སྲིད་དོན། 详情

ལིས་ཀང་གིས་ལས་གཞི་གཙོ་བོའི་འཛུགས་སྐྲུན་ལ་རྟོག་ཞིབ་གནང་བ།

2024-07-04 10:00:57 来源: 作者: 编辑:超级管理员

རང་ཚགས་པར་གྱི་འཕྲིན། ཟླ6པའི་ཚེས25ཉིན།ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་ལས་གཞི་གཙོ་བོའི་འཛུགས་སྐྲུན་ཕྱོགས་ལ་རྟོག་ཞིབ་དང་མཛུབ་ཁྲིད་བྱ་ཆེད།སྔ་རྗེས་སུ་ཞུང་ཅ་སྟོང་ཧྥུའུ750གློག་སྒྱུར་ས་ཚིགས་དང་དཀར་མོ་གཡས་འཁྱིལ་ཆུ་གློག་ས་ཚིགས། ནུས་ཁུངས་གཙང་མའི་ལས་གཞི་བཞི་འཛུགས་སྐྲུན་བྱེད་པའི་ཡུལ་དངོས་སུ་སོང་སྟེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དྲིལ་སྒྲོག་བྱས་པ་དང་ལས་གཞི་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་གནས་པའི་དཀའ་ངལ་ལ་རྒྱུས་ལོན་དང་དབྱེ་ཞིབ་ཞིབ་འཇུག་བྱས་ཏེ་བྱ་བར་བླང་བྱ་བཏོན།

ལིས་ཀང་གིས་ནུས་ཁུངས་གཙང་མ་ནི་མཚོ་ལྷོའི་ཐོན་ལས་གཙོ་བོ་ཡིན་པ་དང་ང་ཚོའི་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་སུ་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཀྱང་ཡིན། དེའི་ཡོང་འབབ་ཀྱིས་ཁུལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཀྱི60%དང་གཏན་འཇགས་རྒྱུ་ནོར་མ་དངུལ་གྱི70%དང་།བཟོ་ལས་རིན་སྒོར་འཕར་ཚད་ཀྱི80%དང་གཞི་ཁྱོན་ཅན་གྱི་བཟོ་ལས་རིན་སྒོར་འཕར་ཚད་ཀྱི90%ཟིན་ཡོད་ལ།ནུས་ཁུངས་གཙང་མའི་ཐོན་ལས་གསར་པའི་འཕེལ་རྒྱས་ཀྱིས་སྲོལ་རྒྱུན་གྱི་ཕྱུགས་ལས་ལ་བརྟེན་པའི་ཁ་ཕྱོགས་བསྒྱུར་ཡོད་པས།རང་རྟོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཙོར་འཛིན་པ་དང་།ས་གནས་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་བྱེད་པའི་བླང་བྱ་གལ་ཆེན་ལ་དམིགས་ནས།གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་།སྲིད་ཁེ་གཉིས་ཀྱི་ནུས་ཤུགས་མཉམ་འདོན་གྱིས་ཞབས་ཞུ་ལེགས་པོར་བསྒྲུབ་པ་དང་ཐོན་སྐྱེད་ཀྱི་བདེ་འཇགས་དམ་སྲུང་གིས་ནུས་ཁུངས་གཙང་མའི་ལས་གཞི་གཙོ་བོ་དག་བདེ་བླག་ངང་སྤེལ་ཐུབ་པར་འགན་ལེན་ནན་མོ་བྱ་དགོས། གློག་དྲའི་ཟུར་དང་གློག་ཁུངས་གཞོགས་ཀྱི་ཁེ་ལས་ཀྱིས་གྲོས་དོན་གཅིག་མཐུན་གྱི་ཕྱོགས་ལ་ཤུགས་སྣོན་བརྒྱབ་ནས་གློག་དྲ་དང་གློག་ཁུངས་འཛུགས་སྐྲུན་གྱི་ཆ་སྦྱོར་གོ་རིམ་ལ་དོ་སྣང་བྱས་ཏེ་བསྐྲུན་ཟིན་པའི་ནུས་ཁུངས་གསར་པའི་ལས་གཞི་དུས་ལྟར་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱ་དགོས།ནུས་ཁུངས་གསར་པའི་ཁེ་ལས་ཀྱིས་ས་གནས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མཐོར་གཏོང་པའི་ཕྱོགས་ལ་ཤུགས་སྣོན་དགོས་པ་ཞེས་ནན་གྱིས་བསྟན།

