གཙོ་གནད།2 详情

ཁུལ་སྲིད་གཞུང་གི་མགོ་ཁྲིད་གྱིས་མཚོ་སྐོར་གྱི་བྱ་བར་རྟོག་ཞིབ་བྱས་པ།

2024-09-04 14:59:24 来源: 作者: 编辑:超级管理员

རང་ཚགས་པར་གྱི་འཕྲིན།ཟླ8པའི་ཚེས21ཉིན། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་སུན་ཅོན་ཞ།ཁུལ་དཔོན་གཞོན་པ་ལི་གོ་ཧྲིན་གཉིས་ཀྱིས་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཅུའུ་དང་།ཁུལ་སྡོད་ཁང་འཛུགས་སྐྲུན་ཅུའུ།ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ།ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ།གུང་ཧོ་རྫོང་སྲིད་གཞུང་གི་འགན་ཁུར་བ་བཅས་སྣེ་ཁྲིད་དེ་མཚོ་སྐོར་ས་ཁུལ་དུ་སོང་ནས་མཚོ་སྔོན་པོའི་ཆུ་ངོས་ཡར་རྒྱས་བའི་དབང་གིས་འབྲོག་ཁུལ་གྱི་སྡོད་ཁང་གནས་སྤོར་དང་སྒྲིག་ཆས་འཛུགས་སྐྲུན་གྱི་ལས་གཞི།ལྷོ་རིའི་གཞུང་ལམ་དང་མཚོ་སྐོར་ལྷོ་འགྲམ་གྱི་ལྟ་ལྗོངས་ཁུལ6གི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས།

ཅང་སི་གྲོང་རྡལ་གྱི་མོག་རུ་སྡེ་བའི་གནས་སྤོར་བཀོད་སྒྲིག་ས་ཚིགས་དང་མོག་རུ་སྡེ་བ་ནས་གཡོན་རུ་སྡེ་བའི་བར་གྱི་དབུལ་སྐྱོར་ཡུལ་སྐོར་གཞུང་ལམ་ལ་རྟོག་ཞིབ་བྱེད་སྐབས།མཚོ་སྔོན་པོའི་ཆུ་ངོས་ཡར་རྒྱས་བའི་དབང་གིས་འབྲོག་ཁུལ་གྱི་སྡོད་ཁང་གནས་སྤོར་དང་སྒྲིག་ཆས་འཛུགས་སྐྲུན་གྱི་ལས་གཞི།ལྷོ་རིའི་གཞུང་ལམ་གྱི་སྔོན་མའི་གྲ་སྒྲིག་གི་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཤིང་།མཚོ་སྐོར་གྱི་རོང་འབྲོག་མི་དམངས་གནས་སྤོར་བྱས་ཏེ་བདེ་འཇགས་ལ་འགན་སྲུང་བྱེད་པ་ནི་མི་དམངས་གཙིགས་སུ་འཛིན་པའི་བསམ་བློ་ལག་བསྟར་བྱེད་སྟངས་ཡིན། ནན་ཏན་སྒོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་དང་།ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་བྱེད་པ་དང་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བ།མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་བཅས་ལ་དམིགས་ནས་གནས་སྤོར་བཀོད་སྒྲིག་གི་འཆར་འགོད་སྒྲིག་གཞི་དང་འགྲོ་ལུགས་དག་མགྱོགས་མྱུར་ངང་བསྒྲུབ་ནས།དུས་ཡུན་ནང་ལྟར་འཛུགས་སྐྲུན་མགོ་རྩོམ་པར་ཁག་ཐེག་བྱ་དགོས།དེ་མིན།སློབ་རའི་གཞུང་ལམ་བཟོ་སྐྲུན་གྱི་ཞིབ་འཇུག་སྙན་ཞུ་དང་ཇུས་འགོད་ཡིག་ཆ་བཟང་པོ་བསྒྲུབ་ནས་ལས་གཞི་དུས་ལྟར་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱ་དགོས།

ལྷོ་རིའི་ལྟ་ལྗོངས་སྟེགས་བུ་དང་བཀྲ་ཤིས་རྟགས་བརྒྱད་ལུང་བ།པཎ་ཆེན་ལབ་ཙེ་སོགས་ཀྱི་ལྗོངས་ཁུལ་དྲུག་ལ་རྟོག་ཞིབ་བྱེད་སྐབས།ཞིབ་ཕྲའི་ངང་ལྗོངས་ཁུལ་འཛུགས་སྐྲུན་གྱི་གནས་ཚུལ་དང་གནད་དོན་ལེགས་བཅོས།རིམ་པ་རྗེས་མའི་འཆར་འགོད་ཀྱི་གནས་ཚུལ་ཡར་ཞུ་བྱས་པར་ཉན་ཞིང་།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་ཁུལ་ཨུ།ཁུལ་སྲིད་གཞུང་གི་སྤྱིའི་བླང་བྱ་ལྟར། གནད་དོན་ལེགས་བཅོས་ཀྱི་བྱ་བ་བཟང་བོ་བསྒྲུབ་ཏེ།ཡུལ་སྐོར་ལས་གཞི་བརྩོན་ལེན་ཧུར་ཐག་བྱས་ནས་ལྟ་ལྗོངས་སྟེགས་བུའི་རྨང་གཞི་ཆུ་ཚད་ཇེ་མཐོར་གཏོང་དགོས་ལ།རྒྱལ་སྤྱིའི་ཡུལ་སྐོར་གྱི་དམིགས་འབེན་དང་མཐུན་པའི་སྤུས་ཚད་མཐོ་བའི་ལྗོངས་ཁུལ་གསར་སྐྲུན་བྱ་དགོས། དེ་དང་ཆབས་ཅིག མཚོ་སྐོར་ས་ཁུལ་གྱི་གྲོང་གསེབ་ཡུལ་སྐོར་གྱིས་སྣེ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་ནས། མཚོ་སྔོན་པོའི་ཡུལ་སྐོར་དང་འཚམས་པའི་ཁྱད་ཆོས་ལྡན་པའི་མཁར་གྲོང་འཛུགས་སྐྲུན་བྱས་ནས།མཚོ་སྐོར་ས་ཁུལ་གྱི་ཞིང་སྡེ་ཡུལ་སྐོར་སྣེ་ལེན་ཁང་དང་དམངས་སྲོལ་གྱི་ཞབས་ཕྱིའི་ཆུ་ཚད་ཇེ་མཐོར་གཏོང་དགོས་པ་ནན་གྱིས་བསྟན།།


热门新闻

热门图库

热门排行