གནད་བསྡུས། 详情

རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུའི་སྟེང་རང་ལས་ཁུངས་ཀྱི་བརྩམས་ཆོས7ལ་བྱ་དགའ་ཐོབ་པ།

2024-09-13 08:27:11 来源: 作者: 编辑:超级管理员

      རང་ཚགས་པར་གྱི་འཕྲིན།ཉེ་ཆར།རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཉིས་པ་དང་རྔ་བར་མཇལ་འཛོམས།རིན་ཆེན་གཏེར་མཛོད་ཀྱི་གནས་མཆོག་འབར་ཁམས་འཚོལ་བ་ཞེས་པའི་ཆེ་གྲས་གསར་འགྱུར་བཅར་འདྲིའི་བྱེད་སྒོ་སི་ཁྲོན་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་དུ་མཇུག་གྲོལ།ཚོགས་འདུའི་སྟེང་པེ་ཅིང་དང་བོད་ལྗོངས།མཚོ་སྔོན།སི་ཁྲོན།ཀན་སུའུ།ཡུན་ནན་སོགས་ཞིང་ཆེན་དང་ཁུལ་རིམ་པའི་སྨྱན་སྦྱོར་ལས་ཁུངས་སོ་སོའི་ཚོགས་ཞུགས་མི་སྣས་དུས་ཡུན་ཉིན་ལྔའི་རིང་ལ་ཚགས་པར་དང་།དུས་དེབ།རྒྱང་སྒྲོག་བརྙན་འཕྲིན།སྨྱན་སྦྱོར་གསར་བ།གཏམ་བརྗོད་དཔྱད་རྩོམ་རིགས་ཀྱི་འགྲན་ཞུགས་བརྩམས་ཆོས་ཁྱོན474ལ་དྲང་བཞག་འདྲ་མཉམ་གྱིས་དཔྱད་ཞིབ་བྱས་རྗེས།མཇུག་མཐར་བརྩམས་ཆོས341ལ་རིམ་པ་བཞིན་བྱ་དགའ་གནང་ཞིང་།དེའི་ཁྲོད་མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་འགྲན་ཞུགས་བརྩམས་ཆོས7ལ་བྱ་དགའ་ཐོབ་ཡོད་དེ།《ཁ་བ་དཀར་པོ་ས་གཞིའི་རྒྱན་དུ་ཆགས》དང་《སྨྱན་སྦྱོར་མཉམ་འདྲེས་དུས་སྐབས་ཀྱི་རྒྱ་བོད་ལོ་ཙཱའི་དུས་བབ་དང་བླང་བྱ་གསར་བར་དཔྱད་པ》གཉིས་ལ་བྱ་དགའ་ཨང་དང་པོ་ཐོབ་ཅིང་།《མཚོ་སྔོན་པོའི་འགྲམ་གྱི་འདུ་འཛོམས་ཆེན་མོ》དང་《འབྲོག་མིའི་ལག་རྩལ་ལས་ཐོན་པའི་ཁ་ཟས་མངར་མོ་ཞུན》《ཐོང་འབྱེད་ཆོ་གས་དུས་ཀྱི་ལོ་ཡག་བསུ》《མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཆོས་རྗེ་རྩྭ་ཐང་དུ་ཁྲུང་ཁྲུང་སྐེ་ནག་ཁྱུ་དང་ཁྱུ་ཡིས་གཤོག་རྩལ་ངོམ་པ་དང་སྐྱེ་ཁམས་སྲུང་སྐྱོབ་ལ་གྲུབ་འབྲས་བཟང་བོ་ཐོབ》ཅེས་པའི་བརྩམ་ཆོས་སོ་སོར་ཨང་གཉིས་པའི་བྱ་དགའ་ཐོབ་པ་དང་།《བོད་ཀྱི་སྲོལ་རྒྱུན་རྭ་གཞུ》ལ་ཨང་གསུམ་པའི་བྱ་དགའ་བཅས་ཐོབ་ཡོད་པ་རེད།།

热门新闻

热门图库

热门排行