གནད་བསྡུས། 详情

སྐྱེར་མ་ཁུག་གི་ལོ་ངོ་སུམ་ཅུའི་འགྱུར་ལྡོག་ལས་མཚོ་ལྷོས་བརླན་སའི་སྲུང་སྐྱོང་ལ་ཕུལ་བའི་རྔུལ་ཁྲག་མཚོན་ཡོད།

2024-12-25 10:41:53 来源: 作者: 编辑:超级管理员

ལོ་ངོ་སུམ་ཅུའི་སྔོན་དུཿ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་དུཿ་འཚོ་སྡོད་བྱེད་བཞིན་ཡོད་པའི་ལས་བྱེད་མང་ཚོགས་རྣམས་གཟའ་མཇུག་གམ་ཁོམ་ལོང་རེ་བྱུང་ཚེ་སྐྱེར་མ་ཁུག་ཟེར་བའི་ས་ཆ་དེར་སོང་ནས་སྤྲོ་གསེང་ལ་རོལ་བཞིན་ཡོད།

སྐྱེར་མ་ཁུག་ནི་ཆབ་ཆ་གྲོང་རྡལ་དང་ཅུང་ཐག་ཉེ་བའི་ལྷོ་ཕྱོགས་སུ་ཡོད་ལ།གནས་དེ་ན་མཚེའུ་ཆུང་ཆུང་ཧ་ཅང་མང་ལ།མཚེའུ་ནང་བྱ་ངང་པ་ཚོ་ཆུ་རྩེད་ལ་རོལ་བཞིན་ཉིན་གཅིག་གི་ཁ་ཟས་འཚོལ་བཞིན་འདུཿགདབྱར་ཁར་སླེབས་ཚེ།གནས་དེའི་ག་ས་གང་དུཿ་སྐྱེར་མའི་མེ་ཏོག་བཞད་དེ་དྲི་ཞིམ་ཕྱོགས་བཞིར་ཁྱབ་པའི་མཛེས་ལྗོངས་ཀྱིས་ས་སྟོང་དུཿ་ལུས་པའི་གནས་དེ་དང་ཁུ་སིམ་མེར་ཡོད་པའི་ཆབ་ཆ་གྲོང་རྡལ་ལ་དེ་བས་སྐྱེ་སྟོབས་དང་མཛེས་སྡུག་བསྣན་ཡོད།

གནས་འདིར་འཚོ་བ་སྐྱེལ་བཞིན་པའི་མི་རྣམས་ཀྱིས་སྐྱེར་མ་ཁུག་ལ་དེ་ལས་ལྷག་པའི་བརྩེ་བ་ཟབ་མོ་བཅངས་ཡོད་ལ།བརྩེ་བ་དེ་ནི་མཛེས་པའི་ཡུལ་ལྗོངས་དང་མི་རྣམས་ལ་རེ་ཙམ་སྦྱིན་པའི་སྤྲོ་སྣང་དེ་མ་ཡིན་པར་དེ་ལས་གལ་ཆེ་བ་ནི་ནམ་ཡང་སེམས་ཀྱིས་འཕྲེང་བའི་དུཿངས་སེམས་ཤིག་སྟེ་མཚོ་སྔོན་གྱི་མི་བུ་རེ་རེ་ཡི་རུས་རྐང་དུཿ་ཆགས་པའི་སེམས་འདུཿན་དྲོན་མོ་ཞིག་ཡིན།

ལོ་ངོ་སུམ་ཅུའི་སྔོན་ཡར་སྔོན་དུཿ་འཚོ་བ་དེ་འདྲའི་ཕྱུག་རྒྱུ་མེད་ཀྱང་མི་རྣམས་སྐྱེར་མ་ཁུག་ཏུ་སྤྲོ་གསེང་དུཿ་ཕྱིན་ཏེ་བསྙལ་ཐུག་དཀར་ཡོལ་གང་དང་སྦི་རག་དམ་བུ་འགའ་འཐུང་ཞོར་གླུ་གཞས་སྙན་མོ་ཞིག་ལེན་ཐུབ་ཚེ།དེ་ནི་མི་སེམས་ལ་སྤྲོ་སྐྱིད་ལྡན་པའི་བདེ་སྐྱིད་ཀྱི་འཚོ་བ་ཞིག་ཏུ་རློམ་ཡོད།

སྐབས་དེར་མི་རྣམས་སྐྱེར་མ་ཁུག་ཏུ་འཆམ་འཆམ་དུཿ་འགྲོ་སྐབས་རྒན་པ་ཚོས་སྐྱེར་མ་ཁུགགི་དཀྱིལ་དུཿ་འགྲོ་མི་རུང་འདམ་ནང་དུཿ་འཛུལ་ན་ཕྱིར་ཡོང་དཀའ་ཞེས་ཐ་ཚིག་སྒྲོག་བཞིན་ཡོད།

