གཙོ་གནད། 详情

བསྒྱུར་བཅོས་ཟབ་སྤེལ་གྱིས་དེ་བས་ཡངས་པའི་མདུན་ལྗོངས་གཏོད།

2024-07-24 08:58:46 来源: 作者: 编辑:超级管理员

--བསྒྱུར་བཅོས་སྒོ་དབྱེའི་དར་ཆ་མཐོན་པོར་སྒྲེང་ཞིང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དབྱེ་ཞིབ་གཏིང་ཟབ་བྱས་ཡོད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་གཞིགས་ཏེ་སྔར་ལས་ལྷག་པའི་ངང་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་བཀོད་སྒྲིག་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱས་ཡོད། ཚོགས་ཞུགས་བློ་མཐུན་ཚོས། ཚང་འཛོམས་གྲོས་ཚོགས་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བསྒྱུར་བཅོས་མཐར་ཕྱིན་པ་བྱ་རྒྱུའི་ཆོད་སེམས་བརྟན་པོ་དང་འགན་འཁྲི་འཁུར་སེམས་ཆེན་པོ་མངོན་ཡོད་ཅིང་། དེ་ནི་དུས་རབས་གསར་པའི་རྒྱང་བསྐྱོད་ལམ་བུ་གསར་པའི་ཐོག་དར་ཆ་གང་ཞིག་བསྒྲེང་རྒྱུ་དང་ལམ་བུ་གང་འདྲ་ཞིག་ཏུ་བསྐྱོད་རྒྱུའི་ཐད་སླར་ཡང་གསལ་སྟོན་བྱས་པ་ཞིག་ཡིན་པས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས་པ་དང་། སེམས་ནུས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བྱས་ཏེ། སྔར་ལས་ལྷག་པའི་ངང་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་བརྒྱུད་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མདུན་ལྗོངས་ཡངས་པོ་ཟམ་མི་ཆད་པར་གཏོད་དགོས་ཞེས་གསུངས་ཡོད། 

ཚང་འཛོམས་གྲོས་ཚོགས་ཐོག་དུས་རབས་གསར་པ་ཤར་ཚུན་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ལེགས་གྲུབ་ལྡན་པའི་ལག་ལེན་དང་གྲུབ་འབྲས་རླབས་པོ་ཆེར་ཚད་མཐོའི་གདེང་འཇོག་བྱས་ཡོད། ཛ་དྲག་ཅིང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་བསྒྱུར་བཅོས་གོང་འཕེལ་དང་བརྟན་ལྷིང་གི་ལས་འགན་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་དམག་ཡོངས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། བསྒྱུར་བཅོས་དེ་ཆ་ཤས་ནང་འཚོལ་ཞིབ་བྱེད་པ་དང་འཁྱགས་གཏོར་འགག་སྒྲོལ་བྱེད་པ་ནས་མ་ལག་ཅན་གྱི་འདུས་གྲུབ་དང་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བར་འཕོ་འགྱུར་བྱུང་བ་དང་། ཁྱབ་ཁོངས་མང་པོར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་མ་ལག་རང་བཞིན་གྱི་བསྐྱར་འཛུགས། སྤྱི་ཡོངས་རང་བཞིན་གྱི་བསྐྱར་སྒྲིག་བཅས་བྱུང་ཡོད། 

