གཙོ་གནད།2 详情

སྒོ་འབྱེད་མཉམ་ལས། ལྗང་མདོག་འཕེལ་རྒྱས། འབྱུང་འགྱུར་མཉམ་སྤྱོད། མཚོ་བོད་ཁྲོན་ཡུན་ཀན་འབྲེལ་མཚམས་ཀྱི་ཁུལ་དཔོན(གྲོང་དཔོན)བཞུགས་འབྲེལ་གྲོས་ཚོགས་ཐེངས་དགུ་བ་རང་ཁུལ་ནས་གཟབ་རྒྱས་ངང་བསྡུས་པ།

2024-08-14 17:11:21 来源: 作者: 编辑:超级管理员

图片

ཟླ8པའི་ཚེས13ཉིན། སྒོ་འབྱེད་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས། འབྱུང་འགྱུར་ལོངས་སྤྱོད་བརྗོད་དོན་ཡིན་པའི་མཚོ་བོད་ཁྲོན་ཡུན་ཀན་འབྲེལ་མཚམས་ཀྱི་ཁུལ་དཔོན(གྲོང་དཔོན)བཞུགས་འབྲེལ་གྲོས་ཚོགས་ཐེངས་དགུ་བ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དུ་གཟབ་རྒྱས་ངང་བསྡུས། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་དང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཨུ་ཡོན་ཝང་ཡུང་ཁྲུན་རྣམ་གཉིས་ཀྱིས་ཤིས་ཚིག་ཕུལ། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དང་རྔ་བ་ཁུལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ། རྨ་ལྷོ་ཁུལ། མགོ་ལོག་ཁུལ། ཡུའུ་ཧྲུའུ་ཁུལ་སྲིད་གཞུང་གི་འགན་ཁུར་བློ་མཐུན་རྣམས་དང་། དེ་མིན་མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན། སྤྱི་བདེ་ཐིན། འགྲིམ་འགྲུལ་སྐྱེལ་འདྲེལ་ཐིན། ཞིང་ལས་གྲོང་གསེབ་ཐིན་གྱི་འགན་འཁུར་བློ་མཐུན་བཅས་གདན་ཞུ་ལྟར་གྲོས་ཚོགས་སུ་ཞུགས། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ཚོགས་འདུར་མགོ་འཛིན་གནང་།

图片

ལིས་ཀང་གིས་ཚོགས་འདུར་ཕེབས་པའི་མཚོ་བོད་ཁྲོན་ཡུན་ཀན་འབྲེལ་མཚམས་ཀྱི་ཁུལ་དཔོན(གྲོང་དཔོན)སོགས་ཚོགས་ཞུགས་འཐུས་མི་རྣམས་ལ་སྤྲོ་སེམས་འཁོལ་བས་དགའ་བསུ་ཞུས། ཁོས་མཚོ་བོད་ཁྲོན་ཡུན་ཀན་འབྲེལ་མཚམས་ཀྱི་ཁུལ་དཔོན(གྲོང་དཔོན)བཞུགས་འབྲེལ་གྲོས་ཚོགས་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་བྱེད་པ་དང་།ས་ཁོངས་མཉམ་ལས་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། ས་ཁོངས་མཉམ་ལས་ཀྱི་ལམ་བུ་རྒྱ་ཆེར་གཏོང་བ། ས་ཁོངས་མཉམ་ལས་ཀྱི་གྲུབ་འབྲས་རྒྱ་བསྐྱེད་པ་བཅས་ལ་ཞབས་ཕྱི་སྒྲུབ་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཞིང་ལྗོངས་ལྔ་ཡི་འབྲེལ་མཚམས་ས་ཁུལ་གྱི་མཉམ་ལས་བྱས་པ་བརྒྱུད་ནས། སྐྱེ་ཁམས་མཉམ་སྐྱོང་དང་ཐོན་ལས་མཉམ་བསྐྲུན། རིག་གནས་ཡུལ་སྐོར་མཉམ་བསྲེས།ལས་གཞི་མཉམ་སྤེལ། འཆམ་མཐུན་མཉམ་སྐུལ་བཅས་ཡོང་བར་མངོན་འགྱུར་བྱུང་ནས། སྲུང་སྐྱོང་ཆེན་མོ་དང་སྒོ་འབྱེད་ཆེན་མོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པར་སྔར་ལས་སྐུལ་འདེད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ལེའུ་གསར་པ་འབྲི་བར་བྱས་རྗེས་བཞག་ཡོད། རང་ཁུལ་གྱིས་ཐེངས་འདིའི་གྲོས་ཚོགས་གོ་སྐབས་སུ་བཟུང་ནས། བཅོས་བསྒྱུར་གསར་སྤེལ་མཐའ་འཁྱོངས་བྱེད་པ་དང་། སྔར་ལས་གཏིང་ཟབ་ཅིང་སྔར་ལས་ཁྱབ་རྒྱ་ཆེ་བ། སྔར་ལས་དོན་གཉེར་ཅན་གྱི་བརྗེ་རེས་མཉམ་ལས་སྤེལ་ནས། སྤུན་ཟླ་ཁུལ(གྲོང)དང་མཉམ་དུ་གཏན་འཇགས་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་སྲུང་བཅས་དོན་ཆེན་བཞི་ལེགས་པོར་བསྒྲུབ་སྟེ། སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབྲི་བར་འབད་པ་བྱ་དགོས་པ་བསྟན།