ལོ་རབས་ལྔ་བཅུ་པ་དང་དྲུག་ཅུ་པར་སྐྱེར་མ་ཁུག་ནི་ཧ་ཅང་ཆེ་བའི་འདམ་གཞོང་ཞིག་ཡིན་པ་དང་འདམ་གཞོང་དེའི་དཀྱིལ་དུཿ་མཚེའུ་དང་འདམ་རྩྭའི་ཁེབས་ཡོད་ལ།མཚེའུ་ནང་ཉ་མོ་དང་བྱ་རིགས་ཀྱང་མང་པོ་ཡོད་པ་རེད།མི་རྣམས་སྐྱེར་མ་ཁུག་གི་དཀྱིལ་དུཿ་སོང་ན་ཧ་ཅང་ཉེན་ཁ་ཆེ།ལོ་རབས་བརྒྱད་ཅུ་བའི་དུཿས་མཇུག་ཏུ་འདམ་རྫབ་རིམ་བཞིན་ཇེ་ཆུང་དུཿ་སོང་ནས་བ་ཚྭའི་ས་ཞིང་ཇེ་མང་དུཿ་འགྲོ་མགོ་ཚུགས་ཤིང་།ས་དེར་སྐྱེར་མའི་མེ་ཏོག་གིས་ཁེངས་ནས་མི་རྣམས་རྒྱུན་དུཿ་སྤྲོ་གསེང་དུཿ་འགྲོ་སར་གྱུར།

ཆབ་ཆ་གྲོང་རྡལ་དུཿ་བསྡད་ཡོད་པའི་ལོ་རབས་དྲུག་ཅུའི་རྗེས་ཀྱི་གྲོང་མི་དབྱང་གིས་ཕྱིར་དྲན་གྱིས་བཤད་རྒྱུར། སྐྱེར་མ་ཁུག་གུང་ཧོའི་མི་རྣམས་སྤྲོ་འཆམ་དུཿ་འགྲོ་སྐབས་ངེས་པར་དུཿ་འགྲོ་དགོས་པའི་ས་ཆར་གྱུར་པའི་རྒྱུ་མཚན་ནི་སྐྱེར་མ་ཁུག་ཏུ་སྐྱེར་མའི་མེ་ཏོག་གིས་གང་ཡོད་པར་མ་ཟད། སྐབས་དེར་འགྲིམ་འགྲུལ་ཡོ་བྱད་དཀོན་པས་མི་རྣམས་ཐག་རིང་དུཿ་འགྲོ་དཀའ།

དུས་རབས་གསར་པར་སླེབས་རྗེས་བོད་འབྲེལ་ས་ཁུལ་གྱི་མི་རྣམས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་སོང་སྟེ་ཁྱིམ་ཚང་རེ་རེ་ཡིས་ཁང་པ་གསར་པ་ལས་པར་མ་ཟད།རླངས་འཁོར་ཆུང་ཆུང་རེའང་ཉོ་ཐུབ་པ་བྱུང་བས།མི་རྣམས་ས་ཆ་ཐག་རིང་སར་ཡུལ་སྐོར་དང་སྤྲོ་གསེང་དུ་འགྲོ་རྒྱུའི་འདུན་པ་ཇེ་ཆེར་སོང་ནས་སྐྱེར་མ་ཁུག་དེ་རིམ་བཞིན་ཚང་མའི་སེམས་ནང་ནས་ཡར་བར་གྱུར་སོང་ཟེར།

ད་ལྟ་ཡང་བསྐྱར་སྐྱེར་མ་ཁུག་གླེང་སྐབས་ས་སྐྱེས་རྡོ་སྐྱེས་སུ་གྱུར་བའི་ས་གནས་མི་དམངས་ཀྱི་དྲན་པའི་ཡོལ་བའི་ངོས་སུ་གསལ་ལེར་མཆིས་པའི་ལོ་ངོ་སུམ་ཅུའི་ཡར་སྔོན་གྱི་རྣམ་པ་དེ་ཁོ་ན་ཡིན་ལ།ད་ལྟ་སྐྱེར་མ་ཁུག་དེ་ཅི་འདྲ་ཞིག་ཏུ་གྱུར་ཡོད་དམ་ཞེས་ན།མི་མང་པོ་ཞིག་གིས་གསལ་བོ་ཞིག་བཤད་དཀའ་བར་གྱུར་ཡོད།

དགུན་སྟོད་འདིར་གསར་འགོད་པ་སྐྱེར་མ་ཁུག་ཏུ་ཡོང་སྐབས་མཐོང་བའི་རྣམ་པ་དང་རྒན་པ་ཚོའི་ཁ་ནས་བརྗོད་པའི་ལོ་ངོ་སུམ་ཅུའི་ཡར་སྔོན་གྱི་རྣམ་པ་དང་ཧ་ཅང་མི་འདྲ་བར་དེ་ལས་ལྡོག་སྟེ་དེ་ལས་ཀྱང་སྔ་བའི་ཚོར་བ་ཞིག་སྦྱིན་ཡོང་།

