གཙོ་གནད། 详情

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་ཚོང་དོན་གླེང་སྟེགས་སྐབས་དྲུག་པར་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས།

2024-07-25 09:27:00 来源: 作者: 编辑:超级管理员

ཟླ7པའི་ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་ཚོང་དོན་གླེང་སྟེགས་སྐབས་དྲུག་པར་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་ཡིན་ལ། ཕྱོགས་གཉིས་ཀའི་ཐུན་མོང་འབད་བརྩོན་འོག་ཏུ། གཞི་ནས་ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་དཔའ་སྐྱེད་མདུན་སྐྱོད་བྱས་པ་དང་། རྒྱལ་ཁབ་གཉིས་ཀའི་ནུས་ཁུངས་མཉམ་ལས་ཉིན་བཞིན་གནད་ཁེལ་འཐུས་ཚང་དང་བརྟན་བརླིང་། སྲ་བརྟན་བཅས་སུ་གྱུར་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་ཁེ་ཕན་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་སྟེང་དུ། ཨུ་རུ་སི་ཕྱོགས་དང་མཉམ་དུ་ནུས་ཁུངས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ནུས་ཁུངས་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་བརྟན་པོ་ཡོང་བ་དང་མཉེན་ཆ་ལྡན་པར་སྲུང་སྐྱོབ་བྱས་ཏེ། འཛམ་གླིང་ཧྲིལ་པོའི་ནུས་ཁུངས་ཐོན་ལས་སྔར་ལས་སྟོབས་ལྡན་དང་ལྗང་མདོག བདེ་ཐང་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྟོབས་ཤུགས་ཅི་ཡོད་འབུལ་འདོད་ཡོད་ཅེས་གསུངས།

ཉིན་དེར་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕུའུ་ཅིན་གྱིས་ཀྱང་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་ཚོང་དོན་གླེང་སྟེགས་སྐབས་དྲུག་པར་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས།


热门新闻

热门图库

热门排行