གཙོ་གནད། 详情

ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བུད་མེད་གླེང་སྟེགས་ལ་ཤིས་འཕྲིན་སྤྲིངས་པ།

2024-09-13 08:23:55 来源: 作者: 编辑:超级管理员

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བུད་མེད་གླེང་སྟེགས་ལ་ཤིས་འཕྲིན་སྤྲིངས།

ཞི་ཅིན་ཕིང་གིས་བུད་མེད་ནི་མིའི་རིགས་ཀྱི་ཤེས་རིག་དང་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་མཁན་གལ་ཆེན་ཡིན་པས། ལས་རིགས་སོ་སོ་རུ་ཐུན་མོང་མ་ཡིན་པའི་བྱས་རྗེས་འཇོག་བཞིན་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བུད་མེད་གླེང་སྟེགས་འཚོགས་པ་ནས་བཟུང་རྒྱལ་ཁབ་སོ་སོའི་བུད་མེད་རྣམས་ཀྱིས་ཧྲང་ཧའེ་ཡི་སྙིང་སྟོབས་ལ་བརྟེན་ནས་སྔར་ལས་དམ་ཚགས་ཡིན་པའི་ཧྲང་ཧའེ་ཡི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་བུད་མེད་ཀྱི་སྟོབས་ཤུགས་ཕུལ་ཡོད། གླེང་སྟེགས་གྱིས་མུ་མཐུད་དུ་རྒྱལ་དམངས་སོ་སོའི་ཕན་ཚུན་ལ་དགའ་ཞིང་གཅེས་པ་དང་སེམས་མཐུན་པའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མི་ཆོས་འབྲེལ་ཐག་ཇེ་དམ་དུ་གཏོང་བར་སྒུལ་ཤུགས་གསར་བ་སྣོན་པའི་རེ་བ་ཡོད། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་གྲངས་འཛིན་ལ་བརྟེན་ནས་ཚན་རྩལ་གསར་གཏོད་དང་བུད་མེད་ཀྱི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་གཞིས་མཉམ་དུ་འཛུགས་སྐྲུན་བྱེད་འདོད་ཡོད་ཅེས་བསྟན།

ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བུད་མེད་གླེང་སྟེགས་ཉིན་དེར་ཧྲན་ཏུང་ཞིང་ཆེན་ཆིན་ཏའོ་གྲོང་ཁྱེར་དུ་སྤེལ་མགོ་བརྩམས་ཤིང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཨུ་ཡོན་ལྷན་ཁང་། ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཁྲུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་སྤེལ།  །


热门新闻

热门图库

热门排行