གནད་བསྡུས། 详情

ཐུན་ཏེ་རྫོང་གིས་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དང་དངུལ་རི་ཡིན་པའི་གསར་གཏོད་ལག་ལེན་གྱི་བྱ་བར་གྲུབ་འབྲས་ཆེན་པོ་བླངས།

2024-08-14 17:16:32 来源: 作者: 编辑:超级管理员

ཕྲེང་དུ་བསྟར་བའི་རི་ཚོགས་དང་གངས་རི། ཨ་སྔོན་དབྱིངས་སུ་རྒྱུ་བའི་སྤྲིན་དཀར་གྱི་ཚོམ་བུ། ཡངས་བའི་སྤང་དུ་བཀྲམ་པའི་ལུག་ཁྱུ། སྔོ་ལྗང་གི་རི་ཀླུང་དང་དྭངས་གཙང་གི་ཆུ་བོ་སོགས་ཐུན་ཏེ་རྫོང་གི་སྣོད་བཅུད་ཀྱི་བཀོད་པ་ནི་རི་མོ་བ་ཞིག་པིར་གྱིས་བྲིས་པ་ལྟར་ཧ་ཅང་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད། དེ་ནི་ཐུན་ཏེ་རྫོང་གི་སྐྱེ་ཁམས་སྲུང་སྐྱོབ་བྱ་བའི་གྲུབ་འབྲས་ཆེན་པོ་ཞིག་ཡིན་པ་མ་ཟད། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་ཐུན་ཏེའི་ལག་ལེན་དངོས་ལས་བྱུང་བའི་ངོམ་དུ་རི་བའི་གཟི་བརྗིད་དང་བདེན་དཔང་ཞིག་ཀྱང་ཡིན་པ་རེད།  

图片

2023ལོའི་ཟླ10པར། ཐུན་ཏེ་རྫོང་ལ་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་ལག་ལེན་གསར་གཏོད་རྟེན་གཞི་ཁག་བདུན་པའི་ཐོབ་ཐང་སྤྲད་པ་དེ་ནི་ཐུན་ཏེ་རྫོང་གིས་རྨ་ཆུའི་ཆུ་རྒྱུད་དང་བརླན་ས་བཅས་གཅིག་གྱུར་གྱིས་སྲུང་སྐྱོང་བྱས་པར་ཐོབ་པའི་གྲུབ་འབྲས་ཤིག་རེད། 

ཉེ་བའི་ལོ་འགའི་རིང་། ཐུན་ཏེ་རྫོང་གིས་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་དང་རྨ་ཆུའི་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ལེགས་འཕེལ་རྒྱས། གྲོང་གསེབ་དར་སྤེལ་འཐབ་ཇུས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས། གུང་ཧོའི་གཤོང་སའི་རྣམ་པ་གསར་བའི་མཁར་གྲོང་རང་བཞིན། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བཅས་དམ་འཛིན་ནན་པོ་བྱས་ནས་གྲོང་གསེབ་དར་སྤེལ་དང་ཐོན་ལས་རིམ་སྤར། བསྒྱུར་བཅོས་གསར་གཏོད། དམངས་ཚིས་ཞན་ཆ་ཁ་གསབ་སོགས་ཀྱི་ལས་དོན་མངོན་གསལ་དུ་བཏང་བ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་ཆུ་ཚད་བརྟན་པོའི་ངང་མཐོར་འདེགས་གཏོང་བ་དང་མཁར་གྲོང་འཕེལ་རྒྱས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བར་མཐུན་སྦྱོར་བྱས་ཏེ། མཁར་གྲོང་སྡོད་དམངས་ཀྱི་ཡོང་འབབ་ཧེ་བག་སྔར་ལས་ཇེ་ཆུང་དུ་བཏང་ཡོད་པ་རེད།  

