སྒྲོན་བརྙན། 详情

འཆམ་མཛེས་གུང་ཧོའི་གླུ་གར་དགྱེས་སྟོན་སྐབས1པོ་གཟབ་རྒྱས་ངང་བསྡུས།

2024-08-14 17:13:00 来源: 作者: 编辑:超级管理员

འཆམ་མཛེས་གུང་ཧོའི་གླུ་གར་དགྱེས་སྟོན་སྐབས་དང་པོ་མཚོ་སྔོན་པོའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས།

图片

ཟླ8པའི་ཚེས12ཉིན་གྱི་དགོང་མོར། ཀྲུང་གུང་གུང་ཧོ་རྫོང་ཨུའུ་དང་གུང་ཧོ་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་གནང་ཞིང་། རྫོང་ཨུའི་དྲིལ་སྒྲོག་པུའུ་དང་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུ་གཉིས་ཀྱིས་འགན་སྒྲུབ་གནང་བའི་རི་ཆུའི་མགོ་ཁུངས། རབ་མཛེས་མཚོ་སྔོན་བརྗོད་དོན་ཡིན་པའི་འཆམ་མཛེས་གུང་ཧོའི་གླུ་གར་དགྱེས་སྟོན་སྐབས་དང་པོ་མཚོ་སྔོན་པོའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མ་ཅན་ཧོང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚེ་རིང་། ཁུལ་ཨུའི་རྒྱུན་ཨུའམ་རྫོང་ཨུའི་ཧྲུའུ་ཅི་དགེ་འདུན་རྒྱལ། དེ་མིན་ཁུལ་དང་རྫོང་རིམ་པའི་མགོ་ཁྲིད་དག་མགོ་རྩོམ་མཛད་སྒོའི་སྟེང་ཞུགས། 

དུས་མཚུངས་སུ། གདན་ཞུ་ལྟར2024ལོའི་མཚོ་བོད་མཐོ་སྒང་གི་ནུས་གསོག་ལག་རྩལ་ཞིབ་འཇུག་ཚོགས་པའི་རྟོག་ཞིབ་ཚན་ཁག་གི་ཁོངས་མི། མཚོ་སྔོན། བོད་ལྗོངས། སི་ཁྲོན། ཡུན་ནན། ཀན་སུའུ་བཅས་ས་ཁུལ་གྱི་ཁུལ་དང་གྲོང་ཁྱེར་གྱི་ཐེངས་དགུ་པའི་འབྲེལ་མཐུད་ཚོགས་འདུའི་ཁུལ་དཔོན་དང་གྲོང་གཙོ། ཞིང་ཆེན་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན། རང་ཁུལ་གྱི་ཁྱིམ་འཚེས་རྫོང་གི་འབྲེལ་ཡོད་མགོ་ཁྲིད། ཆབ་ཆར་སྡོད་པའི་ཀྲུང་དབྱང་གི་ཁེ་ལས། ཆབ་ཆར་སྡོད་པའི་དམག་ཁུལ། དེ་མིན་ད་དུང་འཐུས་མི་གཉིས་དང་ཨུ་ཡོན་གཅིག ཏང་ཡོན་རྒན་པ། ལས་བྱེད་རྒན་པ། ལྷག་བསམ་ཅན་གྱི་གུང་ཧོ་བའི་འཐུས་མི། སློབ་གསོ་དང་འཕྲོད་བསྟེན་སྡེ་ཁག་གི་ཕུལ་བྱུང་འཐུས་མི་བཅས་ཐེངས་འདིའི་མགོ་རྩོམ་མཛད་སྒོའི་སྟེང་ཞུགས།

图片

ཐེངས་འདིའི་འཆམ་མཛེས་གུང་ཧོའི་གླུ་གར་དགྱེས་སྟོན་བྱ་འགུལ་ནི་གུང་ཧོ་རྫོང་གིས་རིག་གནས་ཀྱི་དོན་ཚན་ལྔ་ལག་བསྟར་བྱེད་སྟངས་ཞིག་ཡིན་ལ། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཉམས་མྱོང་ཞིག་ཀྱང་ཡིན། འདི་ལས་རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་མངོན་ཡོད་ལ། འདི་ལས་གུང་ཧོའི་མི་དམངས་མང་ཚོགས་ཀྱི་བདེ་སྣང་དང་སྐྱིད་སྣང་མངོན་པར་མཚོན་ཡོད།

དགོང་ཚོགས་ནི་མཚོ་སྔོན་པོ་ཞེས་པའི་མཉམ་འདྲེས་རོལ་དབྱངས་ཁྲོད་དངོས་སུ་མགོ་བརྩམས་བྱུང་། མིང་དུ་གྲགས་པའི་གླུ་བ་ཀུན་དགའ་དང་བསྟན་འཛིན་ཉི་མ། ཚེ་དབང་ལྷ་མོ། ནམ་མཁའ་མཚོ་སོགས་དགོང་ཚོགས་ཀྱི་ཡུལ་དངོས་སུ་འབྱོར་ཏེ་གུང་ཧོའི་ཡུལ་མི་སྤུན་ཟླ་རྣམས་ལ་གླུ་དབྱངས་སྙན་མོའི་ལེགས་སྐྱེས་ཕུལ་བྱུང་། ང་ཡི་རྩྭ་ཐང་སོགས་ཀྱི་ཨ་མདོ་རྩེད་རིག་དང་སྒྲ་སྙན་རྡུང་ལེན་འཁྲབ་སྟོན་བྱས་ཏེ། རྩེད་རིག་དང་སྒྲ་སྙན་རྡུང་ལེན་སོགས་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་དང་མཉམ་དུ་འདྲེས་པར་བྱས་ཤིང་། སྲོལ་རྒྱུན་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་གསོན་ཤུགས་སྔར་ལས་རྒྱས་སུ་བཅུག་ནས། ཡུལ་དངོས་ཀྱི་ལྟད་མོ་བ་དག་ལ་ངོ་མཚར་བའི་རིག་རྩལ་གྱ་ནོམ་པ་ཞིག་སྤྱན་ལམ་དུ་ཕུལ་བ་རེད།