图片

ཝང་ཡུང་ཁྲུན་གྱིས་ཤིས་ཚིག་ནང་བཞུགས་འབྲེལ་གྲོས་ཚོགས་ཀྱི་ལམ་སྲོལ་བཙུགས་པའི་ཚུན་ལ་མཚོ་བོད་ཁྲོན་ཡུན་ཀན་འབྲེལ་མཚམས་ཀྱིས་སྐྱེ་ཁམས་འཛུགས་སྐྱོང་དང་བརྟན་བརླིང་སྲུང་སྐྱོང་། རིག་གནས་བརྗེ་རེས།དཔལ་འབྱོར་ཉོ་ཚོང་མཉམ་ལས། ལས་གཞི་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པར་ཁས་ལེན་གང་ལེགས་བྱས་ཤིང་། ཁོས་བཞུགས་འབྲེལ་གྲོས་ཚོགས་ཀྱི་ལམ་སྲོལ་དེ་ས་ཁུལ་བར་གྱི་བརྩེ་བ་ཇེ་ཟབ་ཏུ་གཏོང་བ་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་སྦྲེལ་ཐག་གལ་ཆེན་ཞིག་དང་། མཉམ་དུ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་བཏོད་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད། འབྲེལ་མཚམས་ས་ཁུལ་གྱི་ཁུལ་དང་གྲོང་ཁྱེར་སོ་སོས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ།སེམས་ཤུགས་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན། དཔའ་མཛངས་རྟུལ་ཕོད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ལག་ལེན་རླབས་པོ་ཆེའི་ཁྲོད་ལོ་རྒྱུས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བ་དང་། དུས་རབས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་པ། མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བར་འོད་སྟོང་འབར་བའི་བྱས་རྗེས་འཇོག་དགོས་པ་བསྟན།