སྐྱེར་མ་ཁུག་དཀྱིལ་གྱི་ལམ་བུ་ཆུང་ཆུང་དེ་དེད་ནས་སོང་ཚེ།གཡས་གཡོན་གཉིས་སུ་རྩྭ་ར་བསྐོར་ཡོད་པ་དང་རྩྭ་རའི་ནང་དུ་རྩྭ་སྐྱེས་ནས་སེར་པོའི་ལོག་ཡོད་པ་རེད།བ་ཚྭའི་ས་ཞིང་གི་སྟེང་སྡེ་མི་ཚོས་ཆུ་རྐ་ཆུང་ཆུང་ཞིག་བརྐོས་ནས་ཆུ་དྲངས་ཏེ་བརླན་སའི་རྒྱ་ཁྱོན་ཆེར་བཏང་ཡོད་ལ།འདམ་གཞོང་གི་ཤུལ་མང་པོ་ཞིག་ཏུའང་རྩྭ་སྐྱེས་ཡོད།སྐྱེར་མ་ཁུག་གི་བྱང་ཤར་ཕྱོགས་སུ་ཡོད་པའི་འོད་ཆེམ་ཆེམ་དུ་འཕྲོ་བའི་ཆུ་རྫིང་གི་ངོས་སུ་ད་དུང་བྱ་ངང་བ་འགའ་བག་ལ་ཕེབས་ནས་ཆུར་རྐྱལ་བཞིན་ཡོད་པ་མཐོང་།

དགུན་དུས་ཀྱི་སྐྱེར་མ་ཁུག་ལ་མི་རྣམས་ཀྱིས་བཤད་པ་ལྟར་དབྱར་དུས་ཀྱི་མཛེས་ཉམས་མེད་ཀྱང་ཁས་མི་ལེན་ཐབས་མེད་པ་ཞིག་ནི་རྩྭ་ར་བསྐོར་སྟངས་དང་ཆུ་རྐ་ཡོད་པ།ད་དུང་ལྗང་བསྒྱུར་སླར་གསོ་བྱེད་ཚད་སོགས་ལས་སྐྱེར་མ་ཁུག་དེ་ལོ་རབས་ལྔ་བཅུ་པ་དང་དྲུག་ཅུ་པའི་སྐབས་ཀྱི་རྣམ་པ་དང་འདྲ་ལ།དེ་ལས་མི་རྣམས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུར་སྔར་ལས་མཐོང་ཆེན་བྱེད་བཞིན་ཡོད་པ་རྟོག་ཐུབ།

གོ་ལ་ཧྲིལ་པོའི་སྐྱེ་ཁམས་མ་ལག་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན་པའི་ངོས་ནས་བརླན་སར་སྐྱེ་ཁམས་ཀྱི་ནུས་པ་གང་མང་ལྡན་པས།མི་རྣམས་ཀྱིས་སའི་གོ་ལའི་མཁལ་མ་ཞེས་བརྗོད་བཞིན་ཡོད།དེ་ལས་སྔ་བའི་འདམ་གཞོང་ནས་བ་ཚྭའི་སར་གྱུར་བ་དང་།དེ་ནས་རིམ་བཞིན་བརླན་སར་སླར་གསོ་བྱས་པའི་སྐྱེར་མ་ཁུག་གི་འགྱུར་ལྡོག་འགའ་ལས་གུང་ཧོ་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལོ་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་མེད་དང་མི་རྣམས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ལ་ངོས་འཛིན་དང་རྒྱུས་ལོན་ག་ཚོད་བྱུང་ཡོད་པ་ཤེས་འདོན་ན།ང་ཚོའི་མཚོ་ལྷོ་ཁུལ་གྱི་ལོ་ངོ་འདི་དག་གི་རིང་ལ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་གི་ཁྲོད་ནས་དྲིས་ལན་རྙེད་ཐུབ།

