གནད་བསྡུས། 详情

རང་ཁུལ་དང་ཟི་ལིང་སྒོ་ཁྲལ་ལས་ཁུངས་བར་མཉམ་ལས་དྲན་ཐོའི་མིང་རྟགས་བཀོད་པ།

2024-09-13 08:26:32 来源: 作者: 编辑:超级管理员

རང་ཚགས་པར་གྱི་འཕྲིན།ཟླ9པའི་ཚེས4ཉིན།ཁུལ་མི་དམངས་སྲིད་གཞུང་དང་ཟི་ལིང་སྒོ་ཁྲལ་ལས་ཁུངས་བར་གྱི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་།ཚོགས་ཐོག་འདུའི་སྟེང་མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ། ཁུལ་དཔོན་གཞོན་པ་སུན་ཞིན་ལྭིང་།ཟི་ལིང་སྒོ་ཁྲལ་གྱི་ཏང་ཨུའི་ཨུ་ཡོན།མགོ་གཙོ་གཞོན་པ་ཞའོ་ཡུའུ་ཡིས་མཚོ་ལྷོ་ཁུལ་སྲིད་གཞུང་དང་ཟི་ལིང་སྒོ་ཁྲལ་ལས་ཁུངས་བར་གྱི་འབྲེལ་ཡོད་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས་པར་མ་ཟད།མཉམ་ལས་ཀྱི་དྲན་ཐོར་མིང་རྟགས་བཀོད།ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས།ཟི་ལིང་སྒོ་ཁྲལ་ལས་ཁུངས་ཀྱི་ཏང་ཨུའི་ཧྲུའུ་ཅིའམ་མགོ་གཙོ་ཡིན་དབྱིན་ཝའེ་ཧྥེང་བཞུགས་མོལ་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་བ་རེད།

ཀརྨ་ཕུན་ཚོགས་ཀྱིས་གཅིག་ནི་ཐོན་ཁུངས་ཀྱི་ཕན་ནུས་ལ་བརྟེན་ནས་རྒྱལ་སྤྱིའི་ཚོང་རའི་སྒོ་འབྱེད་དགོས་ཏེ།མཚོ་ལྷོ་ཁུལ་གྱི་གནས་བབ་བལྟོས་བཅས་ཀྱིས་ཅུང་ལེགས་པས་མཐོ་སྒང་གི་ལྗང་མདོག་སྐྱེ་ལྡན་ཐོན་རྫས་དར་སྤེལ་གཏོང་སར་ཧ་ཅང་འཚམ་པ་ཡིན་ལ།ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཕུན་སུམ་ཚོགས་པ་དང་རྒྱུ་སྤུས་ཅུང་ལེགས་པས་ཕྱི་ཕྱོགས་ཀྱི་ཚོང་དོན་འཕེལ་རྒྱས་གཏོང་བར་ནུས་པ་གལ་ཆེན་ཐོན་ཐུབ། ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་འཕེལ་གྱི་བཟང་ཆར་འགྱུར་བར་བྱས་ནས་རྒྱལ་སྤྱིའི་ཚོང་རའི་སྒོ་འབྱེད་པར་ཧུར་ཐག་བྱས་ཏེ། མང་ཚོགས་ཀྱི་ཡོང་སྒོ་མང་དུ་བཏང་ནས་གྲོང་གསེབ་དར་སྤེལ་གཏོང་བར་རོགས་འདེགས་བྱ་དགོས།གཉིས་ནི་སྒོ་ཁྲལ་ལས་ཁུངས་ཀྱི་སྟོབས་ཤུགས་ལ་བརྟེན་ཕྱི་ཕྱོགས་ཀྱི་ཚོང་དོན་འཕེལ་རྒྱས་སུ་གཏོང་དགོས་ཏེ།མཉམ་ལས་ཀྱི་དྲན་ཐོར་མིང་རྟགས་བཀོད་པ་དེ་ནི་མཚོ་ལྷོ་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་གཏོང་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པས།ང་ཚོས་གོ་སྐབས་དམ་འཛིན་གྱིས་མཉམ་ལས་ཀྱི་སྟེགས་བུར་བརྟེན་ནས་ཕྱི་ཕྱོགས་ཉོ་འཚོང་ཁེ་ལས་ཀྱི་སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་ཁེ་ལས་སྐྱེད་སྲིང་ཡག་པོ་བྱས་ཏེ་ཁྱད་ལྡན་ཐོན་རྫས་ཀྱི་སྤུ་ཀ་ཇེ་ལེགས་དང་ཕྱིར་འཚོང་ཀྱི་ལམ་ཁ་རྒྱ་ཇེ་བསྐྱེད་གཏོང་བར་སྟོབས་ཤུགས་འདོན་དགོས།གསུམ་ནི་ཡུན་རིང་བའི་ལམ་སྲོལ་བཟང་བོ་བཙུགས་ནས་མཉམ་ལས་གཏིང་ཟབ་སྤེལ་བར་ཤུགས་འདོན་དགོས་ཏེ། མཉམ་ལས་ཀྱི་དྲན་ཐོ་འགོད་པ་ནི་ཟི་ལིང་སྒོ་ཁྲལ་ལས་ཁུངས་བར་གྱི་མཉམ་ལས་ལ་མགོ་ཡག་པོ་ཞིག་རྩོམ་དགོས་པ་དེ་ཡིན་ལ།མཚོ་ལྷོ་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་ཟི་ལིང་སྒོ་ཁྲལ་ལས་ཁུངས་ཀྱི་བྱ་བ་སོ་སོར་རྒྱབ་སྐྱོར་བྱས་ནས་དེ་བས་དམ་ཟབ་ཀྱི་མཉམ་ལས་ལམ་སྲོལ་བཙུགས་ཏེ་ཐོན་ཁུངས་མཉམ་སྤྱོད་དང་ཕན་ཚུན་འབྲེལ་འདྲེས་ཀྱི་ནུས་པ་འདོན་དགོས་པ་བསྟན།