图片

ཀརྨ་ཕུན་ཚོགས་ཀྱིས་མཚོ་ལྷོ་ཁུལ་ནི་གཙང་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་ཡིན་པ་དང་། ཀྲུང་ཧྭའི་ཆུ་ལྕོག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ནུབ་བྱང་གི་ཞིང་ལྗོངས་ལྔའི་ཁྲོད་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་སྤེལ་དཔེ་སྟོན་ཁུལ་གྱི་ཆོག་མཆན་ཐོབ་པའི་ཁུལ་གཅིག་པུའང་ཡིན། བཞུགས་འབྲེལ་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས་པའི་ཚུན་ལ། མཚོ་ལྷོར་འབྲེལ་མཚམས་ས་ཁུལ་གྱི་ཁུལ་དང་གྲོང་ཁྱེར་སོ་སོའི་རྒྱབ་སྐྱོར་ཆེན་པོའི་འོག 《ཀན་ལྷོའི་གྲོས་གཞི》ཡི་དོན་ཚན་དག་དོན་ཐོག་ཏུ་འཁྱོལ་བར་བྱས་ཤིང་། བཅོས་སྒྱུར་འཕེལ་རྒྱས་ཀྱི་བྱ་བའི་འགན་འཁྲི་སོ་སོ་བདེ་བླག་ངང་ལེགས་འགྲུབ་བྱུང་སྟེ། སྤྱི་ཚོགས་དཔའ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་བླངས་པ་དང་། ཡར་རྒྱས་གསར་པ་མངོན་འགྱུར་བྱུང་། ཐོད་རྒལ་གྱི་ལམ་ཁ་གསར་པ་ཞིག་ཏུ་བསྙེགས་ཡོད། འབྲེལ་མཚམས་ས་ཁུལ་གྱི་བསམ་བློ་བརྗེ་རེས་དང་མཉམ་འབྲེལ་སྔར་ལས་གཏིང་ཟབ་ཏུ་བྱ་རྒྱུའི་ཐད་གཅིག་ནས་མཉམ་དུ་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་གཉིས་ནས་མཉམ་དུ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་དབུ་འཁྱུད་གསར་པ་འབྲི་བ། གསུམ་ནས་མཉམ་དུ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་གཏིང་ཚད་མཉམ་འདྲེས་ཀྱི་ཚད་གཞི་གསར་པ་བཏོད་པ། བཞི་ནས་མཉམ་དུ་ཕྱོགས་བསྡུས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བའི་འཛུགས་སྐྲུན་ལ་རྣམ་པ་གསར་པ་མངོན་པ། ལྔ་ནས་མཉམ་དུ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ལེའུ་གསར་པ་རྩོམ་པ་དང་། དྲུག་ནས་མཉམ་དུ་བོད་འབྲེལ་ས་ཁུལ་གྱི་སྤྱི་ཚོགས་འཆམ་མཐུན་གྱི་རྣམ་པ་གསར་པ་མངོན་པར་བྱ་དགོས་ཞེས་གྲོས་མགོ་ཁག་ལྔ་བཏོན་ཡོད།

图片

ཚོགས་འདུའི་སྟེང་ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དབྱང་ཝུའུ། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲེང་ཡོན། རྨ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་བཀྲ་ཤིས་ཚེ་རིང་། མགོ་ལོག་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཡེ་ཝན་པིན། ཡུའུ་ཧྲུའུ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་བསོད་ནམས་བསྟན་འཛིན། དཀར་མཛེས་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཁྲེང་ལི། རྔ་བ་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཝང་ཡུང་། བདེ་ཆེན་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལི་ཐའོ། ཆབ་མདོ་གྲོང་ཁྱེར་སྲིད་གཞུང་གི་མགོ་གཙོ་གཞོན་པ་ཐུང་རྨིན་ཞི་བཅས་ཀྱིས་ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོར་དམིགས་ནས་གཏམ་བཤད་གནང་སྟེ་བསམ་བློ་བརྗེ་རེས་བྱས་པར་མ་ཟད། སྔར་བས་གཏིང་ཟབ་པ་དང་ཁྱབ་རྒྱ་ཆེ་བ། ཆུ་ཚད་སྔར་ལས་མཐོ་བས་བསམ་བློ་བརྗེ་རེས་དང་མཉམ་འབྲེལ་ཕྱོགས་ལ་རྒྱང་རིང་བ་དང་བྱེད་ནུས་ཆེ་བའི་བསམ་འཆར་བཏོན་པ་རེད། ཚོགས་ཞུགས་འཐུས་མིས་མཚོ་ལྷོ་ཁུལ་གྱི་དྲིལ་བསྒྲགས་བརྙན་ཐུང《དྲན་འཛིན་གྱི་མཚོ་དང་མཚེའུ། གནས་མཆོག་མཚོ་ལྷོས་ཉིད་ལ་བསུ་མ་བྱེད།》དང་བཞུགས་འབྲེལ་གྲོས་ཚོགས་ཐེངས་དགུ་བའི་ཆེད་དོན་བརྙན་ཐུང《མཚོ་ལྷོའི་ལྷན་འཛོམས》ཞེས་པ་དང་འབྲེལ་མཚམས་ས་ཁུལ་གྱི་ཁུལ་དཔོན(གྲོང་དཔོན)གྱིས་ཐེངས་འདིའི་ཚོགས་འདུའི་ཕུལ་བའི་རེ་སྨོན་གྱི་བརྙན་ཐུང་ལ་གཟིགས་པ་རེད། 

图片

图片

ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།

热门新闻

热门图库

热门排行