲིད་གྲོས་ཀྱི་འགན་འཁྲི་གསར་པ་དང་ཕྱོགས་གཉིས་ཀྱི་འགན་སྒྲུབ་གསར་པ་མངོན་པར་བྱས་ཡོད། ཨུ་ཡོན་གྱིས་དྲ་ལམ་དང་ཡུལ་དངོས་གཉིས་ཀྱི་ཐབས་ལམ་བརྒྱུད་དེ་གྲོས་འདོན་གྱི་རྣམ་པའི་ཐོག་ནས་བསམ་འཆར་དང་གྲོས་མགོ་ཁག117བཏོན་ཡོད།ཚོགས་ཞུགས་མི་ཐེངས231ཡོད། གྲོས་གཞི་དེ་དག་ཁྱབ་རྒྱ་ཆེ་བ་དང་ནང་དོན་ཕུན་སུམ་ཚོགས་པ། དམིགས་སའི་རང་བཞིན་ཆེ་བ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་ལས་དོན་དང་ཚད་མཐོའི་གཅིག་མཐུན་ཡོང་བ་བཅས་བྱས་ནས་རང་སྐྱོང་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཞེས་བསྟན་ཡོད།

མཚོ་ལྷོ་ས་ཁུལ་གྱི་སྐབས་བཅུ་གསུམ་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག ཁུལ་དུ་སྡོད་པའི་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན།རྫོང་སོ་སོའི་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་།ཤང་དང་གྲོང་རྡལ་སོ་སོའི་སྲིད་གྲོས་བྱ་བའི་འབྲེལ་གཏུག་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས་ཡོད།

热门新闻

热门图库

热门排行