སྔོན་ཆད་མི་རྣམས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཧ་ཅང་ཞན་པ་དང་།སྐབས་དེར་དཔལ་འབྱོར་འཕེལ་རྒྱས་ཀྱི་གནོན་ཤུགས་དང་།སློབ་གསོ་དང་དྲིལ་སྒྲོག་མི་འདང་བ།སྲོལ་རྒྱུན་གྱི་འདུ་ཤེས་དང་སེམས་ཁམས་ཀྱི་རྒྱུ་རྐྱེན།སྲིད་ཇུས་དང་ལྟ་སྐུལ་དོ་དམ་གནད་ལ་མི་འཁེལ་བ་སོགས་ཀྱི་རྐྱེན་གྱིས་ཡིན་མོད།འོན་ཀྱང་འདུ་ཤེས་ཞན་པ་དེའི་རིགས་ནི་དུས་རབས་ཀྱི་རྒྱབ་ལྗོངས་ལས་བྱུང་བ་ཞིག་ཡིན་པ་ལས་མི་ཚང་མའི་འདུ་ཤེས་ཁོ་ན་མཚོན་མི་ཐུབ།དཔེར་ན་སྐྱེར་མ་ཁུག་བ་ཚྭའི་སར་གྱུར་བ་དེའི་རྒྱུ་རྐྱེན་གཅིག་ནི་མི་རྣམས་ཀྱིས་ལྟོ་བ་རྒྱགས་ཆེད་བརླན་སའི་མཐའ་འཁོར་དུ་ས་རྒོད་མང་པོ་བཏུལ་ནས་ལུད་རྫས་དང་ཞིང་སྨན་བཀོལ་བའི་རྐྱེན་གྱིས་ཡིན་པ་དང་།རྒྱུ་རྐྱེན་གཞན་དེ་ནི་གནམ་གཤིས་གྱི་འགྱུར་ལྡོག་གིས་སྐམ་སར་གྱུར་བ་དང་ས་དེར་བ་ཚྭའི་རང་གཤིས་འདྲེས་ཡོད་པས་སྐྱེར་མ་ཁུག་བ་ཚྭ་ཅན་དུ་གྱུར་བའི་རྒྱུ་རྐྱེན་གཙོ་བོ་རེད།

དུས་རབས་གསར་པར་སླེབས་རྗེས་འདི་གར་འཚོ་བ་སྐྱེལ་མཁན་གྱི་མི་རྣམས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ལ་མཐོང་ཆེན་བྱེད་མགོ་ཚུགས་ལ།2012ལོའི་ཟླ11པར་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུ་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ནང་བཞག་པས་མཛེས་པའི་ཀྲུང་གོ་འདི་ཉིད་སྲིད་སྐྱོང་གི་འདུ་ཤེས་འཛིན་པར་གྱུར་བ་རེད།

ཀྲུང་ཧྭ་མི་རིགས་འདི་སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་གསར་པར་བསྐྱོད་པར་བསྟུན།མཚོ་ལྷོ་ཁུལ་གྱིས་ཀྱང་ས་གཞིའི་སྟེང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱིས་འཚོ་སྡོད་བྱེད་དགོས་པའི་འདུ་ཤེས་བརྟན་སྲུང་བྱེད་པའི་མགོ་བརྩམས་པ་རེད།

དཔྱད་གཞིའི་ཡིག་ཆ་དག་ལས་མཚོ་ལྷོ་ཁུལ་གྱི་བརླན་སར་རིགས་མང་ལ།ཆུ་བོའི་བརླན་ས་དང་མཚེའུ་ཡི་བརླན་ས།འདམ་རྫབ་ཀྱི་བརླན་ས།མིས་བཟོས་བརླན་ས་བཅས་ཡོད་པ་དང་།བརླན་སའི་སྤྱིའི་རྒྱ་ཁྱོན(ཆུ་ངོས་ཚུད)སྤྱི་ཆིང་ཁྲི36.33དང་།(ཆུ་ངོས་ཚུད་མེད)སྤྱི་ཆིང་ཁྲི5.64ཟིན་པ་མངོན་ཡོད།དེའི་ནང་སྤང་ཐང་གིས་སྤྱི་ཆིང་ཁྲི1.28བཟུང་ཡོད་པ་དང་།སྐམ་སའི་དབུས་ཁུལ་གྱི་གྲམ་ཐང་གིས་སྤྱི་ཆིང་ཁྲི3.71བཟུང་ཡོད།

