སྒྲོན་བརྙན། 详情

ངལ་རྩོལ་གྱི་ལག་ཟུང་གིས་བསྐྲུན་པའི་བདེ་སྐྱིད་ཀྱི་འཚོ་བ།

2024-07-04 10:01:46 来源: 作者: 编辑:超级管理员

ཉེ་བའི་ལོ་འགའི་རིང་ལ།ཀོས་ནན་རྫོང་ཐར་ཤུལ་སྡེ་བས་ལྷད་མེད་ཁྱད་ལྡན་གྱི་ཐོན་རྫས་གསར་གཏོད་བྱ་རྒྱུ་དེ་འཕེལ་རྒྱས་ཀྱི་ཐབས་ལམ་དུ་བཟུང་སྟེ།འབྲོག་པ་མང་ཚོགས་ཕྱུགས་རིགས་གསོ་སྤེལ་གྱི་ཕྱོགས་ལ་སྣེ་ཁྲིད་བྱས་པ་དང་། སྐྱེ་ལྡན་ཕྱུགས་ར་འཕེལ་རྒྱས་སུ་གཏོང་བར་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོང་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་འབད་དེ་ཁེ་ཕན་གཉིས་ལྡན་གྱི་རྣམ་པ་མངོན་པར་བྱས་ཡོད།

ཀོས་ནན་ནོར་ནག་གསོ་སྤེལ་ཚད་ཡོད་ཀུང་ཟིས་ཁྱིམ་ཚང་གི་ཕྱུགས་རར་བརྟེན་ནས་ཉེ་འཁོར་གྱི་འབྲོག་པ་མང་ཚོགས་དང་གྲོས་མཐུན་གན་རྒྱ་བཞག་ནས།སྡེ་མིར་ཡོང་སྒོ་འཚོལ་བའི་ལམ་ཁ་གསར་པར་ཞིག་འཚོལ་བསྙེགས་བྱས།ཀུང་ཟི་འདིས་མཐའ་འཁོར་གྱི་སྡེ་བ8ཀྱི་ནོར་ནག་གསོ་སྤེལ་ཁྱིམ་ཚང150ལ་འོ་མ་ཉོ་སྒྲུབ་ཀྱི་གྲོས་མཐུན་གན་རྒྱ་བཞག་སྟེ་མཚོ་སྔོན་གངས་རིའི་འོ་ལས་ཚད་ཡོད་འགན་འཁྲི་ཀུང་ཟིར་མཁོ་འདོན་བྱེད་བཞིན་ཡོད་པ་རེད།རྒྱུས་ལོན་བྱས་པ་ལྟར་ན།ཟླ་རེར་འོ་མ་ཏུན60ལྷག་བཙོང་ཐུབ་པས། མཐའ་འཁོར་གྱི་ནོར་ནག་གསོ་སྤེལ་ཁྱིམ་ཚང་གི་འོ་མ་དུས་ལྟར་བཙོང་ཐུབ་པར་ཁག་ཐེག་བྱས་ཡོད་ལ།ཞིམ་མངར་ལྡན་ལ་འཚོ་བཅུད་ཡོད་པའི་སྲོལ་རྒྱུན་གྱི་ལག་ཤེས་འོ་ཕྱུར་བཟོས་ནས་ཡུལ་དེ་གའི་ཡིད་རྟོན་འོ་མའི་རྟེན་གཞིའི་སྤུས་རྟགས་བསྐྲུན་ཏེ་འབྲོག་པ་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཡང་ཐག་གཅོད་བྱས་པ་རེད།

热门新闻

热门图库

热门排行