གཙོ་གནད། 详情

2024ལོའི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བགྲོ་གླེང་ཚོགས་འདུ་འཚོགས།

2024-12-05 09:12:04 来源: 作者: 编辑:超级管理员

ཟླ11པའི་ཚེས29ཉིན། 2024ལོའི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས།     བགྲོ་གླེང་ཚོགས་འདུའི་སྟེང“སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས། ཕྱོགས་ཡོངས་ནས་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། བགྲོ་གླེང་དང་བརྗེ་རེས་བྱས་ནས།  ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་།    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་ཡོངས་ནས་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ཕུལ།

སྐྱེ་ཁམས་ཁོར་ཡུག་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་སུན་ཅིན་ལུང་གིས་བགྲོ་གླེང་ཚོགས་འདུའི་སྟེང་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང《ཀྲུང་གུང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཆོད་དོན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་རྒྱུ་དེ་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་འབེན་གྱི་ཁ་ཕྱོགས་གཙོ་བོར་དམིགས་ཏེ། མ་ལག་རང་བཞིན་ལྡན་པའི་སྒོ་ནས་སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ལས་འགན་གཙོ་བོ་དང་བྱེད་ཐབས་གལ་ཆེན་བཀོད་སྒྲིག་གསལ་བོ་བྱས།    མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དམིགས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་རྨང་གཞིའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། ལྗང་མདོག་ཐན་ཉུང་འཕེལ་རྒྱས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་སྒྱུར་གྱི་ལས་འགན་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ལུང་གོ་ཆང་གིས་བསྟན་དོན། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱིས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ཁྱད་སྟོབས་གསར་པ་རྒྱུན་ཆད་མེད་པར་སྐྲུན་བཞིན་ཡོད་པ་དང་། རྒྱལ་སྤྱིའི་འགྲན་རྩོད་ནང་ཞུགས་པའི་གོ་སྐབས་གསར་པ་དང་འགྲན་ལམ་གསར་པ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བཞིན་ཡོད། ལྗང་མདོག་ཐན་ཉུང་གི་ལག་རྩལ་གསར་སྐྲུན་གྱི་དགོས་མཁོ་ཆེན་པོ་དང་། མ་འོངས་ཐོན་ལས་དངུལ་གཏོང་དང་འཕེལ་རྒྱས་ལ་བར་སྟོང་ཆེན་པོ་འདོན་སྤྲོད་བྱས་ཡོད། དེ་དང་ཆབས་ཅིག སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱུང་བ་དེས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་སྔར་ལས་འདོན་སྤེལ་བྱེད་ཐུབ་ལ།     མིག་སྔར། སྐྱེ་ཁམས་ཀྱི་ཁྱད་སྟོབས་དེ་སྐྱེ་ཁམས་ཞིང་ལས་དང་སྐྱེ་ཁམས་ཡུལ་སྐོར་སོགས་དཔལ་འབྱོར་གྱི་ཁྱད་སྟོབས་སུ་བསྒྱུར་བའི་སྦས་ཤུགས་ཧ་ཅང་ཆེན་པོ་ཡོད་པས། མཛེས་སྡུག་གི་དཔལ་འབྱོར་དེ་ས་གནས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་སྒུལ་ཤུགས་སུ་འགྱུར་བཞིན་ཡོད།

ཀྲུང་གོ་མི་དམངས་དངུལ་ཁང་ཞིབ་འཇུག་ཅུའུ་ཡི་ཅུའུ་ཀྲང་ཝང་ཞིན་གྱིས་བསྟན་དོན། ལྗང་མདོག་དངུལ་རྩ་འཕེལ་རྒྱས་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་ལ། དངོས་ཕུང་དཔལ་འབྱོར་ལྗང་མདོག་ཚུལ་སྒྱུར་ལ་རྒྱབ་སྐྱོར་བྱེད་པ་དང་།    དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་བྱེད་པ།    དངུལ་རྩའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད།   ནུས་ཤུགས་ཡོད་རྒུས་རྒྱུན་མཐུད་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ལྗང་མདོག་དངུལ་བུན་དང་ལྗང་མདོག་བུན་འཛིན།    ལྗང་མདོག་ཉེན་ཚབ།    ཐཱན་དངུལ་རྩའི་ཐོན་རྫས་སོགས་ཚུད་པའི་རིམ་པ་མང་བའི་དངུལ་རྩའི་ཐོན་རྫས་དང་ཞབས་ཞུའི་མ་ལག་ཐོག་མར་འཛུགས་དགོས།

ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། གླེང་སྟེགས་གཙོ་བོ་དང“ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་གཞུང་ལུགས་ཅན་གྱི་འགྲེལ་བཤད་གསར་པ”དང་།    “ཕྱོགས་ཡོངས་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ།”“མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་ལ་དམིགས་ནས་སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་བྱེད་པ།”“ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་རྒྱལ་སྤྱིའི་བརྒྱུད་སྒྲོག་དང་གྲོས་མོལ་གསར་དུ་བསྐྲུན་པ”བཅས་རིམ་མཚུངས་གླེང་སྟེགས་ཁག4བཙུགས་ཡོད།


热门新闻

热门图库

热门排行