ཁྲི་ཀའི་བརླན་ས་སྤྱི་གླིང་དུ་ཕྱིན་དུས་ཐུན་མོང་མ་ཡིན་པའི་ས་ཁམས་དང་རང་བྱུང་ཁོར་ཡུག་ལས་གྲུབ་པའི་མཚལ་ལྗོངས་ས་གཤིས་དེ་རི་ཆུ་ནགས་གསུམ་དང་འདྲེས་ནས་ཧ་ཅང་མཛེས་པའི་རང་བྱུང་གི་མཛེས་ལྗོངས་ལྟ་ན་སྡུག་པ་རེ་རེ་ཡིས་གྲུབ་ཡོད།ཡིན་ནའང་གནས་འདིར་ལོག་པའི་ཡུལ་སྐོར་བ་ཚོས་སྔོན་ཆད་གྲོང་ཁྱེར་འདིའི་རྨ་ཆུར་བྱེ་མ་དང་འདམ་རྫབ་ཀྱིས་རྙོག་ཆུར་གྱུར་པ་དང་མཐའ་འཁོར་དུ་གད་སྙིགས་གང་སར་འཕངས་ཡོད་པ་རྟོག་ཐུབ་མེད།2015ལོར་ཁྲི་ཀའི་བརླན་ས་སྤྱི་གླིང་བསྐྲུན་ནས་བརླན་སར་སྲུང་སྐྱོང་བྱས་ཏེ་ཡུལ་སྐོར་བའི་ལྟ་སྐོར་བྱེད་ས་དང་བརླན་སའི་སྐྱེ་ཁམས་ཤེས་བྱ་ཁྱབ་གདལ་དང་དྲིལ་སྒྲོག་བྱེད་ས་བཅས་གཞི་གཅིག་ཏུ་འདུས་པའི་བརླན་སའི་སྤྱི་གླིང་ཞིག་ཏུ་གྱུར་ལ།དབྱར་ཁར་སྤྱི་གླིང་དུ་འདམ་རྩྭའི་ཁེབས་ཡོད་པ་དང་།གནའ་ཤིང་རྩ་ཆེན་དང་ཤིང་སྣ་གྲགས་ཅན་མང་པོ་ཡོད་པ་དེ་ནི་ཡུལ་སྐོར་བ་དང་ཉེ་འགྲམ་གྱི་མང་ཚོགས་ཚོ་རྒྱུན་དུ་སྤྲོ་འཆམ་དུ་འགྲོ་སའི་གནས་འགངས་ཆེན་ཞིག་ཏུ་གྱུར་ཡོད།དགུན་དུས་སུ་འདི་གར་བྱ་རིགས་ཀྱི་འཇུག་རྟེན་ཞིག་ཏུ་གྱུར་ནས་ཡུལ་སྐོར་བས་ཐག་ཉེ་ས་ནས་ཁྲུང་ཁྲུང་དཀར་མོ་དང་ངང་བ།ཁྲུང་ཁྲུང་སྐེ་དམར་སོགས་བྱ་རིགས20ལྷག་མཐོང་ཐུབ་ཀྱིན་པ་རེད།

ལོ་ངོ་བཅུའི་རྗེས་སུ།ལག་ལེན་གྱིས་བདེན་དབང་བྱས་ཡོད་པ་དེ་ནི་གནམ་འོག་རྨ་ཆུ་ཁྲི་ཀར་དྭངས་བའི་བརླན་ས་སྤྱི་གླིང་ལ་བརྟེན་ནས་རྨ་ཆུའི་བརླན་སར་སྲུང་སྐྱོང་དང་ནུབ་རྒྱུད་ཀྱི་སྐམ་སའི་ས་ཁུལ་དུ་བརླན་སའི་ཁོར་ཡུག་ཇེ་ཞན་དུ་འགྲོ་བ་ཚོད་འཛིན་ཐུབ་ཡོད་པར་མ་ཟད།རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དང་རྩི་ཤིང་འཕེལ་བར་ནུས་པ་གལ་ཆེན་ཐོན་ཡོད་པ་དེ་རེད།

མིག་སྔར།རྣམ་པ་དང་ནུས་པའི་ཕྱོགས་ནས་གནམ་འོག་རྨ་ཆུ་ཁྲི་ཀར་དྭངས་བའི་བརླན་ས་སྤྱི་གླིང་དང་འདྲ་བའི་སྤྱི་གླིང་མཚོ་ལྷོ་ཁུལ་དུ་ད་དུང་གཉིས་ཡོད་དེ། ཀོས་ནན་རྫོང་མང་ཆུ་རྒྱལ་ཁབ་བརླན་ས་སྤྱི་གླིང་དང་གུང་ཧོ་མཐའ་དམར་ཆུ་ཚན་ཆུང་བུའི་བརླན་ས་སྤྱི་གླིང་གཉིས་ཡིན་ཏེ།བརླན་ས་སྤྱི་གླིང་དེ་དག་ཚང་མ་རྨ་ཆུའི་འབབ་རྒྱུད་ཀྱི་ཁོངས་སུ་གཏོགས་ཤིང་།རིགས་ལ་འདབ་རྫབ་དང་མཚེའུ།ཆུ་བོ་བཅས་གསུམ་འདས་པ་རེད།བརླན་ས་སྤྱི་གླིང་དེ་གསུམ་གྱིས་རྨ་ཆུའི་འབབ་རྒྱུད་ཀྱི་ཆུའི་མགོ་ཁུངས་དང་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་གི་ནུས་པ་ཐོན་བཞིན་ཡོད་པ་རེད།

