གཙོ་གནད།2 详情

མཚོ་སྔོན་ཞིང་ཆེན་གྱིས་འབྲུབ་ཆུ་བབས་ཚུན་གྱི་ཆར་ཆུ་ཆེ་བའི་དུས་སྐབས་བསུ་རྒྱུ་རེད།

2024-07-22 14:40:08 来源: 作者: 编辑:超级管理员

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་ལས་ཁུངས་ནས་རྒྱུས་ལོན་པ་ལྟར་ན། ཟླ་7པའི་ཚེས22ནས་ཚེས23ཉིན་བར་རང་ཞིང་དུ་ད་ལོ་འབྲུབ་དུས་ཚུན་གྱི་ཆར་ཆུ་ཆེན་པོ་འབབ་རྒྱུ་ཡིན་པ་དང་ཞིང་ཆེན་ཡོངས་ཀྱི་ས་ཁུལ་མང་ཆེ་བར་ཆར་པ་འབྲིང་ཙམ་འབབ་རྒྱུ་ཡིན་པ་དང་། ས་ཆ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་ཡིན་པས། ས་གནས་སོ་སོས་ཆུ་ལོག་དང་རི་ཉིལ་བ། འདམ་རྡོའི་ཆུ་རུད་སོགས་ཞོར་ཐོན་གནོད་འཚེ་སྔོན་འགོག་བྱ་རྒྱུར་ཤུགས་སྣོན་དགོས།

ཐེངས་འདིར་ཆར་ཆུ་འབབ་པའི་དུས་ཡུན་ཟླ7པའི་ཚེས22ཉིན་ནས་ཚེས23ཉིན་བར་ཡིན་ལ། ཞིང་ཆེན་ཡོངས་སུ་ཆར་འབྲིང་ཙམ་ནས་ཆར་ཆེན་པོ་འབབ་རྒྱུ་རེད། དེའི་ནང་ཟི་ལིང་ལྷོ་རྒྱུད་དང་མཚོ་ཤར་ལྷོ་རྒྱུད། མཚོ་བྱང་བྱང་རྒྱུད། མཚོ་ནུབ་ཤར་རྒྱུད། མཚོ་ནུབ་ལྷོ་རྒྱུད། མཚོ་ལྷོ་ལྷོ་རྒྱུད། མགོ་ལོག་བྱང་རྒྱུད་བཅས་ཀྱི་ཤང་དང་གྲོང་རྡལ་ཁ་ཤས་ལ་དྲག་ཆར་འབབ་རྒྱུ་ཡིན་པ་དང་། རིམ་རྩིས་བྱས་ན་ཆར་ཆུ་འབབ་ཚད་ཧའོ་སྨི50ནས70བར་དང་། ས་ཆ་ཁ་ཤས་སུ་ཆར་ཆུ་འབབ་ཚད་ཧའོ་སྨི80ནས100བར་ཟིན་རྒྱུ་རེད། ཆར་ཆུ་འབབ་ཚད་ཆུ་ཚོད་རེར་ཧའོ་སྨི30ནས40བར་ཟིན་རྒྱུ་ཡིན་པ་དང་དེའི་ཁྲོད་དུ་དུས་ཡུན་ཐུང་བའི་ཆར་ཆུ་དྲག་པོ་འབབ་པ་དང་། དྲག་ཆར་རླུང་ཆེན་དབྱིགས་པ། སེར་བ་སོགས་གཏད་རྒྱུག་གི་གནམ་གཤིས་འབྱུང་ངེས།

བྱེ་བྲག་གི་སྔོན་བརྡ་ལྟར་ན། ཟླ7པའི་ཚེས23ཉིན་མཚོ་ནུབ་ནུབ་རྒྱུད་དུ་གནམ་ཐང་བའམ་སྤྲིན་མང་བ། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ཏུ་ཆར་ཆར་འབབ་པའམ་ཡང་ན་དྲག་ཆར་འབབ་རྒྱུ་དང་། དེའི་ནང་མཚོ་ནུབ་ཤར་རྒྱུད་དང་། མཚོ་ལྷོའི་ལྷོ་རྒྱུད། རྨ་ལྷོ། མགོ་ལོག་དབུས་ལྷོ་རྒྱུད། ཡུས་ཧྲུའུ་ཤར་རྒྱུད་དང་དེ་བཞིན་གཏེར་ལེན་ཁ་གྲོང་ཁྱེར་དང་ཐེམ་ཆེན། རྐང་ཚ། གུང་ཧོ། རྫ་སྟོད་བཅས་ཀྱི་ཤང་དང་གྲོང་རྡལ་ཁ་ཤས་ལ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་རེད།

གནམ་གཤིས་ཆེད་མཁས་པས་སྤྱི་དམངས་ཕྱིར་སྐྱོད་སྐབས་ཆར་ཆས་འཁྱེར་དགོས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་ཆར་ཆུ་འབྲིང་ཆུང་གི་ཆུ་ལོག་དང་རི་ཉིལ་བ། འདམ་རྡོའི་ཆུ་རུད་སོགས་ཞོར་ཐོན་གནོད་འཚེ་ལ་དོ་ཁུར་བྱེད་དགོས་པ་དང་། ཞིང་ལས་ཁུལ་གྱིས་གློག་འཁྱུག་ཐོག་རྒྱག་དང་སེར་བ་སོགས་གཏད་རྒྱུག་དྲག་པོའི་གནམ་གཤིས་ཀྱི་ཤུགས་རྐྱེན་ངན་པར་དོ་ཁུར་བྱེད་དགོས་པར་དྲན་སྐུལ་བྱས། །

热门新闻

热门图库

热门排行