ཚང་འཛོམས་གྲོས་ཚོགས་ཐོག མིག་སྔ་དང་སླད་ཕྱིན་དུས་མཚམས་ཤིག་གི་རིང་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་མཚམས་ཤིག་ཡིན་པས། ངེས་པར་དུ་རང་རྟོགས་ངང་བསྒྱུར་བཅོས་བྱ་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་གཞིགས་ཏེ་སྔར་ལས་ལྷག་པའི་ངང་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས་པའི་ངོས་འཛིན་གནང་ཡོད། ཀྲུང་དབྱང་ཨུ་ཡོན། ཧེ་ལུང་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཆིན་གྱིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བསྒྱུར་བཅོས་བྱེད་པའི་ཤུགས་ཚད་དེ་སྔར་བྱུང་མྱོང་མེད་པ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཐད་སྐུ་ངོ་མས་ཇུས་འགོད་དང་སྐུ་ངོ་མས་བཀོད་སྒྲིག སྐུ་ངོ་མས་སྐུལ་འདེད་བཅས་བཏང་གནང་བས། སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་གྱུར་བའི་གྲུབ་འབྲས་རླབས་པོ་ཆེ་ཐོབ་ཡོད། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བསྒྱུར་བཅོས་ཀྱི་ལེའུ་གསར་པ་ཞིག་ཡིན་ཞིང་། དེས་སྔར་ལས་ལྷག་པའི་ངང་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་སྟོབས་དང་ལྡན་པའི་བསམ་བློའི་དྲག་ཆས་དང་ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་ཐུབ་ངེས་རེད་ཅེས་གསུངས་ཡོད།

 ཀྲུང་དབྱང་ཨུ་ཡོན། ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་དབྱི་ལེན་ཧུང་གིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་རླབས་ཆེ་བའི་བྱ་གཞག་གསར་རྐྱང་ཞིག་ཡིན། སྔར་ལས་ལྷག་པའི་ངང་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཐོག་ནས་དཀའ་གནད་ལས་སྒྲོལ་བ་དང་གནས་བབ་གསར་པ་བཏོད་དེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ནི་གཟིགས་རྒྱང་རིང་ཞིང་དངོས་འཛིན་དངོས་སྒྲུབ་བྱེད་མཁན་ཞིག་ཡིན་པ་མངོན་ཡོད། ང་ཚོས་མངགས་བཅོལ་བློ་ལ་བརྟན་པོར་ངེས་ཐོག “བརྒྱད་བརྒྱད་འཐབ་ཇུས”གཏིང་ཇེ་ཟབ་དང་དངོས་སྒྲུབ་ཐུབ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། གསར་གཏོད་གཏིང་ཟབ་དང་བསྒྱུར་བཅོས་འགག་སྒྲོལ། སྒོ་དབྱེ་མཐོར་འདེགས་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ། འབད་འཐབ་ཁྲོད་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རྒྱང་ལམ་གསར་པའི་ཐོག་དངོས་སྒྲུབ་དང་། མདུན་གྲལ་དུ་བསྐྱོད་པ། སྣེ་འདྲེན་པ་བྱེད་ཕོད་པ་བཅས་བྱེད་དགོས་ཞེས་གསུངས་ཡོད།