མཚོ་ལྷོ་ཁུལ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ཁུལ་དང་མཚོ་སྔོན་པོའི་རང་བྱུང་སྲུང་སྐྱོང་ཁུལ།རྨ་ཆུའི་འབབ་རྒྱུད་བཅས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྱབ་ཁོངས་གཙོ་བོ་གསུམ་ཡོད་སའི་གནས་འགངས་ཆེན་ཞིག་ཡིན་ལ།ལོ་འདི་དག་གི་རིང་།མཚོ་ལྷོ་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་ལས་གཞི་མང་པོ་ལག་བསྟར་བྱས་ཡོད་དེ།དཔེར་ན་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་དང་བརླན་ས་སྤྱི་གླིང་འཛུགས་སྐྲུན་དང་སྲུང་སྐྱོང་།ས་ཆུ་ཤོར་བ་བཅོས་སྐྱོང་སོགས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་ཇེ་ཞན་དུ་འགྲོ་བ་ཚོད་འཛིན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་བརྟན་སྲུང་ཡོང་བར་ཁག་ཐེག་བྱས་ལ།བརླན་ས་སྲུང་སྐྱོང་དོ་དམ་བྱེད་པའི་མ་ལག་འཛུགས་པའི་ཐད་ཐབས་ཇུས་དངོས་བཏོན་ནས་མཚོ་ལྷོ་ཁུལ་གྱི་བརླན་ས་སྲུང་སྐྱོང་གི་སྤྱིའི་འཆར་འགོད་བཟོས་ཏེ། བརླན་སའི་ཐོན་ཁུངས་ལ་གཅིག་གྱུར་གྱིས་དོ་དམ་དང་ཚན་རིག་དང་མཐུན་པའི་དོ་དམ།ཁྲིམས་ལྟར་དོ་དམ་བཅས་བྱས་ཏེ་བརླན་ས་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་པ་རེད།

བརླན་ས་སླར་གསོ་བྱ་དགོས་ན་ངེས་པར་དུ་ཆུ་གསབ་རྒྱུ་ནི་འགག་རྩ་ཡིན་པས།2023ལོའི་ལོ་མགོ་ཚུགས་མ་ཐག་ནས་བཟུང་།གུང་ཧོ་རྫོང་གིས་ཆབ་ཆའི་ཆུ་བོའི་ཁོར་ཡུག་བཅོས་སྐྱོང་དང་ཆུའི་སྐྱེ་ཁམས་སླར་གསོའི་ལས་གཞི་མགོ་བརྩམས་ཤིང་།ཆབ་ཆ་ས་ཁུལ་གྱི་ཆུ་གནས་ཡོངས་ལ་ཕྱོགས་ཡོངས་ནས་བཅོས་སྐྱོང་དང་སླར་གསོ་བྱས་ཏེ།གུང་ཧོའི་དྭངས་གཙང་ཆུ་མོའི་བཞུར་རྒྱུན་དེ་ལེ་དབར་བརྒྱ་རུ་བཀྲམ་པའི་རི་མོའི་བར་ཁྱམས་དང་མཚུངས་པའི་སྐྱེ་ཁམས་ཁོར་ཡུག་གི་མཛེས་པའི་རྣམ་པ་གསར་པ་ཞིག་ཆགས་པར་བྱས།

གོང་གི་ལས་གཞི་དེར་སྤྱིའི་མ་དངུལ་སྒོར་དུང་ཕྱུར3.16བཏང་བ་དེའི་ནང་རིགས4དང་ཁྱོན་ཡན་ལག་བཟོ་སྐྲུན11ཚུད་ཡོད།ལས་གཞི་དེའི་ནང་སྟོད་རྒྱུད་ཀྱི་ཆབ་ཆའི་ཆུ་བོའི་མགོ་ཁུངས་ཀྱི་ཆུ་སྣ་ཁུངས་སླར་གསོ་དང་སྲུང་སྐྱོང་གི་བཟོ་སྐྲུན།བར་རྒྱུད་ཀྱི་བཙོག་ཆུ་གཙང་སེལ་བཟོ་གྲྭའི་ཆུ་རྔ་གཙང་སེལ་བེད་སྤྱོད་གཏོང་བའི་ཆུ་འདྲེན་རྨང་གཞིའི་བཟོ་སྐྲུན་ལག་བསྟར་བྱས་པ་དང་།སྨད་རྒྱུད་ཀྱི་ཆབ་ཆའི་ཆུ་བོའི་མགོ་ཁུངས་ཀྱི་ཆུ་སྣ་ཁུངས་ཀྱི་སྐྱེ་ཁམས་སླར་གསོའི་བཟོ་སྐྲུན་ལག་བསྟར་བྱས་ནས་ཆུ་བོར་གཙང་སེལ་བྱས་ཏེ་ཆུ་མོ་དྭངས་ལ་ཡུལ་ལྗོངས་མཛེས་པའི་རྣམ་པ་ཞིག་མངོན་པར་བྱས།