图片

ལྗང་མདོག་ནི་ཐུན་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན། ཐུན་ཏེ་རྫོང་གིས་རི་ཆུ་ནགས་ཞིང་སོགས་གཞི་གཅིག་ཅན་སྲུང་སྐྱོང་དང་ཉམས་གསོ་བྱ་རྒྱུར་གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས་རྩྭ་ཐང་ཕྱོགས་བསྡུས་བཅོས་སྐྱོང་དང་ནགས་ཚལ་ཕྱོགས་བསྡུས་བཅོས་སྐྱོང་། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་སྐྱོང་སོགས་རིགས་ཆེན་པོ8ཀྱི་གཙོ་གནད་ལས་གཞི123བཀོད་སྒྲིག་བྱས་པར་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་ལྔ་བྱེ་བ་གཉིས་ས་ཡ་བཞི་གཏོང་རྒྱུ་ཡིན་པ་དང་། མ་དངུལ་སྒོར་དུང་ཕྱུར་གསུམ་བྱེ་བ་གསུམ་དོན་འཁྱོལ་བྱས་ནས་ཨ་མྱེས་རྨ་ཆེན་རི་རྒྱུད་ཀྱི་ཆུ་མགོ་དང་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་བྱ་རྒྱུའི་རྣམ་གྲངས་ལག་བསྟར་བྱས་ཡོད། ནགས་དཔོན་ལམ་ལུགས་དང་ཆུ་དཔོན་ལམ་ལུགས་དོན་འཁྱོལ་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་དེ་སྡེ་སྲོལ་དམངས་ཆིངས་ནང་བཅུག་པ་དང་། ས་ཁོངས་ཡོངས་ལ་གད་སྙིགས་མེད་པའི་ཕུགས་ཕན་བཅོས་སྐྱོང་དེ་རྒྱུན་ལྡན་ཅན་དུ་འགྱུར་བ་བྱས་ཏེ་སྐྱེ་ཁམས་ཀྱི་ཕྱོགས་ན་ཁྱད་ཆོས་ཡོད་པ་དང་སྐྱེ་ཁམས་ཀྱི་ཕྱོགས་ན་ལེགས་ཆ་ཡོད་པ། སྐྱེ་ཁམས་ཀྱི་ཕྱོགས་ན་གྲུབ་འབྲས་ཡོད་པ་བཅས་འཕེལ་རྒྱས་ཐད་ཀྱི་ཐུན་མོང་གི་ངོས་འཛིན་ཞིག་ཆགས་པར་སྐུལ་འདེད་བཏང་ཡོད།  

图片

ཐུན་ཏེ་རྫོང་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་ཅུའུ་ཀྲང་རྒྱ་གཞི་ཐར་གྱིས་བཤད་རྒྱུར། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རིར་འགྱུར་བར་སྐྱེ་ཁམས་ཀྱི་ལེགས་ཆར་བརྟེན་ནས་འཕེལ་རྒྱས་ཀྱི་བགྲོད་ལམ་གཏོད་དགོས་ཤིང་། སྐྱེ་ཁམས་ཐོན་རྫས་གསར་གཏོད་བྱས་ཏེ་དཔལ་འབྱོར་གྱི་ཕན་འབྲས་མངོན་འགྱུར་ཡོང་བ་བྱ་དགོས། ང་ཚོས་ཐབས་ལམ་མི་འདྲ་བ་བརྒྱུད་ནས་ཐུན་ཏེ་རྫོང་གི་མཛེས་ལྗོངས་དག་ཕྱི་ཕྱོགས་སུ་འོས་སྦྱོར་བྱས་ཏེ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཞིང་ཕྱུགས་ལས་སྣེ་འདྲེན་ཁེ་ལས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཁས་ལེན་ལ་སྐུལ་འདེད་གཏོང་བ། ས་ཁོངས་མཉམ་སྐྲུན་མཉམ་སྤྱོད་སྤུས་རྟགས་འོས་སྦྱོར་བྱེད་པ། སྦྲེལ་ཐག་གསབ་བ་དང་སྟོབས་ཆེར་གཏོང་བ། ཐོན་རྫས་ཀྱི་ཟུར་སྣོན་རིན་འབོར་མཐོ་རུ་གཏོང་བ།ཞིང་ཕྱུགས་ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་བ་བཅས་ལ་འབད་བརྩོན་བྱེད་དགོས་ཟེར།  