图片

图片

图片

图片

ཐེངས་འདིར་རི་ཆུའི་མགོ་ཁུངས། རབ་མཛེས་མཚོ་སྔོན་བརྗོད་དོན་ཡིན་པའི་འཆམ་མཛེས་གུང་ཧོའི་གླུ་གར་དགྱེས་སྟོན་སྐབས་དང་པོའི་ཉིན་རེའི་ལས་རིམ་བཀོད་སྒྲིག་ཕུན་སུམ་ཚོགས་པར་བྱས་ཏེ། ཟླ8པའི་ཚེས12པ་ནས་ཟླ8པའི་ཚེས14ཉིན་བར། གུང་ཧོའི་གླུ་གར་དགྱེས་སྟོན་ཆེན་མོ། གུང་ཧོའི་འཇལ་འཛོམས་ཀྱི་རྩེད་རིག་གདན་ཞུའི་འགྲན་བསྡུར། གུང་ཧོའི་རྒྱུད་འཛིན་གྱི་སྒྲ་སྙན་རྡུང་ལེན་དགོང་ཚོགས། གུང་ཧོའི་དྲུག་འགྱུར་གྱི་རྩྭ་ཐང་གི་མཛའ་གཞས་དགོང་ཚོགས་སོགས་ཀྱི་ནང་དོན་ཕུན་སུམ་ཚོགས་པར་མ་ཟད། རིག་རྩལ་རྣམ་པ་མི་འདྲ་བའི་སྒོ་ནས་གུང་ཧོ་རྫོང་གི་རྨ་ཆུའི་ཞིང་བའི་རིག་གནས་དང་རྩྭ་ཐང་གི་འབྲོག་ལས་རིག་གནས། ས་ཁོངས་ཀྱི་དམངས་སྲོལ་རིག་གནས་སོགས་སྣ་མང་རིག་གནས་ཀྱིས་རྒྱ་ཆེའི་མང་ཚོགས་དང་ཕྱོགས་ཡོངས་ཀྱི་སྐུ་མགྲོན་དག་ལ་རིག་གནས་སྒྱུ་རྩལ་གྱི་སྟོན་མོ་གྱ་ནོམ་པ་ཞིག་སྤྱན་དུ་དྲངས།  

图片

图片

图片

ཞིང་ཆེན་ཕྱི་ནང་ནས་ཡོང་བའི་གླུ་བ་གླུ་མ་གྲགས་ཅན་དང་འཁྲབ་སྟོན་རུ་ཁག རྡུང་ལེན་པ། དམངས་ཁྲོད་ཀྱི་རི་གླུ་ལ་དགའ་མཁན་དང་། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་མགྲོན་པོ་དག་མཉམ་དུ་འཛོམས་ནས་གླུ་གར་གྱི་སྟེགས་བུ་ཞིག་སྐྲུན་སོང་། འཆམ་མཛེས་གུང་ཧོའི་གླུ་གར་དགྱེས་སྟོན་སྐབས་དང་པོའི་ཚོགས་སའི་ཉེ་འཁོར་གྱི་ཁྲོམ་གཞུང་དུ་མཛེས་སྡུག་ལྡན་པའི་མི་རིགས་ཐོན་རྫས་དང་། ལྷད་མེད་ཞིང་ཕྱུགས་ལས་ཐོན་རྫས། འཚོ་བའི་མཁོ་ཆས་སོགས་འགྲམ་ཆུ་ལྡང་བའི་ཟས་མཆོག་གིས་ཡུལ་སྐོར་བ་མང་པོའི་ཡིད་དབང་ཅིག་གྱུར་དུ་འཕྲོག་སོང་། སྟོན་གྱི་དུས་འདིར། འཇམ་རླུང་དལ་གྱིས་ལྡིང་ཞིང་། མེ་ཏོག་འཛུམ་བརྒྱ་བཞད། གྲོང་ཁྱེར་གྱི་སྲང་ལམ་ནས་གྲགས་ཡོང་བའི་གླུ་དབྱངས་སྙན་མོ་དང་། འོད་མདངས་སྣ་ཚོགས་བཀྲ་བའི་གློག་སྒྲོན། མཐུན་སྒྲིལ་གྱི་གླུ་དབྱངས། བདེ་སྐྱིད་ཀྱི་གླུ་དབྱངས། མཛེས་པའི་གླུ་དབྱངས་བཅས་ཀྱིས་གུང་ཧོ་རྫོང་ལ་སྔར་ན་མེད་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་བྱུང་། 

图片

图片

图片

图片

图片

图片

ཉེ་བའི་ལོ་འགའི་རིང་གུང་ཧོ་རྫོང་གིས་ཤུལ་བཞག་རིག་གནས་སྔོག་འདོན་དང་རྒྱུན་འཛིན། དར་སྤེལ་བཅས་བཏང་བས། རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པས་རོང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་བཏང་། གུང་ཧོ་རྫོང་གིས་རི་ཆུའི་མགོ་ཁུངས་དང་དག་གཙང་གི་མཚོ་སྔོན་ཞེས་པའི་འཆམ་མཛེས་གུང་ཧོའི་གླུ་གར་དགྱེས་སྟོན་སྐབས་དང་པོ་བསྡུས་ཏེ་རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་། 

图片

ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།

热门新闻

热门图库

热门排行