ཏང་གི་ཁྱོན་ཡོངས་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས། དྲང་སྲུང་གསར་གཏོད་མཐའ་འཁྱོངས། ལམ་ལུགས་འཛུགས་སྐྱོང་གཙོ་ཐིག་ཏུ་བཟུང་རྒྱུ་མཐའ་འཁྱོངས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས། མ་ལག་གི་འདུ་ཤེས་མཐའ་འཁྱོངས་བཅས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཐོག་སྔར་ལས་ལྷག་པའི་ངང་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་ངེས་པར་དུ་དོན་འཁྱོལ་བྱེད་དགོས་པའི་རྩ་དོན་གལ་ཆེན་ནན་སྟོན་བྱས་ཡོད། ཚོགས་ཞུགས་བློ་མཐུན་ཚོས། བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དང་ལྷག་པར་དུ་དུས་རབས་གསར་པར་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་རྩ་ཆེའི་ཉམས་མྱོང་ཕྱོགས་བསྡོམས་དང་བཀོལ་སྤྱོད་བྱས་ཐོག སྔར་ལས་ལྷག་པའི་ངང་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མུ་མཐུད་འཐུས་སྒོ་ཚང་དུ་དང་གོང་འཕེལ་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱོགས་སྟོན་སྣེ་ཁྲིད་འོག ཀྲུང་གོའི་བསྒྱུར་བཅོས་ཀྱི་གྲུ་ཆེན་དེས་རླུང་བརྟེན་རླབས་གཤགས་དང་ཞུམ་མེད་མདུན་སྐྱོད་ཐུབ་ངེས་རེད་ཅེས་གསུངས་ཡོད། ཀྲུང་དབྱང་ཨུ་ཡོན། ཀོང་ཏུང་ཞིང་ཆེན་གྱི་འགོ་འཛིན་ཝང་ཝེ་ཀྲུང་གིས། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག“མཐའ་འཁྱོངས་དྲུག”གི་རྩ་དོན་གལ་ཆེན་བཏོན་ཡོད། དུས་རབས་གསར་པའི་བསྒྱུར་བཅོས་སྒོ་དབྱེའི་སྤྱིར་བཏང་མིན་པའི་འཕེལ་རིམ་ལ་ཕྱིར་དྲན་བྱེད་སྐབས། ང་ཚོར“གཏན་འཁེལ་གཉིས”ནི་ཏང་དང་མི་དམངས་ཀྱིས་ངེས་གཏན་མིན་པ་ཚང་མར་ཁ་གཏད་གཅོག་པའི་གཏན་འཁེལ་རང་བཞིན་ཆེ་ཤོས་དང་འདིང་ཤུགས་ཆེ་ཤོས། འགན་ལེན་ཆེ་ཤོས་བཅས་ཡིན་པ་ངོས་འཛིན་གཏིང་ཟབ་བྱུང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་དཀྲིས་པའི་འགན་འཁྲི་དང་ལས་འགན་ཁག་ཕྲག་ཏུ་འཁུར་བ་དང་། འགག་གཏོར་གྱི་སྙིང་སྟོབས་དང་། གསར་གཏོད་ཀྱི་སྙིང་སྟོབས། ལས་སྒྲུབ་ཀྱི་སྤྱོད་ཚུལ་བཅས་མཐའ་འཁྱོངས་བྱས་ཐོག ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀོང་ཏུང་གི་ལག་ལེན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེའི་བྱ་གཞག་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད།

ཀྲུང་དབྱང་ཨུ་ཡོན། ཚོང་དོན་པུའི་པུའུ་ཀྲང་ཝང་ཝེན་ཐའོ་ཡིས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ནང་ཏང་ཡོངས་ཀྱི་བློ་གྲོས་དང་མི་དམངས་ཀྱི་རེ་སྒུག་འདུས་ཡོད། ཕྱི་ཕྱོགས་སྒོ་དབྱེའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱེད་དགོས། ང་ཚོས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་འབྲེལ་ཡོད་བསྒྱུར་བཅོས་བླང་བྱ་དེ་དག་ང་ཚོའི་ལས་འགན་གྱི་གསལ་ཐོ་དང་ལས་ཀའི་གསལ་ཐོར་འགྱུར་བ་བྱས་ཏེ། དོན་ཚན་རེ་རེ་བཞིན་དོན་འཁྱོལ་དང་། རང་འགུལ་ངང་སྒོ་དབྱེ་རྒྱ་སྐྱེད་གཏོང་བ། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་པ་བརྒྱུད། དངོས་ཟོག་ཉོ་ཚོང་དང་། ཞབས་ཞུ་ཉོ་ཚོང་། གྲངས་འཛིན་ཉོ་ཚོང་བཅས་ལ་སྐུལ་འདེད་གཏོང་བ་དང་། སྒོ་དབྱེར་བརྟེན་ནས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་སྒོ་དབྱེར་བརྟེན་ནས་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་ཡོད།

