སྒྲོན་བརྙན། 详情

མཚོ་སྔོན་པོ་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟའི་འགྲན་བསྡུར་སྐབས་ཉེར་གསུམ་པ་གཟབ་རྒྱས་ངང་མགོ་བརྩམས།

2024-07-09 09:28:12 来源: 作者: 编辑:超级管理员

      ཟླ7པའི་ཚེས6ཉིན་གྱི་སྔ་དྲོར། 2024ལོའི་ཀྲུང་གོའི་བཟོ་ཚོང་དངུལ་ཁང་རྟགས་མའི་མཚོ་སྔོན་པོ་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟའི་འགྲན་བསྡུར་སྐབས་ཉེར་གསུམ་པ་དེ་མཚོ་སྔོན་ལུས་རྩལ་ལྟེ་གནས་སུ་གཟབ་རྒྱས་ངང་མགོ་བརྩམས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མགོ་བརྩམས་པ་ཁྱབ་སྒྲོག་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཤིས་ཚིག་ཕུལ།

ཞིང་ཆེན་གྱི་མགོ་ཁྲིད་ཝང་ཝེ་ཏུང་དང་ལིའུ་ཐུང་ཏི། ཧི་ལུའུ་ཁྲུན། ཝང་ཧེ་ཧུང་། ཝང་ཀྲིན་ཁྲང་། རྣམ་རྒྱལ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ལྕགས་རྟའི་གྲི་རྩལ་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རིན་སུང་ཝེ་མེན། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་གི་ན་གཞོན་ལུས་རྩལ་ལེ་ཚན་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་མཱ་ཀྲིན། ཀྲུང་གོ་བཟོ་ཚོང་དངུལ་ཁང་སྤྱི་ཁྱབ་དངུལ་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཀྲིན་མའེ་བཅས་མགོ་རྩོམ་མཛད་སྒོར་ཞུགས།

图片

ཝུའུ་ཞའོ་ཅུན་གྱིས་ཤིས་ཚིག་འབུལ་སྐབས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ས་ཡ་དྲུག་གི་ཚབ་བྱས་ནས། ལྟད་མོ་བ་དང་ལུས་རྩལ་པ། རྩལ་ཁྲིད་པ། ཤན་འབྱེད་པ་དང་། གསར་འགྱུར་ལས་རིགས་ཀྱི་གྲོགས་པོ་བཅས་ལ་དགའ་བསུ་ཞུས་ཤིང་། རྒྱལ་སྤྱིའི་ལྕགས་རྟའི་མནའ་འབྲེལ་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་དང་། སྤྱི་ཚོགས་ལས་རིགས་སོ་སོ་བཅས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་ལ་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ལོ་ངོ་ཉེར་གསུམ་གྱི་རིང་། མཚོ་སྐོར་འགྲན་བསྡུར་གྱིས་ཐོག་མཐའ་བར་གསུམ་དུ་ལྗང་མདོག་དང་། མི་གཞུང་། འཆམ་མཐུན། ཉམས་ལེན་བཅས་ཀྱི་བརྗོད་དོན་གཞིར་བཟུང་སྟེ། སྔར་ལས་མགྱོགས་པ་དང་། སྔར་ལས་མཐོ་བ། སྔར་ལས་ངར་ཤུགས་ལྡན་པ་བཅས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཤིང་། ཆེད་ལས་ཅན་དང་། ཁྲོམ་ར་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ངེས་གནས་རྒྱུན་འཁྱོངས་བྱས་པ་དང་། ལུས་རྩལ་འགྲན་བསྡུར་གྱི་ཐོད་བརྒལ་བྱེད་ཕོད་པའི་རིན་ཐང་གི་འཚོལ་སྙེག་བརྒྱུད་སྒྲོག་བྱས་ལ། མཐོ་སྒང་གི་བུ་བུ་མོའི་མདུན་བསྐྱོད་སྤོབས་པའི་དུས་རབས་ཀྱི་རྣམ་པ་མངོན་ཞིང་། མིང་གྲགས་དང་མཚན་སྙན་གྲགས་ཇེ་ཆེར་སོང་བ་དང་། ཤུགས་རྐྱེན་ཐེབས་ཚད་དང་བརྒྱུད་སྒྲོག་བྱེད་ཚད་ཉིན་རེར་རྒྱ་ཁྱབ་ཏུ་ཕྱིན་ཏེ། འཛམ་གླིང་གཞུང་ལམ་ལྕགས་རྟའི་འགྲན་བསྡུར་གྱི་ཚོང་རྟགས་གྲགས་ཅན་ཏུ་གྱུར་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ལུས་རྩལ་འགྲན་བསྡུར་དང་སྐྱེ་ཁམས་སྲུང་སྐྱོབ། རིག་གནས་ཡུལ་སྐོར། བརྗེ་རེས་མཉམ་ལས་བཅས་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་སྟེ། ཧུར་ཐག་སྒོས་མཚོ་སྐོར་ལྕགས་རྟའི་འགྲན་བསྡུར་དེ་མཐོ་ཚད་གསར་བར་སླེབས་པར་བྱེད་པ་དང་དོན་སྤྱི་གསར་བ་སྦྱིན་དགོས། འགྲན་བསྡུར་ལ་བརྟེན་ནས། ཚང་མར་རི་ཆུའི་འབྱུང་ཁུངས་དང་རབ་མཛེས་མཚོ་སྔོན་གྱི་སྒེག་ཉམས་ཚོར་དུ་བཅུག་སྟེ། མཉམ་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དབྱར་གཞུང་གི་རྨི་ལམ་ལ་སྙེག་དགོས།  འགྲན་བསྡུར་བརྒྱུད་དེ། ཚང་མར་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་བྱེད་པའི་འཕེལ་རྒྱས་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་བཅུག་ནས།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་བ་སྣོན་དགོས། འགྲན་བསྡུར་ལ་བརྟེན་ནས། ཚང་མར་ལྕགས་རྟའི་ལུས་རྩལ་གྱི་འགྲོས་ཚད་དང་ངར་སེམས་ཉམས་ལེན་བྱེད་དུ་འཇུག་ཅིང་། ལུས་རྩལ་གྱི་ཚོགས་འདུ་གཟབ་རྒྱས་དང་མི་དམངས་ཀྱི་དུས་ཆེན་གྱི་སྣང་ཚུལ་མཉམ་དུ་བསྐྲུན་དགོས། ཚང་མས་ལྗང་མདོག་ཐཱན་ཉུང་གི་ལུས་རྩལ་བྱ་འགུལ་བརྒྱུད་ནས། རང་བྱུང་སྐྱེ་ཁམས་དང་འདྲེས་པར་བྱེད་པ་དང་། མཐོ་སྒང་གི་རིག་གནས་རྒྱུས་ལོན་བྱེད་ཅིང་། ལུས་རྩལ་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་ཟེར།