ཆབ་ཆ་ཆུ་བོའི་ཁོར་ཡུག་བཅོས་སྐྱོང་དང་ཆུའི་སྐྱེ་ཁམས་སླར་གསོའི་ལས་གཞི་འཛུགས་སྐྲུན་བྱས་ཏེ་འཁོར་བསྐྱོད་བྱས་རྗེས།མཁར་གྲོང་ས་ཆའི་ཆུ་རྐའི་ཆུ་མེད་པའི་གནད་དོན་རྩ་བ་ནས་ཐག་གཅོད་བྱས་པས།ད་ལྟར་ཆབ་ཆ་ཆུ་བོ་དང་རྨ་ཆུའི་བཞུར་རྒྱུན་གྱི་ཚལ་རྔ་འགག་གི་ཚོད་འཛིན་ངོས་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བརྟན་པོའི་ངང་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་མངོན་འགྱུར་བྱུང་ཡོད།

བརླན་ས་སྲུང་སྐྱོང་དང་སླར་གསོ་བྱེད་པའི་ཐད་ལ་འབྲེལ་ཡོད་སྡེ་ཁག་གིས་སྤྱི་ཡོངས་སྲུང་སྐྱོང་དང་མ་ལག་སླར་གསོ། ཕྱོགས་བསྡུས་བཅོས་སྐྱོང་བཅས་ཀྱི་བྱེད་ཐབས་སྤྱད་དེ་སྔ་གཞུག་ཏུ་མ་དངུལ་སྒོར་དུང་ཕྱུར1.24བཏང་ནས་བརླན་ས་སྲུང་སྐྱོང་དང་སླར་གསོ།ཆུ་སྣང་མང་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སླར་གསོ་སོགས་སྐྱེ་ཁམས་སྲུང་སྐྱོང་ལས་གཞི14ལག་བསྟར་བྱས་ཏེ།རི་ཆུ་ནགས་གསུམ་དང་ས་ཞིང་།མཚོ་དང་མཚེའུ།རྩྭ་ཐང་དང་བྱེ་ས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་མ་ལག་བཅོས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་རེད།

བརླན་ས་སྲུང་སྐྱོང་གི་རྒྱུད་རིམ་ཁྲོད་མཚོ་ལྷོ་ཁུལ་གྱིས་བརླན་ས་སྲུང་སྐྱོང་གི་ལས་གཞི་གཙོ་བོ་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་ལེན། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་བཅས་ལག་བསྟར་བྱ་རྒྱུར་མཐོང་ཆེན་བྱས་ཏེ། མིག་སྔའི་བར་བརླན་སའི་སྐྱེ་ཁམས་ཀྱི་ཕན་འབྲས་ཁ་གསབ་དང་རྨོ(ཕྱུགས)བསྐྱུར་གྱི་བརླན་ས་སླར་གསོ།ཀྲུང་དབྱང་སྔོན་རྩིས་ནང་གི་བརླན་ས་སྲུང་སྐྱོང་དང་སླར་གསོ་སོགས་བཟོ་སྐྲུན་ལས་གཞི་ཁག8ལག་བསྟར་བྱས་པར་མ་དངུལ་སྒོར་ཁྲི5827དོན་འཁྱོལ་བྱས་པ་རེད།

ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད།ཀོས་ནན་མང་ཆུ་རྒྱལ་ཁབ་བརླན་ས་སྤྱི་གླིང་གི་བྱ་རིགས2012ལོའི་རིགས58ནས2022ལོའི་བར་རིགས114རུ་ཇེ་མང་དུ་ཕྱིན་ཡོད་པ་དང་རྩི་ཤིང་རིགས115ནས203ལ་ཇེ་མང་དུ་ཕྱིན།གནམ་འོག་རྨ་ཆུ་ཁྲི་ཀར་དྭངས་བའི་བརླན་ས་སྤྱི་གླིང་གི་བྱ་རིགས2012ལོའི་རིགས105ནས2022ལོའི་བར་རིགས120རུ་ཇེ་མང་དུ་ཕྱིན་ཡོད་པ་དང་རྩི་ཤིང་རིགས136ལ་ཇེ་མང་དུ་ཕྱིན་ཡོད་པ་རེད།

མིག་ལ་མཛེས་པ་ནི་གྲུབ་འབྲས་དང་གྲངས་ཀ་ཁོ་ན་ཙམ་མ་ཡིན་པར་མཚོ་ལྷོ་ཁུལ་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཚོའི་སེམས་ནང་གི་ལྗང་མདོག་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ཁྱབ་གདལ་དུ་བཏང་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ནང་ཞུགས་པའི་འདུ་ཤེས་རིམ་བཞིན་ཇེ་མཐོར་སོང་སྟེ།མི་ཚང་མས་སྐྱེ་ཁམས་སྲུང་སྐྱོང་ལ་དོ་སྣང་དང་སྐྱེ་ཁམས་སྲུང་སྐྱོང་ཁྲོད་ཞུགས་པ།སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་རྣམ་པ་བཟང་པོའི་སྣང་ཚུལ་མཚོ་ལྷོའི་ག་ས་གང་དུ་ཁྱབ་ཡོད་པ་དེ་རེད།