ཚང་འཛོམས་གྲོས་ཚོགས་ཐོག 2035ལོར་སླེབས་སྐབས་རྩ་བའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དམིགས་ཚད་མངོན་འགྱུར་ཐུབ་རྒྱུར་དམིགས་ཏེ། དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། འབྱུང་ཁམས་ཤེས་དཔལ། རྒྱལ་ཁབ་བདེ་འཇགས། རྒྱལ་སྲུང་། དམག་དཔུང་སོགས་ཐད་ཀྱི་འབྱུང་འགྱུར་ལོ་ལྔའི་བསྒྱུར་བཅོས་བྱ་ཐབས་གལ་ཆེན་བཀོད་སྒྲིག་བྱས་ཡོད། ཚོགས་ཞུགས་བློ་མཐུན་ཚོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། དངོས་ཐོག་བདེན་འཚོལ་གྱིས་དོན་འཁྱོལ་ལ་དམ་འཛིན་དང་བྱས་རྗེས་འཇོག་ཕོད་པའི་ཐོག་ནས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་པ། ལས་འབྲས་དངོས་དང་མི་དམངས་མང་ཚོགས་བློ་ཡིད་འཚིམ་ཚད་ལ་བརྟེན་ནས་བསྒྱུར་བཅོས་ལ་བརྟག་བཤེར་བྱེད་པ་བཅས་ཀྱིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྱོང་གི་རྣམ་པ་གསར་པ་གཏོད་རྒྱུ་ཡིན་ཞེས་གསུངས་ཡོད། ཀྲུང་དབྱང་ཨུ་ཡོན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀྲེང་ཧྲན་ཅེ་ཡིས། ཚང་འཛོམས་གྲོས་ཚོགས་ནི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པ་ཞིག་ཡིན་པས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བརྗོད་གཞི་འདིར་དམིགས་ཏེ། སྔར་ལས་ལྷག་པའི་ངང་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་བཀོད་སྒྲིག་ཚན་རིག་དང་མཐུན་པའི་ངང་ཇུས་བཀོད་བྱས་ཡོད། ང་ཚོས“རྒྱལ་ཁབ་ཀྱི་དོན་ཆེན”ལ་དམ་པོར་དམིགས་ཏེ་བ་སྤུ་གཅིག་གིས་ལུས་ཡོངས་འགུལ་བའི་དཔེ་ལྟར་བསྒྱུར་བཅོས་ཆེན་པོར་སྐུལ་འདེད་གཏོང་དགོས་ལ། དམངས་འཚོའི་དོ་ཁུར་བྱ་ཡུལ་དང་འཚམ་མཐུན་ཡོང་བ་བྱས་ཏེ། བསྒྱུར་བཅོས་ཆུང་ཆུང་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཁྲོད་རང་རེའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དངོས་ཤུགས་དང་། ཚན་རྩལ་དངོས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ལམ་བུའི་ཐོག་བརྟན་པོའི་ངང་བསྐྱོད་དགོས་ཞེས་གསུངས་ཡོད།

ཀྲུང་དབྱང་ཨུ་ཡོན།  ཚན་རྩལ་པུའི་པུའུ་ཀྲང་དབྱིན་ཧོ་ཅུན་གྱིས།  གནད་དོན་གྱི་སྟོན་ཕྱོགས་དང་དམིགས་འབེན་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ་དང་།  གནད་དོན་གང་ཞིག་ཡོད་ན་དེ་ཉིད་ཐག་གཅོད་བྱེད་པ།  དཀའ་གནད་གང་ཞིག་ཡོད་ན་དེ་ཉིད་སེལ་དགོས།  བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་།  ཚན་རྩལ་སྒྲིག་གཞི་བསྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། 2035ལོའི་དམིགས་འབེན་ལ་དམིགས་པ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་གཙོ་ཐིག་ཏུ་འཛིན་པ་བཅས་ཀྱི་ཐོག་ནས།  རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཆེད་དེ་བས་ཤུགས་དང་ལྡན་པའི་འདེགས་སྐྱོར་མཁོ་འདོན་བྱ་དགོས་ཞེས་གསུངས་ཡོད། 

