གཙོ་གནད།2 详情

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཞིང་ལས་ཞིང་སྡེ་པུའུ་ཡི་པུའུ་ཀྲང་གཞོན་པ་ཝུའུ་ཧུང་ཡའོ་འཁོར་དང་བཅས་པར་བཞུགས་མོལ་གནང་།

2024-07-09 09:29:05 来源: 作者: 编辑:超级管理员

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཞིང་ལས་ཞིང་སྡེ་པུའུ་ཡི་པུའུ་ཀྲང་གཞོན་པ་ཝུའུ་ཧུང་ཡའོ་འཁོར་དང་བཅས་པར་བཞུགས་མོལ་གནང་། 

ཉེ་སྔོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཟི་ལིང་དུ་མཚོ་སྔོན་དུ་རྒྱལ་ཡོངས་ཤར་ནུབ་རྒྱུད་མཉམ་ལས་དང་ཀྲུང་དབྱང་ལས་ཁུངས་ཀྱི་དམིགས་འཛུགས་རོགས་སྐྱོར་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ལ་ཞུགས་པའི་ཞིང་ལས་ཞིང་སྡེ་པུའུ་ཡི་ཏང་ཙུའུ་ཁོངས་མི། པུའུ་ཀྲང་གཞོན་པ་ཝུའུ་ཧུང་ཡའོ་འཁོར་དང་བཅས་པར་བཞུགས་མོལ་གནང་།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ཞིང་ལས་ཞིང་སྡེ་པུའུ་ཡིས་མཚོ་སྔོན་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས། ཁོང་གཉིས་ཀྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་མཚོ་སྔོན་དུ་ཕེབས་ནས་རྟོག་ཞིབ་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་ཞིང་། དེས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་པ་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད། འདས་པའི་ལོ་ངོ་གཅིག་གི་རིང་། ཞིང་ལས་ཞིང་སྡེ་པུའུ་ཡི་མཛུབ་སྟོན་ནུས་ལྡན་དང་།  མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་མཉམ་ལས་ཞིང་ཆེན་གྱི་བྱམས་བརྩེའི་རོགས་རམ་འོག་ཏུ།  མཚོ་སྔོན་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བ་དེ་གོ་གནས་གཙོ་བོར་བཞག་ནས་དམ་འཛིན་བྱས་ཏེ། སྟོབས་ཤུགས་གཅིག་སྡུད་སྒོས་བྱ་བ་སྣ་ཚོགས་ལེགས་པོར་སྒྲུབ་ཡོད། ད་ལོ་ང་ཚོས་རྣམ་པ་གསར་སྒྱུར་བྱས་ནས་ཡང་བསྐྱར་ལམ་ལ་ཆས་པ་དང་། ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་ཞིང་། ངར་ཤུགས་བསྐྱེད་པ་དང་། སྤྱོད་གོ་ཆོད་པའི་ཉམས་མྱོང་དང་བྱེད་ཐབས་བེད་སྤྱོད་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཉམས་ཞན་ཁུལ་ལ་དམིགས་ཏེ་མི་འདང་ས་དང་ཞན་སར་ཁ་གསབ་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བ་སྣ་ཚོགས་ལེགས་པོར་བསྒྲུབ་ཅིང་། ཞིང་ལས་ཞིང་སྡེ་པུའུ་ཡིས་མུ་མཐུད་དུ་མཛུབ་སྟོན་བྱས་ནས། མཚོ་སྔོན་གྱིས་བྱ་བ་སྒྱུར་བཅོས་དང་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་བར་རོགས་རམ་བྱེད་རྒྱུའི་རེ་བ་བྱེད་ཀྱིན་ཡོད་ཟེར། 

ཝུའུ་ཧུང་ཡའོ་ཡིས་མཚོ་སྔོན་གྱི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཤིང་། ཞིང་ཆེན་གོང་འོག་ཡོངས་ཀྱིས་མཉམ་འཛིན་གཅིག་འདོམས་བྱས་པ་བརྒྱུད་དེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བར་ཐོད་བརྒལ་གསར་བ་བྱུང་བ་དང་། གོ་རིམ་རྗེས་མའི་བྱ་བ་ལེགས་པོར་བསྒྲུབ་པོར་རྨང་གཞི་བརྟན་པོ་བཏིང་། མཚོ་སྔོན་གྱིས་སྔར་ལས་ཞིབ་ཚགས་དང་ནན་ཏན་སྒོས་བྱ་བ་བསྒྲུབ་པ་དང་། རྒྱུན་མཐུད་སྒོས་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་དམ་འཛིན་བྱེད་ཅིང་། འགན་སྲུང་གསུམ་དང་བཏུང་ཆུའི་བདེ་འཇགས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཐོན་ལས་དང་ལས་ཞུགས་ཀྱི་རོགས་སྐྱོར་ལ་ཤུགས་སྣོན་པ་དང་། གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་འགྱུར་བའི་གནས་ཚུལ་མི་འབྱུང་བའི་ཚད་མཐའ་བརྟན་པོར་སྲུང་སྟེ། འཕེལ་ཕྱོགས་བཟང་པོ་རྒྱུན་སྐྱོང་བ་དང་། སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བར་གྲུབ་འབྲས་བཟང་པོ་ལེན་པར་སྐུལ་འདེད་གཏོང་བའི་རེ་བ་བྱེད་ཀྱིན་ཡོད་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲུང་གཞོན་པ་ཚེ་རིང་ཐར་བཞུགས་མོལ་ལ་ཞུགས།


热门新闻

热门图库

热门排行