གཙོ་གནད། 详情

ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་གླིང་གི་མཁས་པར་འཕྲིན་ལན་བསྐུར།

2024-09-02 09:19:02 来源: 作者: 编辑:超级管理员

ཟླ8པའི་ཚེས27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥེ་རི་གླིང་གི་རྒྱལ་ཁབ50ཡི་མཁས་པར་འཕྲིན་ལན་བསྐུར་ཏེ། ཁོ་ཚོས་མུ་མཐུད་དུ་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པ་དང་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱེད་ཆེད་རིག་སྟོབས་ཀྱིས་རྒྱབ་སྐྱོར་བྱེད་དགོས་པའི་ཐད་ནས་སྐུལ་ལྕག་གནང་།

ཞི་ཅིན་ཕིང་གིས་ཅང་མ་འགོར་བའི་སྔོན་ལ། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་ནས། བཅོས་སྒྱུར་སྔར་ལས་ཟབ་སྤེལ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་བསྐྲུན་པའི་ཐད་ནས་དུས་རབས་ཀྱི་དུང་བརྡ་བཏང་ཡོད། ཞི་བདེ་དང་འཕེལ་རྒྱས་དོན་གཉེར་དང་བཅོས་སྒྱུར་སྒོ་འབྱེད་ཀྱི་འདོད་བློ་མངའ་བའི་ཀྲུང་གོ་འདི་ཉིད་མུ་མཐུད་འཕེལ་རྒྱས་དང་སྟོབས་ལྡན་དུ་ཕྱིན་པ་ཡིན་ན། གཞི་ནས་འཛམ་གླིང་གི་ཞི་བདེ་དང་རྒྱལ་སྤྱིའི་དྲང་བདེན་གྱི་སྟོབས་ཤུགས་སྔར་ལས་ཆེ་རུ་ཕྱིན་ནས། འཛམ་གླིང་དེང་རབས་ཅན་གྱི་འཕེལ་རིམ་སྤྱི་དང་ལྷག་པར་དུ། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དར་རྒྱས་གོང་འཕེལ་གཏོང་བར་འཛད་མཐའ་མེད་པའི་སྒུལ་ཤུགས་སྣོན་ངེས་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ནི་སྔར་ནས་བཟུང་ལས་སྐལ་གཅིག་མཐུན་ཚོགས་པ་ཡིན། མིག་སྔའི་འགྱུར་ལྡོག་དང་ཟང་ཟིང་མཉམ་འདྲེས་ཀྱི་འཛམ་གླིང་གི་གནས་བབ་འོག་ཏུ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་ཀྱིས་སྔོན་ཆད་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་འོས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་སྐབས་གསར་པའི་རྩེ་ཚོགས་བསྡུ་ལ་ཉེ་བའི་སྐབས་འདིར། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་ཀའི་འགོ་ཁྲིད་སླར་ཡང་ལྷན་འཛོམས་བྱུང་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་ཇུས་ཆེན་ལ་མཉམ་གྲོས་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་ཡི་སྔར་ལས་བརྗིད་ཉམས་ཆེ་བའི་མདུན་ལམ་བསྐྲུན་ངེས་ཡིན། ཁྱོད་ཚོས“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཏ་ལེ་སི་སཱ་ལ་མུའུ་ཡི་ཐུན་མོང་ངོས་འཛིན”གྱི་རྨང་གཞིའི་སྟེང་དུ། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་བགྲོད་ལམ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་ཞིབ་འཇུག་དང་འཚོལ་ཞིབ་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས། ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པ་དང་། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱེད་ཆེད་རིག་སྟོབས་ཀྱི་རྒྱབ་སྐྱོར་གལ་ཆེན་མུ་མཐུད་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་གསུངས།


热门新闻

热门图库

热门排行