གཙོ་གནད།2 详情

ལིས་ཀང་གིས་ཁུལ་ཡོངས་ཀྱི་གཙོ་གནད་བྱ་བར་རྟོག་ཞིབ་བྱས་པ།

2024-09-04 14:58:57 来源: 作者: 编辑:超级管理员

རང་ཚགས་པར་གྱི་འཕྲིན།ཉེ་ཆར།ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་ཁྲི་ཀ་རྫོང་དུ་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དང་ཡུལ་སྐོར་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་བྱ་བར་རྟོག་ཞིབ་གནང་བ་མ་ཟད། ཉེ་དུས་དང་ལོ་སྨད་ཀྱི་གཙོ་གནད་བྱ་བ་དམ་འཛིན་བྱ་དགོས་པའི་བླང་བྱ་བཏོན། གཅིག་ནི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ།ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་གྱི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ།རི་ཆུའི་མགོ་ཁུངས་ཀྱི་མཛེས་པའི་མཚོ་སྔོན་དང་མཚོ་སྔོན་པོ་སྐོར་བའི་ཡུལ་སྐོར་གྱི་མིང་བྱང་ལ་བརྟེན་ནས་ཁུལ་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་ལེགས་པོར་བསྡུས་པ།ཕན་ཚུན་ལ་སློབ་སྦྱོང་དང་མིག་དཔེར་བཟུང་ནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྒྱལ་ཁའི་ཉམས་མྱོང་དང་དཔེ་མཚོན་ཅན་ཁྱབ་དུ་གཏོང་བར་ཤུགས་སྣོན་པ། ལས་གཞི་གལ་ཆེན་ཁག་ཅིག་ལ་མིང་རྟགས་བཀོད་དེ་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་སྤུས་མཐོའི་ངང་འཕེལ་རྒྱས་འགྲོ་བར་ཤུགས་བཏོན་ནས།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕྱིར་སློག་གནད་དོན་དག་ཐེར་དང་ལྟ་སྐུལ་ཞིབ་བཤེར་ནན་མོ་བྱེད་པ།ཆུ་གློག་ཆུང་གྲས་གཙང་བཤེར་དག་ཐེར་བྱེད་པ་གཙོར་བཟུང་སྟེ་དུས་ལྟར་ཞིབ་བཤེར་རྩིས་ལེན་ཨང་གྲངས་ལེན་པ།གཉིས་ནི་གྲོང་གསེབ་དར་སྤེལ་གཏོང་བར་འབྲེལ་མཐུད་ཡག་པོ་བྱ་དགོས་ཏེ།ཟླ8པའི་ཚེས14ཉིན་ཞིང་ཆེན་ཡོངས་ཀྱི་ནུས་ལྡན་འབྲེལ་མཐུད་བཀོད་གཏོང་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ།ཁུལ་ཨུའི་ཁུལ་ཡོངས་ཀྱི་གཙོ་གནད་བྱ་བའི་མྱུར་ཚད་ཀྱི་རེའུ་མིག་དང་ན་ནིང་གི་དམིགས་ཚད་འགོད་པ།ད་ལོའི་ལས་འགན་དང་ལོ་སྟོད་ཀྱི་ལས་འགན་ལེགས་འགྲུབ་ཀྱི་གནས་ཚུལ།ཞིང་ཆེན་ཡོངས་ཀྱི་གནས་རིམ།ལོ་སྨད་ཀྱི་གཙོ་གནད་བྱ་བ་སོགས་གསལ་པོར་བཀོད་པ།རྨོ་ཞིང་དང་འབྲུ་རིགས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ།གཞི་ཁྱོན་རང་བཞིན་གྱི་དབུལ་པོར་བསྐྱར་ལོག་བྱེད་པའི་མ་མཐའི་མཚམས་ཐིག་སྲུང་བ།དབུལ་ཐར་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་འཕར་ཚད་དེ་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་སྒོའི་འཕར་ཚད་ལས་མཐོ་བ་དང་།ས་གནས་དེ་གའི་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་སྒོའི་འཕར་ཚད་དེ་རྒྱལ་ཡོངས་ཀྱི་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོའི་འཕར་ཚད་ལས་མཐོ་བ། གནས་སྤོས་དབུལ་ཐར་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་འཕར་ཚད་དེ་ས་གནས་དེ་གའི་དབུལ་ཐར་མང་ཚོགས་ཀྱི་ཡོང་འབབ་འཕར་ཚད་ལས་མཐོ་བ།གཙོ་གནད་རྫོང་གི་དབུལ་ཐར་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་འཕར་ཚད་དེ་ཞིང་ཆེན་ཡོངས་ཀྱི་དབུལ་སྒྲོལ་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་འཕར་ཚད་ལས་མཐོ་བར་འབད་པ།གསུམ་ནི་ལོ་སྨད་ཀྱི་དཔལ་འབྱོར་གཙོ་བོའི་དམིགས་ཚད་ལ་དམ་འཛིན་ཡག་པོ་བྱས་ཏེ་མ་དངུལ་མར་ཆག་པའི་གནད་དོན་ལ་དམིགས་ནས་མིག་སྔའི་ལས་གཞིའི་གལ་ཆེན་ལག་བསྟར་བྱས་པའི་དུས་ཚིགས་བྱས་ཏེ་ཚན་རིག་དང་མཐུན་པའི་ཞིབ་རྩིས་དང་ལས་འགན་ཡི་གེ་ཁ་གསལ་བཟོ་བ།ལས་ཡུན་ལེགས་སྒྲིག་དང་ལས་གཞི་ལག་བསྟར་བྱེད་པའི་ཁྲོད་ཀྱི་གནད་དོན་གལ་ཆེན་རེ་རེ་བཞིན་མཐུན་སྦྱོར་ངང་ཐག་གཅོད་བྱེད་པ། མ་དངུལ་འཇོག་པར་སྐུལ་འདེད་གཏོང་བ་དང་།འཛད་སྤྱོད་མི་འདང་བའི་གནད་དོན་ལ་དམིགས་ནས་ཚོང་དོན་པུའུ་ཡི་པུའུ་ཀྲང་ཝང་ཝུན་ཐའོ་ཡིས་མཚོ་ལྷོ་ཡི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ནས་མཚོ་ལྷོའི་མི་མཚོ་ལྷོར་དགའ་བ།འཛད་སྤྱོད་པས་མཚོ་ལྷོ་རུ་ཆེད་དོན་བྱ་འགུལ་སྤེལ་ནས་ཞིང་ལས་དང་ལུས་རྩལ། རིག་གནས་དང་ཡུལ་སྐོར། ཚོང་འགྲུལ་བཅས་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ལ།རང་ཁུལ་གྱི་ནས་དང་ལོག་དཀར།སྔོ་ཚལ།ནོར་ལུག་ཤ་དང་ཉ་ཤ་བཅས་ཕུན་སུམ་ཚོགས་པའི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ལ་བརྟེན་ནས་རྒྱལ་ཁབ་ཕྱི་ནང་གི་ཚོང་སྒོ་འབྱེད་དེ་ཕྱི་ཕྱོགས་ཉོ་འཚོང་གི་གཞི་ཁྱོན་ཆེ་རུ་གཏོང་བ་དང་འཛད་སྤྱོད་ཀྱི་ཡོང་སྒོ་མུ་མཐུད་དུ་ཆེ་རུ་གཏོང་དགོས་པར་བསྟན།

མཱ་ཅན་ཧུང་ཐེངས་འདིའི་རྟོག་ཞིབ་ཏུ་ཞུགས་ཡོད་པ་རེད།


热门新闻

热门图库

热门排行