图片

མགོ་རྩོམ་མཛད་སྒོའི་སྟེང་རྒྱལ་སྤྱིའི་ལྕགས་རྟའི་མནའ་འབྲེལ་གྱི་ཀྲུའུ་ཞི་ཏཱ་ཝེ་ལཱ་ཕཱ་ཏིས་ཨཱན་གྱི་རྟེན་འབྲེལ་ཤིས་ཚིག་སྒྲོག་འདོན་བྱས། ཁོས་བཤད་རྒྱུར། ལོ་ངོ་ཉི་ཤུ་ལྷག་གི་རིང་། མཚོ་སྔོན་པོ་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟའི་འགྲན་བསྡུར་གྱིས་ཀྲུང་གོའི་མཚོ་སྔོན་གྱི་རབ་མཛེས་ལམ་ཐིག་བརྒྱུད་དགོས་པས་ལྕགས་རྟའི་འགྲན་ཞུགས་པ་དང་ལྟད་མོ་བར་རེ་སྒུག་དང་སྤྲོ་བས་ཁེངས་ཡོད་ཅིང་། འགྲན་བསྡུར་བདེ་བླག་ངང་བསྡུས་པ་དང་རྣམ་པ་ཧ་ཅང་ལེགས་པར་བརྟེན། རྒྱལ་སྤྱིའི་ལྕགས་རྟའི་འགྲན་བསྡུར་མནའ་འབྲེལ་ལས་རིགས་ཀྱི་མུ་འབྲེལ་འགྲན་བསྡུར་གྱི་འགྲན་བསྡུར་གཙོ་བོ་ཞིག་ཏུ་གྱུར་ཡོད། སྲོལ་རྒྱུན་གྱི་ལ་མགོར་འགོ་བའི་རིགས་ཀྱི་ལྕགས་རྟའི་འགྲན་བསྡུར་ཞིག་ཡིན་པའི་ཆ་ནས། ཐེངས་འདིའི་འགྲན་ཞུགས་པ་རྣམས་མཚོ་འཕང་སུམ་སྟོང་དགུ་བརྒྱ་དྲུག་ལྷག་གི་མཐོ་ཚད་ལ་འགོ་དགོས་ཤིང་། དེ་འགྲན་ཞུགས་པ་ཚང་མར་མཚོན་ནས་བཤད་ན་འགྲན་རྩོད་ཆེན་པོ་ཞིག་ཡིན་པ་སྨོས་མ་དགོས་ཏེ། ལྟད་མོ་རྣམས་ཀྱིས་ལྕགས་རྟའི་འགྲན་བསྡུར་གྱི་ལྟད་མོ་གྱ་ནོམ་པ་ཞིག་མྱོང་རོལ་བྱེད་ཐུབ་ངེས་རེད་ཟེར།

མགོ་རྩོམ་མཛད་སྒོའི་སྟེང་། གླིང་ཆེན་བཞིའི་རྒྱལ་ཁབ་བཅུ་གསུམ་དང་། ལྕགས་རྟའི་རུ་ཁག་ཉེར་གཉིས་ཀྱི་འཐུས་ཚབ་པ་རྣམས་ཀྱིས་ལྕགས་རྟ་ཞོན་ནས་སྟེགས་བུའི་སྟེང་བུད་པ་དང་། ཡུལ་དངོས་ནས་འབོད་སྒྲ་ལྷང་ལྷང་སྒྲོག་གིན་འདུག ལུས་རྩལ་བའི་འཐུས་ཚབ་པ་དང་ཤན་འབྱེད་པའི་འཐུས་ཚབ་པས་དམ་བཅའ་བཞག་པ་དང་། དེའི་རྗེས་སུ་རིག་རྩལ་གྱི་ལྟད་མོ་ངོ་མཚར་བ་ཞིག་འཁྲབ་སྟོན་བྱས།


热门新闻

热门图库

热门排行