དབྱིན་ཝའེ་ཧྥེང་གིས་མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་ནུས་ཁུངས་གཙང་མར་བརྟེན་ནས་ཁུལ་སྟོབས་ལྡན་དུ་གཏོང་བ། ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོར་གཏོང་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་དེ་སྒོ་ཁྲལ་ལས་ཁུངས་ཀྱི་འགན་ནུས་དང་མཐུན་པས། མཉམ་ལས་ཀྱི་དྲན་ཐོར་མིང་རྟགས་བཀོད་པ་ནི་ཕྱོགས་གཉིས་ཀྱི་བཟང་ཆར་ཁ་གསབ་དང་།མཉམ་དུ་འཕེལ་རྒྱས་འཛུགས་སྐྲུན།འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་བཏིང་བས། མཚོ་ལྷོར་གོམས་སྟབས་མགྱོགས་པོར་སྒོ་འབྱེད་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཐུབ་པར་ཕན་ནུས་འདོན་དགོས་ཏེ།ང་ཚོས་ཐེངས་འདིའི་བྱེད་སྒོ་གོ་སྐབས་སུ་བཟུང་སྟེ་ཕྱོགས་ཡོངས་ནས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་།སྲིད་ཇུས་འབྲེལ་འདྲིས་ཀྱི་ནུས་ཤུགས་ཆེར་བསྐྱེད་པ།ཕན་ནུས་ལྡན་པའི་ལྟ་སྐུལ་དོ་དམ་རྒྱུད་རྒྱལ་སྤྱིའི་ཚོང་རའི་སྒོ་འབྱེད་ནས་ཕྱོགས་གཉིས་ཀྱི་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།ཟི་ལིང་སྒོ་ཁྲལ་ལས་ཁུངས་ཀྱི་མུ་མཐུད་དུ་ཞབས་ཕྱིའི་སྤུས་ཚད་ཇེ་ལེགས་སུ་བཏང་སྟེ་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་དང།ཕྱི་ཕྱོགས་ཉོ་ཚོང་གི་ཁེ་ལས་གསོ་སྐྱོང་བྱས་ཏེ་ཉོ་ཚོང་ཤར་གཏོང་ཐུབ་པར་སྐུལ་འདེད་གཏོང་བ། མཚོ་ལྷོའི་སྒོ་འབྱེད་མཉམ་ལས་ཀྱི་སྤུས་ཚད་མཐོར་གཏོང་བར་རྒྱབ་སྐྱོར་བྱས་ཏེ་མཚོ་ལྷོའི་སྔར་ལས་མང་བའི་སྤུས་དག་ཐོན་རྫས་རྒྱལ་ཁབ་ཕྱི་རུ་བསྐྱོད་ཐུབ་པར་ནུས་པ་འདོན་རྒྱུ་ཡིན་པ་བསྟན།


热门新闻

热门图库

热门排行