གཙོ་གནད།2 详情

ལིས་ཀང་གིས་འབྲུབ་འགོག་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་ལས་རེས་མི་སྣར་འཚམས་འདྲི་བྱས་པ།

2024-09-13 08:25:24 来源: 作者: 编辑:超级管理员

རང་ཚགས་པར་གྱི་འཕྲིན།ཟླ9བའི་ཚེས3ཉིན་གྱི་དགོང་མོར་བསྡུས་པའི་ཞིང་ཆེན་ཡོངས་ཀྱི་འབྲུབ་འགོག་བྱ་བའི་བཀོད་གཏོང་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་ཧྲུའུ་ཅི་ཁྲེན་ཀང་གིས་བཏོན་པའི་བྱ་བའི་བླང་བྱ་ལག་བསྟར་ནན་མོ་བྱ་ཆེད།ཟླ9བའི་ཚེས3ཉིན་གྱི་དགོང་མོ་ནས་ཚེས4ཉིན་གྱི་ཐོ་རེངས་བར་ཁུལ་ཨུསི་ཧྲུའུ་ཅི་ལིས་ཀང་ཁུལ་གནམ་གཤིས་བརྟག་དཔྱད་ཅུའུ་དང་ཁུལ་མེ་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག་གི་ཉེན་རྟོག་སྣེ་ལེན་ལྟེ་གནས།ཁུལ་འགྲིམ་འགྲུལ་ཉེན་རྟོག་བཀོད་འདོམས་ལྟེ་གནས།གུང་ཧོ་རྫོང་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་སོགས་ལས་ཁུངས་དང་ཆབ་ཆ་གྲོང་རྡལ་བདེ་སྐྱིད་ཐང་གི་མྱུར་བགྲོད་གཞུང་ལམG6།ཆབ་ཅང་གཞུང་ལམ་གྱི་འཛུལ་སྒོར་སོགས་སུ་ཕྱིན་ཏེ་འཕྲལ་བསྟུན་ལས་རེས་དང་འབྲུབ་འགོག་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་།ལས་རེས་མི་སྣར་འཚམས་འདྲི་བྱས་ཏེ།མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་གནམ་གཤིས་འགྱུར་ལྡོག་དང་གནམ་གཤིས་སྔོན་བརྡའི་ཉེན་བརྡ།གཞུང་ལམ་འགྲིམ་འགྲུལ་དོ་དམ།འཕྲལ་བསྟུན་རོགས་སྐྱོབ་ཁྲུའུ་ཡི་གློ་བུར་གྲ་སྒྲིག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་།དོགས་ཟོན་དང་འཕྲལ་བསྟུན་བྱ་བ་སོ་སོ་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་བཏོན་པ་རེད། བསམ་བློའི་ཤེས་རྟོགས་མཐོར་གཏོང་དགོས་ལ།མིག་སྔར་ཆུ་བྲུབ་ཚུལ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བས་ལོ་རྒྱུས་ཐོག་འགག་གི་ཆུ་མཛོད་ཀྱི་ཆུ་རགས་ཤོར་བ་དང་གུང་ཧོ་རྫོང་གི་ཟླ9བའི་ཚེས2ཉིན་གློ་བུར་དུ་དྲག་ཆར་བབས་ནས་མི6རྐྱེན་ལམ་དུ་ཤོར་བའི་ཡིད་སྐྱོ་བའི་བསླབ་བྱ་བསྡུ་ལེན་བྱས་ཏེ།ཉེན་ཁའི་འདུ་ཤེས་དང་མཐའ་ཚད་ཀྱི་བསམ་གཞིགས་སྔར་ལས་ཆེ་རུ་བཏང་ནས། ནར་འགྱངས་མི་བྱེད་པར་འབྲུབ་འགོག་བྱ་ཐབས་ཁག་དམ་འཛིན་ནན་མོ་བྱ་དགོས། མཉམ་འགུལ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་ལ།ཁུལ་དང་རྫོང་གི་འཕྲལ་བསྟུན་དང་ཆུ་བེད།གནམ་གཤིས།འགྲིམ་འགྲུལ།མེ་ཟོན་སོགས་ལས་ཁུངས་ཀྱི་ཆ་འཕྲིན་སྤེལ་རེས་དང་མཉམ་སྒྲུབ་མཉམ་འགུལ་ལ་ཤུགས་སྣོན་བྱས་ནས།རྒྱུན་རྣམ་ཅན་གྱི་སྐོར་ཞིབ་དང་བྱུར་རྐྱེན་ལེབ་བཤེར་བྱས་ཏེ་སྔོན་ལ་ཉེན་བརྡའི་ཆ་འཕྲིན་ཁྱབ་སྒྲོག་བྱེད་པ་དང་།ཆར་བ་དྲག་པོ་འབབ་པའི་དུས་མཚམས་ཀྱི་འགྲོ་ལམ་མཚམས་འཇོག་པ།ཚད་བཀག་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ལུང་ཁུལ་དང་ཁུག་ཀྱོག་མི་ལུས་པར་འབྲུབ་འགོག་གནོད་སེལ་གྱི་བྱ་བ་ལེགས་པོར་བསྒྲུབ་དགོས།འཕྲལ་བསྟུན་གྱི་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས་ལ།ཆར་ཆུའི་འགྱུར་ལྡོག་ལ་དོ་ཁུར་ནན་མོ་བྱས་ཏེ།ཚོགས་འདུ་བསྡུས་ནས་ཞིབ་འཇུག་དང་བརྡར་ཤ་གཅོད་རྒྱུར་ཤུགས་སྣོན་དང་འཕྲལ་བསྟུན་སྔར་ལས་འཐུས་ཚང་དུ་བཏང་ནས།གནོད་འཚེ་མ་བྱུང་སྔོན་ནས་ཉེན་བརྡ་གཏོང་བའི་ལམ་སྲོལ་དོན་འཁྱོལ་བྱས་ཏེ།ཚན་རིག་དང་མཐུན་པའི་འགོག་སྲུང་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱ་དགོས།ལས་རེས་བརྟན་སྲུང་ལ་ཤུགས་སྣོན་བྱ་དགོས་ལ།མགོ་ཁྲིད་ཀྱིས་ཆུ་ཚོད24རིང་ལས་རེས་བྱ་རྒྱུ་སྣེ་ཁྲིད་དང་།ཆ་འཕྲིན་ཡར་ཞུ་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། བྱ་བའི་སྒྲིག་ཁྲིམས་ནན་སྲུང་བྱེད་པ་དང་ལྷོད་གཡེང་དུ་གཏོང་མི་རུང་བར་མགྱོགས་མྱུར་སྒོས་ཆ་འཕྲིན་བརྒྱུད་སྤྲོད་ཐུབ་པར་བྱས་ནས།དུས་དང་རྣམ་པ་ཀུན་ཏུ་ཉེན་སེལ་རོགས་སྐྱོབ་ཀྱི་གྲ་སྒྲིག་ཡག་པོ་བྱས་ཏེ།འབྲུབ་འགོག་གནོད་སེལ་གྱི་བདེ་འཇགས་ལ་འགན་ལེན་ནན་མོ་བྱ་དགོས་ཞེས་བསྟན།

ཀྲང་ཅི་ཙུང་ཚོགས་འདུར་ཞུགས།།


热门新闻

热门图库

热门排行