ཕྱི་དྲོར། ལིས་ཀང་གིས་དཀར་མོ་གཡས་འཁྱིལ་ཆུ་གློག་ས་ཚིགས་སུ་བཞུགས་མོལ་ཚོགས་འདུས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཟླ6པའི་ཚེས20ཉིན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་གཙོ་བོ། ལས་བགོས་འགན་གཉེར་མགོ་ཁྲིད་ཀྱི་འབྲེལ་ཡོད་མཆན་བཀོད་མཛུབ་སྟོན་དགོངས་དོན་བཅས་བརྒྱུད་སྒྲོག་བྱས་ལ། ཁུལ་རིམ་པའི་ལས་བགོས་འགན་གཉེར་མགོ་ཁྲིད་དང་རྨ་ཆུའི་ཀུང་ཟི།ཞིན་ཧེ་རྫོང་དང་ཁུལ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་།ཁུལ་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་།ཁུལ་རང་བྱུང་ཐོན་ཁུངས་ཅུའུ་བཅས་ཀྱིས་ཕུལ་བའི་བྱ་བའི་སྙན་ཞུར་ཉན་པ་དང་འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས་པ་རེད།

ལིས་ཀང་གིས་དཀར་མོ་གཡང་འཁྱིལ་ཆུ་གློག་ས་ཚིགས་ནི་རང་ཁུལ་གྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་བསྐྲུན་པའི་ལས་གཞི་གལ་ཆེན་ཞིག་ཡིན་ལ།ཆུ་མཛོད་ཁུལ་གྱི་ཡུལ་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བསྒྱུར་བྱེད་པའི་དམངས་ཚིས་ལས་གཞི་ཞིག་ཀྱང་ཡིན་པས།དུས་ལྟར་དཀར་མོ་གཡས་འཁྱིལ་ཆུ་གློག་ས་ཚིགས་སུ་ཆུ་སྐྱིལ་ཏེ་ཐོག་མའི་འཕྲུལ་ཆོས་ཀྱིས་གློག་འདོན་ཐུབ་རྒྱུ་ནི་མིག་སྔའི་ལས་འགན་གལ་ཆེན་དེ་ཡིན།ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་དང་ཞིང་ཆེན་གྱི་འབྲེལ་ཡོད་ཐིན་གྱི་མཛུབ་སྟོན་འོགཁུལ་དང་རྫོང་།ཤང་བཅས་རིམ་པ་གསུམ་དང་རྨ་ཆུའི་ཀུང་ཟི་བཅས་ཀྱིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ་ཆུ་གློག་ས་ཚིགས་འཛུགས་སྐྲུན་དང་ཡུལ་མི་གནས་སྤོར་སོགས་ལས་འགན་གཙོ་བོ་ལེགས་འགྲུབ་བྱུང་ཡོད་མོད།ཆུ་མཛོད་སྐྱིལ་བའི་སྔོན་གྱི་བྱ་བ་དང་ཞིན་ཧེ་རྫོང་ཐང་ནག་ཤང་གི་སྡེ་བ་གསུམ་འདུས་སྡོད།ཨ་ཚོགས་དགོན་པ་བསྐྱར་བཞེངས།རྗེས་མའི་ཐོན་ལས་འཕེལ་རྒྱས་སོགས་ཀྱི་བྱ་བ་སྔར་བཞིན་རྙོག་འཛིང་ཆེ་བས།ངེས་པར་དུ་ནུས་ཤུགས་ཆེན་པོ་འདོན་པ་དང་དཀའ་ངལ་ལ་མི་འཛེམ་པར་བྱ་བ་སོ་སོ་དམ་འཛིན་ཡག་པོ་བྱ་དགོས་ཏེ།གཅིག་ནས་རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་བརྒྱབ་ནས་ཁུལ་དང་རྫོང་། ཤང་བཅས་རིམ་པ་གསུམ་དང་རྨ་ཆུའི་ཀུང་ཟི་དང་མཉམ་འབྲེལ་བྱས་ཏེ་འཆར་གཞིའི་ཡི་གེལམ་ཐིག་རི་མོ་དང་འགན་འཁྲི་ཁ་གསལ་བཟོ་དགོས་པར་ནུས་ཤུགས་འདོན་དགོས་པ། གཉིས་ནས་རྨ་ཆུའི་ཀུང་ཟིས་བཏོན་པའི་ཆུ་མཛོད་ཁུལ་གྱི་ས་ཞིང་འགྲོ་ལུགས་ལ་ཞིབ་བཤེར་ཆོག་མཆན་དང་།G572རྒྱལ་ཁབ་རིམ་པའི་དཀར་མོ་གཡང་འཁྱིལ་གྱི་གཞུང་ལམ་བསྐྱར་ལས་བྱེད་པ།སྟོང་ཝ16ཡོད་པའི་འོད་བསྡུ་ལས་གཞིའི་ས་ཆ་བཀོལ་སྤྱོད་གཏོང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་ཀྱིས་མཉམ་དུ་ཞིབ་འཇུག་དང་དབྱེ་ཞིབ་བྱས་ཏེ་ཞིང་ཆེན་གྱི་འབྲེལ་ཡོད་ཐིན་དང་འབྲེལ་བ་ཡག་པོ་བྱས་ནས་སྲིད་ཇུས་ཀྱི་གཏན་འབེབས་ནང་ལྟར་ཐག་གཅོད་བྱ་དགོས་པ།གསུམ་ནས་ཨ་ཚོགས་དགོན་གནས་སྤོར་བྱ་བ་ལེགས་པོར་བསྒྲུབ་ནས་དགོན་པའི་ཐོན་སྐྱེད་འཚོ་བར་གོ་རིམ་ཡོད་པ་དང་ཆོས་ལུགས་བྱེད་སྒོ་རྒྱུན་ལྡན་ངང་སྤེལ་བར་ཁེག་ཐག་བྱ་དགོས། ཁུལ་གྱི་རང་བྱུང་ཐོན་ཁུངས་ཅུའུ་དང་རྨ་ཆུ་ཀུང་ཟི།ཞིན་ཧེ་རྫོང་བཅས་ཀྱིས་གཅིག་གྱུར་འཆར་འགོད་དང་གྲོས་མཐུན་བྱ་བར་ཤུགས་བརྒྱབ་ནས་གནས་སྤོར་གྱི་བཀོད་སྒྲིག་བྱ་བ་བདེ་བླག་ངང་འགྲུབ་པར་ཁག་ཐེག་བྱ་དགོས།བཞི་ནས་ཐོན་ལས་ལ་རོགས་སྐྱོར་བྱ་རྒྱུར་ཤུགས་བརྒྱབ་ནས་ཐང་ནག་ཤང་གོང་མ། བར་མ།ཞོལ་མ་གསུམ་གྱི་འདུས་སྡོད་ས་གནས་འཛུགས་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ།ཁྱད་ལྡན་གསོ་སྤེལ་རྟེན་གཞི་དང་ལས་ཞུགས་ལག་རྩལ་གསོ་སྦྱོང་སོགས་ལག་བསྟར་ཡག་པོ་བྱེད་པ།སྡེ་བའི་ཐུན་མོང་དཔལ་འབྱོར་སྔར་བས་སྟོབས་ཆེར་བཏང་ནས་འདུས་སྡོད་ས་གནས་ཀྱི་འཛུགས་སྐྲུན་སྔ་མོ་ནས་ལེགས་འགྲུབ་བྱུང་སྟེ་མང་ཚོགས་ཀྱི་ཡོང་འབབ་བརྟན་འཕར་ཡོང་བར་ཁག་ཐེག་བྱ་དགོས་པ་བསྟན།

དགེ་འདུན་རྒྱལ།སུང་ཅོན་ཞཱ།ཀུན་འགྲུབ་ཚེ་རིང་།སུའུ་ཞའོ་ཅུན་ཚོགས་འདུར་ཞུགས་པ་རེད།།


热门新闻

热门图库

热门排行