བསྒྱུར་བཅོས་སྒོ་དབྱེ་ནི་བྱེད་བཞིན་པ་ལས་ཚར་དུས་ཞེས་པ་མེད།  ཚོགས་ཞུགས་བློ་མཐུན་ཚོས་མགྲིན་དབྱངས་གཅིག་གྱུར་ཐོག་ནས།  ཚང་འཛོམས་གྲོས་ཚོགས་ནི་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་ལ་སྐུལ་འདེད་གཏོང་བའི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་ཡིན་པས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་དེ་བས་ཤུགས་དང་ལྡན་པའི་སྒུལ་ཤུགས་དང་ལམ་ལུགས་ཀྱི་འགན་ལེན་ཐུབ་ངེས་རེད།   འགོ་འཛུགས་ས་གསར་པའི་ཐོག་ཏུ། ཏང་ཡོངས་དང་དམག་ཡོངས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་།  བསྒྱུར་བཅོས་སྒོ་དབྱེའི་དར་ཆ་མཐོན་པོར་སྒྲེང་སྟེ།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་བསྐྲུན་པ་དང་ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་།  ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཐོག་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱ་དགོས་པའི་ངོས་འཛིན་གནང་ཡོད།  ཀྲུང་དབྱང་ཨུ་ཡོན།  མཚོ་དམག་གི་ཆབ་སྲིད་ཨུ་ཡོན་ཡོན་ཧྭ་ཀྲེ་ཡིས།  ཀྲུའུ་ཞི་ཞི་ཅིན་ཕིང་ནི་དུས་རབས་གསར་པར་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འཐབ་ཇུས་མཁས་ཅན་ཞིག་རེད།  ང་ཚོས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པའི་རྩ་བའི་ལངས་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་།   འཐབ་ཕོད་པ་དང་འཐབ་ན་ངེས་པར་དུ་རྒྱལ་བར་བྱེད་པའི་ཞུམ་མེད་མདུན་སྐྱོད་ཀྱི་དམག་འཐབ་སྤྱོད་ཚུལ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ།  ང་ཚོའི་དཔུང་སྡེ་འཛུགས་སྐྱོང་ཡག་པོ་བྱེད་པ།  ཁྱོན་ཡོངས་དེང་རབས་ཅན་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ།  ཁྱིམ་སྲུང་རྒྱལ་སྐྱོབ་བྱེད་པ་བཅས་ཀྱི་ཐོག་ནས།  རང་རེའི་རྒྱལ་ཁབ་ཀྱི་གོང་འཕེལ་དང་མི་དམངས་ཀྱི་ཆེད་དུ་མཛེས་སྡུག་ལྡན་ལ་བདེ་འཇགས་དང་ལྡན་པའི་ཁོར་ཡུག་གཏོད་དགོས་ཞེས་གསུངས་ཡོད། 

ཟུར་ཞུགས་འཐུས་མི།  ཤིན་ཅང་ཨུ་ལུམ་ཆི་གྲོང་ཁྱེར་ཁེ་ཕིང་ལམ་བྱང་སྡེ་ཁུལ་གྱི་ཏང་ཀྲེ་པུའི་ཧྲུའུ་ཅི་རེ་ཙེ་ཝན་གུ་ལི་•ཧྲའུ་ཐི་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག  བསྒྱུར་བཅོས་སྒོ་དབྱེས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་ཡོད་ཅིང་།  ཡང་སྒོས་སུ་སྨན་བཅོས་དང་སློབ་གསོ།  ལས་ཞུགས།  རྒན་གསོ་སོགས་དམངས་འཚོ་ལེགས་བཅོས་བྱུང་ཡོད།   གཞི་རིམ་གྱི་ལས་དོན་མི་སྣ་ཞིག་ཡིན་པའི་ཆ་ནས།  ང་ཚོས་མི་དམངས་ལྟེ་བར་འཛིན་པ་དང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ཐོག  ཉེ་འཁོར་གྱི་དོན་དག་ཆུང་ཙག་ནས་དམ་འཛིན་བྱེད་པ་དང་།  བསྒྱུར་བཅོས་ཀྱི་བྱ་ཐབས་ལ་བརྟེན་ནས་དམངས་འཚོའི་དཀའ་གནད་སེལ་ཏེ།  མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་ཆེ་རུ་ཟམ་མི་ཆད་པར་གཏོང་དགོས་ཞེས་གསུངས་ཡོད། 


热门新闻

热门图库

热门排行