图片

རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ཐུན་ཏེ་རྫོང་གིས་ཞིང་ཕྱུགས་ཐོན་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཆར་གཞི་ལག་ལེན་དུ་བསྟར་ནས་རྫོང་རུ་རིག་གནས་དང་གཙང་ཡུལ་མཚམས་སྤྲིན་ས་དབྱིབས། རྩྭ་ཐང་གི་མཛེས་ལྗོངས་སོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས་རྫོང་རུ་རིག་གནས་དང་རྨ་ཆུའི་གྲོག་རོང་། མཐུན་སྒྲིལ་ཆུ་རྐ་སོགས་ཀྱི་ཐུན་ཏེའི་གཏམ་རྒྱུད་བརྗོད་པ་དང་། རྨ་ཆུའི་རིག་གནས་སྤྱི་གླིང་གི་རྫོང་རུ་གནའ་ཤུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ལས་གཞི་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་། རྐ་རྒན་ཆུ་བོའི་མཛེས་ལྗོངས་ཁུལ་དང་འབའ་ལུང་ཤང་གི་གྲོང་གསེབ་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་གཙོ་གནད་ལས་གཞི། འབའ་ཐང་རྩྭ་ཐང་གི་མཛེས་ལྗོངས་ཁུལ་དང་རྨ་ཆུའི་གྲོག་རོང་ཆེན་པོའི་མཛེས་ལྗོངས་ཁུལ་སོགས་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པ་དང་། རྐ་རྒན་སྦྲ་ནག་སྐྱེ་ཁམས་གླིང་སོགས་མགྲོན་ཁང་དང་བཟའ་བཏུང་སོགས་ལས་རིགས་གསར་བ་འཕེལ་རྒྱས་སུ་བཏང་བ་དང་འབྲེལ། ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་བརྒྱད་པའི་ལྕགས་རྟ་འགྲན་སྡུར་དང་རྫོང་རུ་རིག་གནས་སྒྱུ་རྩལ་དུས་ཆེན། ནོར་གནག་རིག་གནས་དགའ་སྟོན་བཅས་བདེ་བླག་ངང་སྒྲུབ་པ་དང་། རྨ་ཆུའི་རིག་གནས་སྤྱི་གླིང་རྫོང་རུ་གནའ་ཤུལ་ཡུལ་སྐོར་མཛེས་ལྗོངས་ཁུལ་དངོས་སུ་སྒོ་འབྱེད་བྱས་ཏེ་ཡུལ་སྐོར་དང་ཐོན་ལས་དང་པོ།གཉིས་པ།གསུམ་པ་བཅས་ཟུང་འབྲེལ་གྱི་སྒོ་ནས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་ཐོག་མའི་རྣམ་པ་ཙམ་ཆགས་ཡོད་པ་རེད།

图片

དེ་དང་ཆབས་ཅིག་ཐུན་ཏེ་རྫོང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པར་རང་འགུལ་ངང་མཉམ་འདྲེས་བྱས་ཏེ་སྤྱིའི་མ་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བ་གཉིས་ལྷག་བཏང་བའི་རྨ་ཆུའི་རིག་གནས་སྤྱི་གླིང་གི་རྫོང་རུ་གནའ་ཤུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ཤིང་། G227དངG573རྫོང་ཁོངས་མཛེས་ལྗོངས་ཁུལ4བཅས་ལ་བརྟེན་ནས་ཐུན་ཏེའི་ཡུལ་སྐོར་ལམ་བར་གྱི་བར་སྟོང་བསྐྲུན་པ་དང་། མ་དངུལ་སྒོར་དུང་ཕྱུར་གསུམ་བྱེ་བ་གཅིག་བཏང་ནས་དྭངས་གཙང་དྲོད་འདོན་ལས་གཞི་ལག་བསྟར་བྱས་ཏེ་རླངས་ཏུན་གོ་དགུ་ཅན་གྱི་གཅིག་སྡུད་དྲོད་འདོན་ཁྲོ་ཐབ་མེད་པར་བཟོས་ནས་ལོ་རེར་ཚད་ལྡན་རྡོ་སོལ་ཏུན་ཁྲི་གཅིག་སྟོང་གཉིས་དང་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་གསུམ་སྟོང་གསུམ་སྟོང་གཅིག་ཉིས་བརྒྱ། ཏན་དབྱང་འགྱུར་རྫས་ཏུན་གྱ་དགུ། དབྱང་གཉིས་མུ་ཟི་ཏུན་ཁྲི་གཅིག་སྟོང་གཉིས་བཅས་ཇེ་ཉུང་དུ་བཏང་སྟེ་འབག་བཙོག་ཉུང་གཏོང་དང་ཐཱན་ཉུང་གཏོང་གི་བྱ་བར་ཕན་འབྲས་ཆེན་པོ་བླངས།      མཐོ་སྒང་གི་རྫོང་མཁར་འདིས་རང་ཉིད་ཀྱི་བྱེད་སྟངས་ཐོག་ནས་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དང་དངུལ་རི་ཡིན་པའི་གསར་གཏོད་ལག་ལེན་གྱི་བྱ་བར་གྲུབ་འབྲས་ཆེན་པོ་བླངས་ཡོད།  

ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།

热门新闻

热门图库

热门排行