དོན་དངོས་བསྒྲུབ་མཁན་ཞིག་བྱ་དགོས་ལ་དྲིལ་སྒྲོག་བྱེད་མཁན་ཞིག་ཀྱང་བྱེད་དགོས་ཀྱིན་ཡོད་པས།མཚོ་ལྷོ་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་དང་ཁྲིམས་ལུགས་དྲིལ་སྒྲོག་ཟུང་འབྲེལ་གྱི་བྱ་ཐབས་མཐའ་འཁྱོངས་ཀྱིས་གནམ་གཤིས་སྙོམས་སྒྲིག་དང་སྐྱེ་ཁམས་དོ་སྙོམས་ཐད་བརླན་སར་ཕན་ནུས་གང་ལེགས་ཐོན་པར་བྱས་ཏེ་མང་ཚོགས་ཀྱི་བརླན་སར་མཐོང་ཆེན་བྱེད་པ་དང་སྲུང་སྐྱོང་ཁྲོད་ཞུགས་ཏེ་བརླན་སའི་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་དངོས་མངོན་པར་བྱས་ཡོད།

ཁྲིམས་འཛིན་སྡེ་ཁག་གིས་དུས་རྒྱུན་ཁྲིམས་འཛིན་སྐོར་སྲུང་ཞིབ་བཤེར་བྱས་པའི་རྨང་གཞིའི་ཐོག་མཚོ་ལྷོ་ཁུལ་གྱི་བརླན་ས་དོ་དམ་སྲུང་སྐྱོང་པ199ཡིས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།བརླན་སར་གཏོར་བརླག་གཏོང་བའི་སྣང་ཚུལ་ཤེས་རྟོགས་བྱུང་ཚེ་དུས་ལྟར་ཤང(གྲོང་རྡལ)དང་སྡེ་བ་རིམ་པ་གཉིས་ཀྱི་ནགས་རྩྭ་དཔོན་ལ་ཡར་ཞུ་བྱས་ནས་གནད་དོན་སྔ་མོ་ནས་ཐག་གཅོད་བྱེད་པའི་འགན་ལེན་བྱས་པ་རེད།

གྲོང་ཁྱེར་གྱི་ཕྱི་རོལ་དུ་བརླན་ས་སྤྱི་གླིང་གི་ཡུལ་ལྗོངས་ཧ་ཅང་མཛེས་ལ་བྱེའུ་ཡིས་གསུང་སྐད་སྒྲོག་ཅིང་མེ་ཏོག་གི་དྲི་ཞིམ་གང་སར་འཐུལ་ཡོད་པ་དང་།གྲོང་ཁྱེར་ནང་སྤྲོ་གསེང་ལམ་བུ་དེ་སྤྱི་གླིང་ནས་སྡོད་དམངས་ཀྱི་སྡོད་ཁུལ་དང་སྦྲེལ་ཡོད་པས།མཚོ་ལྷོ་ཁུལ་དུ་ཐོན་པའི་མགྲོན་པོ་ཚང་མས་མཚོ་ལྷོའི་སྐྱེ་ཁམས་ཀྱི་མཛེས་པ་དང་འཚོ་བའི་མཛེས་པ།ཚེ་སྲོག་གི་མཛེས་པའི་ཚོར་བ་དངོས་དེ་རེ་ཞིག་རོལ་མྱོང་བྱ་ཐུབ་ངེས།

སྐྱེར་མ་ཁུག་གི་ཐེངས་འགའི་ཁོར་ཡུག་གི་འགྱུར་ལྡོག་གིས་སྐྱེ་ཁམས་ཀྱི་ཁོར་ཡུག་ཧ་ཅང་ཉམས་ཞན་ཡིན་པ་གསལ་བཤད་བྱས་ཡོད་ལ།ང་ཚོས་སྐྱེ་ཁམས་མ་ལག་གི་སྲུང་སྐྱོང་དང་སླར་གསོ་ལ་མཐོང་ཆེན་བྱས་ཏེ།རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་དང་བསྟུན་ནས་སྐྱེ་ཁམས་ཀྱི་མཛེས་ཉམས་སྔར་ལས་ལྡན་པའི་དེང་རབས་ཅན་གྱི་མཁར་གྲོང་གི་ཕྱོགས་སུ་གོམ་སྟབས་ཆེན་པོའི་བསྐྱོད་དགོས་པར་གསལ་འདེབས་བྱས་ཡོད།


热门新闻

热门图库

热门排行